ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཞི་ཅིན་ཕིང་གིས་APECའགོ་ཁྲིད་པའི་གྲོས་ཚོགས་ཐོག་གསུང་བཤད་གནང་བ།

སྤེལ་དུས 2018-11-19 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། རིན་སྒྲོལ་གྱིས་བསྒྲིགས།

     ཞི་ཅིན་ཕིང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་༢༦ལ་ཞུགས་གནང་བ་མ་ཟད་གསུང་བཤད་གལ་ཆེན་གནང་བ་དང་། འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གསལ་པོ་དང་དཔལ་འབྱོར་གྱི་འཕར་རྩ་ཁོང་དུ་ཆུད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མཉམ་ལས་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་ལ་སླེབས་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།
     ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་༢༦པ་ས་གནས་དེ་གའི་དུས་ཚོད་སྤྱི་ཚེས་༡༨ཉིན་ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་མོར་སི་པི་གྲུ་ཁར་འཚོགས་ཡོད། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ལ་ཞུགས་གནང་བ་མ་ཟད་འགོ་བརྗོད་དུ་དུས་རབས་ཀྱི་གོ་སྐབས་ཁོང་དུ་ཆུད་པ་དང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དར་རྒྱས་མཉམ་དུ་འཚོལ་ཞེས་པའི་གསུང་བཤད་གལ་ཆེན་གནང་བ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཕྱོགས་ཁག་ནས་དཔལ་འབྱོར་འཛམ་གླིང་ཅན་གྱི་འཕེལ་ཕྱོགས་ཆེན་པོ་དང་མཐུན་པ་དང་། ས་ཁོངས་དཔལ་འབྱོར་གཞི་ཅིག་ཅན་ལ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་དམིགས་ཡུལ་རྒྱུན་འཁྱོངས་བྱེད་པ། སྒོ་འབྱེད་རྣམ་པའི་འཛམ་གླིང་དཔལ་འབྱོར་གྱི་ཁ་ཕྱོགས་ཆེན་པོ་གཏོད་རྒྱུ་ཁོང་དུ་ཆུད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མཉམ་ལས་འཕེལ་ཚུལ་རྒྱུན་འཁྱོངས་ཧུར་ཐག་བྱེད་པ་བཅས་བྱས་ཏེ། ཆུ་ཚད་སྔར་བས་མཐོ་བའི་ཕྱོགས་སུ་བརྟན་པོའི་ངང་བསྐྱོད་དགོས་པའི་ནན་བཏོན་གནང་ཡོད། གྲོས་ཚོགས་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་དང་ཚོགས་ཞུགས་འགོ་ཁྲིད་གཞན་དག་རྣམས་རིམ་བཞིན་ཚོགས་རྭར་ཕེབས་པ་དང་། ཕ་ཕུ་ཡ་ཀུའེ་ནེ་ཡ་གསར་པའི་ཙུང་ལི་ཨའོ་ཉི་འར་གྱིས་སྤྲོ་སེམས་འཁོལ་བའི་བསུ་བ་ཞུས་ཡོད།
     ས་གནས་དེ་གའི་དུས་ཚོད་སྔ་དྲོའི་ཆུ་ཚོད་༡༠དང་སྐར་མ་༣༠ཐོག  གྲོས་ཚོགས་འགོ་ཚུགས་ཡོད། ཨའོ་ཉི་འར་གྱིས་གྲོས་ཚོགས་གཙོ་སྐྱོང་གནང་ཡོད། ད་ཐེངས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཀྱི་བརྗོད་དོན་གཙོ་བོ་ནི་ཁོག་ཡངས་རང་བཞིན་གྱི་གོ་སྐབས་ཁོང་དུ་ཆུད་པ་དང་། གྲངས་གཞི་ཅན་གྱི་འབྱུང་འགྱུར་གཏོད་པ་ཞེས་པ་དེ་རེད། ཚོགས་ཞུགས་དཔལ་འབྱོར་མ་ལག་ཁག་གི་འགོ་ཁྲིད་པས་གྲངས་གཞི་ཅན་གྱི་འབྱུང་འགྱུར་དང་འབྲེལ་མཐུད་ཀྱིས་ཁོག་ཡངས་རང་བཞིན་གྱི་འཕར་སྣོན་མངོན་འགྱུར་བྱེད་ཅེས་པ་སོགས་ཀྱི་གྲོས་གཞི་གཙོ་བོར་གཞིགས་ཏེ་གཟིགས་སྟངས་བརྗེ་རེས་གཏིང་ཟབ་གནང་བ་དང་། མཉམ་ལས་ཀྱི་བརྒྱུད་རིམ་ལ་ཕྱིར་དྲན་གནང་བ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མདུན་ལྗོངས་ལ་མཉམ་དུ་གྲོས་བསྡུར་གནང་ཡོད།

     ཞི་ཅིན་ཕིང་གིས་གསུང་བཤད་གནང་སྐབས་ད་ཆའི་འཛམ་གླིང་ནི་གོང་འཕེལ་དང་འཕོ་འགྱུར་མང་བའི་དུས་སྐབས་ཡིན་ཞིང་། ལོ་རྒྱུས་མདུན་སྐྱོད་བྱེད་པའི་ལམ་བཞི་མདོ་ཁར་སླེབས་དུས་འཛམ་གླིང་གི་འཕེལ་ཕྱོགས་ཆེན་པོར་ངོས་འཛིན་གསལ་པོ་དང་དཔལ་འབྱོར་འཕར་རྩ་ཁོང་དུ་ཆུད་པ། འབྱུང་འགྱུར་གྱི་ཁ་ཕྱོགས་གསལ་པོ་བཟོ་བ། དུས་རབས་ཀྱི་བརྗོད་གཞིར་ལན་འདེབས་པ་བཅས་བྱེད་དགོས། དེ་ཡང་གཅིག་ནི། ས་ཁོངས་དཔལ་འབྱོར་གཞི་ཅིག་ཅན་ལ་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་དང་། སྒོ་འབྱེད་རྣམ་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་གཏོད་དགོས། ང་ཚོས་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན་ལ་སྐུལ་འདེད་རྒྱུན་མཐུད་གཏོང་དགོས། རིགས་ཁག་གི་རང་མོས་ཉོ་ཚོང་བཀོད་སྒྲིག་ཐད་ང་ཚོས་སྒོ་འབྱེད་དང་། ཁོག་ཡངས། ཁ་གསལ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཕན་ཚུན་བར་གྱི་མཐུན་སྦྱོར་ལ་སྐུལ་འདེད་བཏང་ནས་མཉམ་འགུལ་བཟང་པོ་མངོན་འགྱུར་ཡོང་བ་བྱེད་དགོས། སྒྲིག་སྲོལ་གྱིས་རྨང་གཞི་བྱས་པའི་ཕྱོགས་མང་ཉོ་ཚོང་སྒྲིག་གཞིར་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། དར་ཆ་གསལ་སྟོན་ངང་སྲུང་སྐྱོབ་རིང་ལུགས་ལ་འགོག་རྒོལ་བྱེད་དགོས། འཛམ་གླིང་ཉོ་ཚོང་རྩ་འཛུགས་ཀྱིས་སྒྱུར་བཅོས་བྱེད་སྐབས་ཕྱོགས་མང་ཉོ་ཚོང་སྒྲིག་གཞིའི་སྲོག་ཤིང་རིན་ཐང་དང་གཞི་རྩའི་རྩ་དོན་རྒྱུན་འཁྱོངས་བྱེད་དགོས། དཔལ་འབྱོར་འཛམ་གླིང་ཅན་དེ་སྔར་ལས་ལྷག་པའི་སྒོ་ནས་སྒོ་འབྱེད་དང་། ཁོག་ཡངས། ཀུན་ཕན། དོ་སྙོམས། མཉམ་རྒྱལ་བཅས་ཀྱི་ཕྱོགས་སུ་གོང་འཕེལ་འགྲོ་རྒྱུར་ཁྲིད་སྟོན་བྱེད་དགོས།
