ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མི་རིགས་མང་པོ་མཉམ་འདྲེས་དང་འབྲེལ་འདྲིས་བྱུང་བར་བདེན་དཔང་བྱེད་པའི་ཁམས་ཁུལ་ཆེན་མོ་དཀར་མཛེས།

སྤེལ་དུས 2018-11-21 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ས་གནས་ཀྱི“བླ་སྲོག”ཅིག་ལ་རྒྱུས་ལོན་བྱེད་འདོད་ན་ངེས་པར་དུ་ས་གནས་དེ་གའི་རྟེན་རྫས་བཤམས་མཛོད་ཁང་ལ་བཅར་འདྲི་བྱེད་དགོས་ཏེ། དེ་ནི་ས་གནས་ཀྱི་ལོ་རྒྱུས་རིག་གནས་དང་། སྤྱི་ཚོགས་ཀྱི་ས་ཁམས། ཡུལ་སྲོལ་གོམས་གཤིས་བཤམས་སྟོན་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཡིན། ཟླ11པའི་ཚེས19ཉིན། ཀྲུང་གོའི་བོད་ལྗོངས་དུས་དེབ་ཁང(དུས་དེབ་དང་དྲ་རྒྱ)གི་བོད་རིགས་ས་ཁུལ་གྱི་གསར་འགྱུར་འགོད་མཁན་གསོ་སྦྱོང་འཛིན་གྲྭའི་སློབ་མས་སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་རྟེན་རྫས་བཤམས་མཛོད་ཁང་ལ་ལྟ་སྐོར་བྱས་ཤིང་། འདི་ནི་ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་དེས་ས་གནས་ས་ཐོག་ཏུ་བཅར་འདྲི་བྱས་པའི་གོ་རིམ་གྱི་ས་ཚིགས་ཨང་དང་པོ་ཡིན་ཏེ། ང་ཚོར་དཀའ་མཛེས་བོད་རིགས་རང་སྐྱོང་ཁུལ་ལ་རྒྱུས་ལོན་བྱེད་པའི་སྒོ་མོ་ཕྱེས། 
          རྒྱུས་མངའ་ལོན་ཚུལ་ལྟར་ན། དཀར་མཛེས་ཁུལ་དེ་ཤར་ནུབ་ཕྱོགས་ཀྱི“རྒྱ་བོད་བར་ཁྱམས”དང་ལྷོ་བྱང་ཕྱོགས་ཀྱི“ཆའང་རིགས་དང་། བོད་དབྱིས་རིགས་ཀྱི་བར་ཁྱམས”ཀྱི་འབྲེལ་མཚམས་སུ་གནས་ཤིང་། རྟེན་རྫས་བཤམས་མཛོད་ཁང་ནང་དུ། ལོ་རྒྱུས་ཀྱི་རིག་དངོས་རྩ་ཆེན་འགའ་ཞིག་གིས་ང་ཚོར་ཁམས་པའི་ས་གཞི་ཆེན་མོར་མི་རིགས་མང་པོ་འགྲོ་འོང་དང་མཉམ་འདྲེས་བྱས་པའི་རྟགས་དེ་མངོན་པར་བྱས། 
སྟག་ལྤགས་ཀྱི་སྦྲ་གུར།
          སྤྱི་ལོ1638ལོར། སོག་པོའི་འགོ་པ་གུ་ཤྲི་ཧན་རྒྱལ་དབང་སྐུ་ཕྲེང་ལྔ་པར་མཇལ་ཞིང་། ལི་ཐང་རྫོང་གི་ལོ་རྒྱུས་དང་ལོ་རྒྱུས་ཡིག་ཆ་སྣ་ཚོགས་ནང་བཀོད་པ་ལྟར་ན། སྦྲ་གུར་འདི་ནི་དེའི་སྔོན་གུ་ཤྲི་ཧན་གྱིས་རྒྱལ་དབང་སྐུ་ཕྲེང་ལྔ་པར་ཕུལ་བ་རེད། “སྟག་ལྤགས་ཀྱི་སྦྲ་གུར་ཧྲིལ་བོར་སྟག་ལྤགས་བརྒྱ་ལྷག་བཀོལ་ཞིང་། སྟོད་ཀྱི་ནག་ཐིག་གཉིས་པོ་ནི་དོམ་ནག་གི་པགས་པ་ཡིན་པ་དང་། དོམ་ནག་གིས་བཙིར་བའི་དཀར་པོའི་ཁག་ནི་རྔ་མོང་གི་པགས་པ་ཡིན། སྦྲ་གུར་གྱི་ཐེམ་སྒོའི་གཞོགས་གཉིས་སུ་བཀོལ་བ་ནི་གཟིག་ལྤགས་ཡིན