ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཀྲན་ཧྲུའུ་ཡིས་ཕུའུ་ཐོ་ཡའི་གྲོས་དཔོན་ལའོ་ཏི་ལི་ཀི་སི་དང་གྲོས་མོལ་མཛད།

སྤེལ་དུས 2018-11-20 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཚེས་བཅུ་དགུའི་ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕུའུ་ཐོ་ཡའི་གྲོས་དཔོན་ལའོ་ཏི་ལི་ཀི་སི་དང་གྲོས་མོལ་མཛད། 
            ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་བཅུ་དགུའི་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཕུའུ་ཐོ་ཡའི་གྲོས་དཔོན་ལའོ་ཏི་ལི་ཀི་སི་དང་གྲོས་མོལ་མཛད། ལི་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཀྲུང་གོ་དང་ཕུའུ་ཐོ་ཡ་གཉིས་ཀྱིས་གཅིག་སྟོང་དགུ་བརྒྱ་དོན་དགུ་ལོར་འབྲེལ་བ་བཙུགས་པའི་ཚུན་ལ། ཕྱོགས་གཉིས་ཀྱི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་བདེ་བླག་དང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་། ལོ་ངོ་བཞི་བཅུ་ལྷག་གི་བརྒྱུད་རིམ་ལ་ཕྱིར་འདང་ཞིག་བརྒྱབ་ན། ཆུ་ཚད་མཐོ་བའི་ཆབ་སྲིད་ཀྱི་ཡིད་ཆེས་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཁྱད་ཆོས་གཙོ་བོ་ཡིན་པ་དང་། སྒོ་འབྱེད་ཀྱི་ཁྲོད་ནས་མཉམ་ལས་རྒྱ་སྐྱེད་པ་དང་མཉམ་ལས་ཀྱི་ཁྲོད་ནས་ཐུན་མོང་གིས་འཕེལ་རྒྱས་སུ་གཏོང་བ་ནི་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ཀྱི་ཉམས་མྱོང་གལ་ཆེན་ཞིག་རེད། ད་སྐབས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཁྱོན་ཡོངས་ནས་གཏན་འཇགས་སུ་སོང་སྟེ་རྣམ་པ་ཀུན་ཏུ་གསོན་ཤུགས་ཀྱིས་ཁེངས་ཡོད་པར་མ་ཟད། ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མདུན་ལྗོངས་རྒྱ་ཆེན་པོ་ལྡན། ཀྲུང་གོ་ཕྱོགས་ཀྱིས་ཕུའུ་ཐོ་ཡ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། མཐོ་རིམ་བར་གྱི་འགྲོ་འོང་འདོན་སྤེལ་བཟང་བོ་བྱེད་པ་དང་། ལྷག་པར་དུ་རྒྱལ་ཁབ་གཉིས་ཀྱི་འགོ་གཙོའི་བར་བྱུང་བའི་ཕྱི་འབྲེལ་ཆབ་སྲིད་ཀྱི་སྣེ་སྟོན་ནུས་པ་མཛུབ་སྟོན་དུ་བཟུང་སྟེ། ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པ་དང་གནད་དོན་གལ་ཆེན་གྱི་ཐད་ནས་མུ་མཐུད་དུ་ཕན་ཚུན་ལ་རྒྱུས་ལོན་དང་རྒྱབ་སྐྱོར་བྱེད་པ་དང་། ཧུར་ཐག་གིས་རྒྱུད་གཅིག་ལམ་གཅིག་མཉམ་བསྐྲུན་བྱེད་པ་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། རྒྱལ་སྤྱིའི་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་དང་མཉམ་ལས་ཇེ་དམ་དུ་བཏང་ནས་ཀྲུང་གོ་དང་ཕུའུ་ཐོ་ཡའི་འབྲེལ་བ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་གཏོང་འདོད་ཡོད་ཟེར། 
            ལི་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ད་ལོ་ནི་ཀྲུང་གོས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་ངོ་བཞི་བཅུ་འགོར་བའི་ལོ་ཡིན་ལ། སྒོ་འབྱེད་ནི་དེང་རབས་ཀྲུང་གོའི་ཆེས་མངོན་གསལ་གྱི་མཚོན་བྱེད་ཞིག་ཏུ་གྱུར་ཡོད། གྲོལ་མ་ཐག་པའི་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པའི་སྟེང་། ཀྲུའུ་ཞི་ཞི་ཅིན་ཕིང་བྱ་འགུལ་རབ་དང་རིམ་པར་ཞུགས་པར་མ་ཟད་གསུངས་བཤད་གལ་ཆེན་གནང་། ཁོང་གིས་འཛམ་གླིང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་དམ་འཛིན་བྱེད་པ་དང་། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་ནུས་ཡོད་ལེགས་བཅོས་འཚོལ་ཞིབ་བྱེད་པའི་ཐད་ལ་སྒོ་འབྱེད་དང་འཕེལ་རྒྱས། བཟོད་སྒོམ། གསར་སྐྲུན།  འཆར་འགོད་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་བཅས་འདོད་བློ་ལྔ་བཏོན་ཏེ། ཀྲུང་གོས་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་པ་དང་མཉམ་དུ་འཛམ་གླིང་གི་རྒྱལ་ཁབ་སོ་སོ་མཉམ་དུ་དར་རྒྱས་གོང་འཕེལ་དུ་འགྲོ་བའི་ཐད་ལ་བྱས་རྗེས་གལ་ཆེན་འཇོག་དགོས་ཞེས་བསྟན། 
            ལའོ་ཏི་ལི་ཀི་སི་ཡིས་བཤད་རྒྱུར། ཕུའ་ཐོ་ཡ་མི་དམངས་ཀྱིས་ཀྲུང་གོ་མི་དམངས་ལ་བརྩེ་བ་ཟབ་མོ་བཅངས་ཡོད། ཕུའུ་ཐོ་ཡ་དང་ཀྲུང་གོའི་སྤྱི་ཚོགས་ལས་རིགས་སོ་སོས་མཉམ་དུ་འབད་བརྩོན་བྱས་པར་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གཏིང་ཟབ་པའི་སྒོ་ནས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། ཆབ་སྲིད་དང་དཔལ་འབྱོར། མི་གཞུང་། རྒྱལ་སྤྱིའི་ལས་དོན་སོགས་ཁྱབ་ཁོངས་ནས་སྔར་ལས་མཉམ་ལས་དམ་ཟབ་བྱས་ཡོད། ཕུའུ་ཐོ་ཡ་གྲོས་ཞུགས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་དང་མཉམ་དུ་བརྗེ་རེས་མཉམ་ལས་བྱེད་པར་སྔར་ལས་ཤུགས་བསྣན་ཏེ། རྒྱལ་ཁབ་གཉིས་ཀྱི་མཛའ་མཐུན་ལས་དོན་མུ་མཐུད་དུ་འཕེལ་རྒྱས་སུ་འགྲོ་བར་གསོན་ཤུགས་གསར་བ་སྣོན་འདོད་ཡོད་ཟེར།