     གཉིས་ནི། གསར་སྐྲུན་གྱི་སྐུལ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་། འཕར་སྣོན་གྱི་སྒུལ་ནུས་གསར་པ་གསོ་སྐྱོང་བྱེད་དགོས། ང་ཚོས་དྲ་སྦྲེལ་དང་གྲངས་གཞིའི་དཔལ་འབྱོར་ལམ་ཐིག་འཆར་འགོད་ཁྱོན་ཡོངས་དང་དོ་སྙོམས་སྒོ་ནས་དོན་འཁྱོལ་བྱེད་པ་དང་། གྲངས་གཞིའི་དཔལ་འབྱོར་འཕར་སྣོན་གྱི་ནུས་པ་སྔོག་འདོན་བྱེད་པ། གྲངས་གཞིའི་རྨང་གཞིའི་སྒྲིག་བཀོད་དང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། གྲངས་གཞིའི་དཔལ་འབྱོར་ཚད་ལ་སླེབས་ཚད་ཤུགས་ཆེར་གཏོང་བ། གྲངས་གཞིའི་ཧེ་བག་ཆུང་དུ་གཏོང་བ་བཅས་བྱས་ནས། གོང་འཕེལ་གྱི་དུས་མཚམས་མི་གཅིག་པར་གནས་པའི་ཁོངས་གཏོགས་ཁག་གིས་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་གྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་དང་། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་མི་དམངས་ལ་གྲངས་གཞིའི་དཔལ་འབྱོར་གོང་འཕེལ་གྱི་ཕན་པ་ཐོབ་པ་བྱེད་དགོས། 

     གསུམ་ནི། མཉམ་འབྲེལ་མཉམ་མཐུད་དྲ་བ་འཐུས་ཚང་དུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཁོག་ཡངས་མཉམ་འགུལ་གོང་འཕེལ་ལ་སྐུལ་འདེད་གཏོང་དགོས། ང་ཚོས་མཉམ་འབྲེལ་མཉམ་མཐུད་ཀྱི་འཆར་འགོད་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། སྤྱི་ལོ་2030ལོའི་རྒྱུན་མཐུད་གོང་འཕེལ་གྲོས་རིམ་གྱིས་སྣེ་ཁྲིད་བྱེད་པ། དངོས་སྒྲུབ་བྱ་ཐབས་དེ་བས་མང་བ་བཟུང་བ་བཅས་བྱས་ནས། གོང་འཕེལ་སྔར་བས་དོ་སྙོམས་དང་འཕར་སྣོན་སྔར་བས་རྒྱུན་མཐུད། གོ་སྐབས་སྔར་བས་འདྲ་མཉམ། སྤྱི་ཚོགས་དེ་བས་ཁོག་ཡངས་བཅས་ཡོང་བ་བྱེད་དགོས། 
     བཞི་ནི། རོགས་པའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལག་གདང་འབྲེལ་ནས་ཐུན་མོང་འགྲན་རྩོད་ལ་ཁ་གཏད་བཅོག་དགོས། ང་ཚོས་ཐུན་མོང་ཐོག་གོང་འཕེལ་ཡོང་རེ་བྱེད་པའི་སྤྱི་པའི་རྨང་གཞི་རྒྱུན་འཁྱོངས་བྱས་ཏེ། ཐུན་མོང་གི་འགྲན་རྩོད་ཐག་གཅོད་བྱེད་པའི་འཚོལ་ཞིབ་བྱེད་དགོས། སྣེ་མང་རང་བཞིན་གྱི་དོན་དངོས་ལ་གཞིགས་པ་དང་། ཕ་རོལ་ཕྱོགས་ཀྱིས་གདམ་ག་བྱས་པའི་གོང་འཕེལ་ལམ་བུར་བརྩི་འཇོག་བྱེད་པ། སྒོ་དབྱེ་དང་ཁོག་ཡངས་ཀྱི་རྨང་གཞིའི་ཐོག་མཉམ་འདྲེས་བྱེད་པ་དང་ཕན་ཚུན་དཔྱད་གཞིར་འཛིན་པ། འགྲན་རྩོད་ཡག་པོ་བྱེད་པ་དང་དུས་མཚུངས་གཉིས་ཕན་མཉམ་ལས་བཅས་བྱས་ཏེ། ཐུན་མོང་ཐོག་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ལས་དབང་གཅིག་མཐུན་མ་ལག་འཛུགས་དགོས་ཞེས་བསྟན་ཡོད་པ་རེད། 