་པ་དང་། མཐའ་བཞིར་ཡང་འགྲོན་བུ་ཁྲི་གཅིག་ལྷག་གིས་ཕྲེང་བ་གྲུབ་ནས་བཀྲ་ཤིས་པའི་རི་མོ་གྲུབ་ཡོད། འདི་ལྟར་སྦྲ་གུར་གཅིག་བཟོ་བའི་འགྲོ་གྲོན་ཧ་ཅང་མཐོ་བས་སྐབས་དེའི་འགྲོན་བུ་ནི་ས་གནས་དེ་གའི་འཁོར་རྒྱུག་གི་དངུལ་ལོ་ཡིན་པར་བསམ་ཚེ། སྦྲ་གུར་ཧྲིལ་བོ་གཅིག་ལ་མཁོ་བའི་འགྲོན་བུ་གཅིག་པུ་ནི་མི་དམངས་ཤོག་སྒོར་དུང་ཕྱུར་གཉིས་ཡིན”ཞེས་རྟེན་རྫས་བཤམས་མཛོད་ཁང་གི་འགྲེལ་བཤད་པས་དེ་ལྟར་ངོ་སྤྲོད་བྱས། 
དར་མདོའི་སྐོར་བྲོ།
          དཀར་མཛེས་ཁུལ་གྱི་ཁུལ་གནས་དར་མདོ(གནའ་རབས་སུ“དར་རྩེ་མདོ་ཞེས་འབོད)ནི་ཁྲོན་བོད་ཇ་རྟའི་ཚོང་ལམ་གྱི་ཚོང་རའི་གནས་འགངས་ཆེན་ཞིག་ཡིན་ཞིང་། དར་མདོའི་སྐོར་བྲོ་ནི་ལྕགས་ལ་རྒྱལ་པོ་ཁོངས་གཏོགས་ཀྱི་ས་གནས་སྟོང་དཔོན་དང་། ས་གནས་བརྒྱ་དཔོན་གྱིས་གནས་འདི་ནས་ལྕགས་ལ་རྒྱལ་པོར་མཇལ་དུས་ཀྱི་འདུག་གནས་དང་དོན་གཅོད་ཁང་ཡིན་པ་དང་། དུས་རབས་འཕེལ་རྒྱས་སུ་ཕྱིན་པ་དང་བསྟུན་ནས་རིམ་བཞིན་འགྲོ་འོང་བྱ་བའི་ཚོང་འགྲུལ་པས་ཚོང་དོན་ངོ་འཕྲད་གྲོས་མོལ་དང་། དངོས་ཟོག་སྤུངས་པ། ཕྱུགས་རིགས་འདོགས་སའི་གནས་ཤིག་ཏུ་གྱུར། སྐོར་བྲོའི་བདག་པོས་ཀྱང་རང་ཉིད་ཀྱི་རྒྱ་བོད་སྐད་ལ་བྱང་ཆ་ལྡན་པའི་ཕན་ལྡན་གྱི་མཐུན་རྐྱེན་བཀོལ་ནས་རྒྱ་བོད་ཉོ་ཚོང་གི་ཚོང་ཁ་འགྲིག་པར་རམ་འདེགས་ཀྱི་སྐུལ་འདེད་བྱ་བའི་ནུས་པ་འདོན་སྤེལ་བྱས། 
          དར་མདོའི་སྐོར་བྲོ་བཙུགས་པ་དེས་ཁམས་བོད་ས་ཁུལ་གྱི་ཚོང་ལས་ཉོ་ཚོང་གི་དར་རྒྱས་དང་གོང་འཕེལ་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་ངེས་ཅན་ཐོན་ཡོད། 
ལྷ་སྒང་དགོན།
          ལྷ་སྒང་དགོན་ནི་དཀར་མཛེས་ཁུལ་གྱི་མིང་དུ་གྲགས་པའི་ས་སྐྱ་པའི་གྲུབ་མཐའི་དགོན་སྡེ་ཞིག་ཡིན་ཞིང་། དེར་ལོ་རྒྱུས་ཡུན་རིང་ལྡན་པས་ཁམས་ཁུལ་གྱི་མཇལ་སྐོར་བྱེད་སའི་གནས་མཆོག་གལ་ཆེན་ཞིག་རེད། 
          དགོན་པའི་ནང་དུ་ཉར་ཚགས་བྱས་པའི་རྒྱལ་བ་ཤཱཀྱ་མུ་ནེའི་སྐུ་བརྙན་ཞིག་ཡོད་པ་དེ་ནི་ལྷ་སའི་གཙུག་ལག་ཁང་གི་ཇོ་བོ་ཤཱཀྱ་མུ་ནེ་དང་ཧ་ཅང་འདྲ་ཞིང་། རྟེན་རྫས་བཤམས་མཛོད་ཁང་གི་འགྲེལ་བཤད་རྒྱག་མཁན་གྱིས་ངོ་སྤྲོད་བྱས་པར་གཞིགས་ན། “ངག་རྒྱུན་དུ་དེ་ནི་རྒྱ་བཟའ་ཀོང་ཇོ་བོད་དུ་སྐྱོད་དུས་ངེས་པར་དུ་བརྒྱུད་དགོས་པའི་ལམ་བུ་ཞིག་ཡིན་པས། ལྷ་སར་འཁྱེར་བའི་ཤཱཀྱ་མུ་ནེའི་སