ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁྲེན་ཆིན་དབྱིན་གྱིས་སི་ཁྲོན་སྤྱི་ཚོགས་རིང་ལུགས་སློབ་གླིང་ནས་བོད་ཀྱི་ལོ་རྒྱུས་ཕྱོགས་ཀྱི་འཆད་ཁྲིད་གནང་བ།

སྤེལ་དུས 2018-11-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། ཚེ་རིང་དོན་གྲུབ།

བོད་རིག་པའི་ཞིབ་འཇུག་མཁས་ཅན་ཁྲེན་ཆིན་དབྱིན་གྱིས་འཆད་ཁྲིད་གནང་བཞིན་པ།
         ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ་11པའི་ཚེས་17ཉིན། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཁྲེན་ཆིན་དབྱིན་ལགས་ཀྱིས་ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང་གིས་གཙོ་སྒྲུབ་གནང་པའི་2018ལོའི་བོད་ཁུལ་གྱི་འཕྲིན་གཏོང་བ་གསོ་སྦྱོང་འཛིན་གྲྭར་བོད་ཀྱི་ལོ་རྒྱུས་རགས་བཤད་ཅེས་པའི་བརྗོད་གཞིའི་ཐད་འཆད་ཁྲིད་གནང་བ་རེད།

འཆད་ཁྲིད་ཀྱི་ཡུལ་དངོས།
          ཁྲིན་ཆིན་དབྱིན་ནི་1941ལོར་སི་ཁྲོན་དུ་སྐྱེས་ཤིང་། 1960ལོར་མཚོ་སྔོན་མི་རིགས་སློབ་གླིང་ནས་བོད་ཡིག་ལ་སློབ་གཉེར་གྱི་འགོ་བརྩམས། ད་ལོའི་ཟླ་5བར། ལྷག་པ་ཕུན་ཚོགས་དང་མཉམ་འབྲེལ་གྱིས་བརྩམས་པའི་《བོད་ཀྱི་དུས་རབས་རིམ་བྱུང་གི་ལོ་རྒྱུས》ཞེས་པར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་གི་ཇོ་མོ་གླང་མའི་བྱ་དགའ་སྐབས་བཞི་པའི་དམིགས་བསལ་བྱ་དགའ་ཐོབ་པ་རེད།
          དུས་ཡུན་ཆུ་ཚོད་གཉིས་ཀྱི་འཆད་ཁྲིད་རིང་། ཁོང་གིས་བོད་ཀྱི་མི་རྒྱུད་ཀྱི་འབྱུང་ཁུངས་དང་བོད་རྒྱལ་སྲོང་བཙན་སྒམ་པོའི་འཁྲུངས་ལོ་སོགས་བཞེད་ཚུལ་མི་འདྲ་བའི་ཐད་རང་གི་དགོངས་ཚུལ་བཏོན་ཡོད་པ་མ་ཟད། བོད་ཀྱི་ལོ་རྒྱུས་ཀྱི་སྤྱི་ཁོག་ཧྲིལ་པོ་ཡར་ཀླུང་རྒྱལ་རབས་འཕེལ་རྒྱས་སུ་ཕྱིན་པ་དང་ཡོན་རྒྱལ་རབས་འཐོར་བ། ཉེ་རབས་ཀྱི་དམངས་གཙོ་བཅོས་སྒྱུར་བྱས་ནས་ད་ལྟའི་བར་བཅས་དུས་མཚམས་གསུམ་དུ་དབྱེ་ནས་དེར“མཐོ་རླབས་གསུམ་”ཞེས་དང་། བོད་ཀྱི་རྒྱལ་རབས་སིལ་མའི་ལོ་ངོ་400དང་། ཆིང་རྒྱལ་རབས་ཀྱི་དུས་མཇུག མིང་རྒྱལ་རབས་ནས་1949ལོའི་བར་བཅས་ལ“དམའ་གཤོང་གཉིས”ཞེས་སུ་དགར་ཡོད་ཅིང་། རྒྱ་བོད་ཀྱི་ལོ་རྒྱུས་འབྲེལ་བའི་ཐད་ལ་ཁོང་གིས་ལྷག་པ་ཕུན་ཚོགས་ཀྱིས་བཏོན་པའི་“བོད་ཀྱི་ལོ་རྒྱུས་ནི་ཀྲུང་གོའི་ལོ་རྒྱུས་དང་འབྲེལ་བ་དམ་པོར་ཡོད་པ་མ་ཟད་རང་རང་གི་ཁྱད་ཆོས་ལྡན”ཞེས་པ་ལུང་དྲངས་ཡོད་པ་རེད། 
          ཐེངས་འདིའི་བོད་ཁུལ་གྱི་འཕྲིན་གཏོང་བ་གསོ་སྦྱོང་བྱེད་པའི་འཛིན་གྲྭའི་ནང་བོད་ཁུལ་གྱི་བརྙན་འཕྲིན་ཁང་དང་དྲ་ཚིགས། ཚགས་པར་དང་དུས་དེབ་གཙོ་གྲས་ཀྱི་རྩོམ་སྒྲིག་པ་དང་གསར་འགོད་པ། རྩོམ་སྒྲིག་འགན་ཁུར་བ་སོགས་མི་གྲངས་50ལྷག་ཞུགས་ཡོད།