     ཞི་ཅིན་ཕིང་གིས། ད་ལོ་ནི་ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40འཁོར་བའི་ལོ་ཞིག་ཡིན། ཀྲུང་གོས་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུ་དང་། ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་རྒྱུན་འཁྱོངས་བྱེད་པ་དང་། གསར་གཏོད་དང་མཐུན་སྦྱོར། གནོད་མེད། སྒོ་དབྱེ། མཉམ་སྤྱོད་བཅས་ཀྱི་གོང་འཕེལ་འདུ་ཤེས་གསར་པ་ལག་བསྟར་བྱེད་ཀྱི་ཡོད། ཀྲུང་གོའི་དཔལ་འབྱོར་ཡུན་རིང་བརྟན་པོ་དང་ཡག་ཏུ་འགྲོ་བའི་སྤྱིའི་འཕེལ་ཕྱོགས་མུ་མཐུད་ནས་རྒྱུན་འཁྱོངས་བྱ་རྒྱུ་ཡིན། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཕྱོགས་ཁག་དང་གྲངས་གཞིའི་དཔལ་འབྱོར་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ཁེ་ཕན་མཉམ་གནས་བྱེད་ས་དང་དཔལ་འབྱོར་འཕར་སྣོན་བྱེད་ས་དེ་བས་མང་བ་གསོ་སྤེལ་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་ལ་འགུག་ཤུགས་གསར་པ་ཤུགས་ཆེན་སྣོན་འདོད་ཡོད། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཉམ་གྲོས་དང་མཉམ་འཛུགས། མཉམ་སྤྱོད་བཅས་རྒྱུན་འཁྱོངས་བྱེད་པ་དང་། སྤུས་ཚད་མཐོ་བ་དང་ཚད་གཞི་མཐོ་བ། ཆུ་ཚད་མཐོ་བ་བཅས་ཀྱི་ཐོག་ནས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་གོང་འཕེལ་གོ་སྐབས་དེ་བས་ཆེ་བ་སྐྲུན་རྒྱུ་ཡིན་ཞེས་བསྟན་གནང་བ་དང་། ཞི་ཅིན་ཕིང་གིས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་འགོ་ཁྲིད་པར་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྤྱི་ལོ་2020ལོའི་རྗེས་ཀྱི་མཉམ་ལས་འདུན་པ་འཆར་འགོད་ཡག་པོ་བྱ་རྒྱུའི་འགན་འཁྲི་ཡོད། ཀྲུང་གོ་ནི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མཉམ་ལས་དར་སྤེལ་ཧུར་ཐག་གཏོང་མཁན་དང་ལག་བསྟར་བརྟན་པོ་བྱེད་མཁན་ཞིག་ཡིན། ཀྲུང་གོའི་གོང་འཕེལ་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཕྱོགས་ཁག་དང་མཉམ་ལས་དམ་ཟབ་བྱེད་པ་དང་ཁ་བྲལ་ཐབས་མེད་ལ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་གོང་འཕེལ་གྱི་བར་ཁམས་རྒྱ་ཆེར་བཏང་ཡོད། ཀྲུང་གོས་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་མཉམ་ལས་ཀྱི་འཕེལ་རིམ་ནང་ཧུར་ཐག་ཞུགས་པ་དང་། ཕྱོགས་ཁག་དང་དངོས་སྒྲུབ་མཉམ་ལས་གཏིང་ཟབ་བྱས་ནས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་གོང་འཕེལ་དང་དར་རྒྱས་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་ནན་བཤད་གནང་ཡོད་པ་རེད། 

     ཚོགས་ཞུགས་དཔལ་འབྱོར་མ་ལག་གི་འགོ་ཁྲིད་པས། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་གོང་འཕེལ་གྱི་མདུན་ལྗོངས་ཡག་པོ་ཡོད། འོན་ཀྱང་ཉོ་ཚོང་འགོག་རྐྱེན་དང་སྲུང་སྐྱོབ་རིང་ལུགས་ཀྱི་འགྲན་རྩོད་འཕྲད་ཡོད། མིག་སྔའི་གནས་བབ་འོག ཕྱོགས་ཁག་གིས་ཕྱོགས་མང་རིང་ལུགས་དང་ཕྱོགས་མང་ཉོ་ཚོང་མ་ལག་ལ་སྲུང་སྐྱོབ་མཐའ་གཅིག་ཏུ་བྱེད་པ་དང་། སྲུང་སྐྱོང་རིང་ལུགས་ལ་ངོ་རྒོལ་བྱེད་པ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱིས་ཉོ་ཚོང་དང་མ་འཇོག་རང་མོས་ཅན་དང་སྟབས་བདེ་ཅན། དེ་བཞིན་དོ་སྙོམས་དང་གསར་གཏོད། རྒྱུན་མཐུད། ཁོག་ཡངས་བཅས་ཀྱི་འཕར་སྣོན་མངོན་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་མུ་མཐུད་ནུས་པ་གལ་ཆེན་ཐོན་རྒྱུར་རྒྱབ་སྐྱོར་བཅས་བྱས་ཏེ། ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་རང་མོས་ཉོ་ཚོང་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། མཉམ་དུ་གསོན་ཤུགས་ལྡན་པ་དང་སྒོ་དབྱེའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་འཛུགས་སྐྲུན་བྱེད་དགོས། ཕྱོགས་ཁག་གིས་དུས་ཚོད་དམ་འཛིན་ངང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་སྤྱི་ལོ་2020ལོའི་རྗེས་ཀྱི་མཉམ་ལས་བདུན་པ་བཟོ་བ་དང་། དཔལ་འབྱོར་མ་ལག་ཁག་་གྲངས་གཞི་ཅན་དང་གསར་གཏོད་གྲུབ་འབྲས་ཁྱབ་བརྡལ་གཏོང་དགོས་ཞེས་བསྟན་ཡོད་པ་རེད། ཉིན་དེ་གའི་སྔ་དྲོ། ཞི་ཅིན་ཕིང་གིས་ད་དུང་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་སྒྲིག་འཛུགས་ཀྱི་དཔལ་འབྱོར་མ་ལག་གི་འགོ་ཁྲིད་པ་དང་མཉམ་དུ་འཛམ་གླིང་དཔལ་འབྱོར་དུས་བབ་ཀྱི་དངོས་གཞི་མིན་པའི་སྐད་ཆ་ཤོད་རེས་གྲོས་ཚོགས་ལ་ཞུགས་གནང་བ་དང་། རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་སྒྲིག་འཛུགས་ཀྱི་སྤྱི་འདོམས་ལ་ཅ་ཏེས་འཛམ་གླིང་དཔལ་འབྱོར་གྱི་དུས་བབ་ངོ་སྤྲོད་གནང་བ་གསན་ཡོད་པ་རེད།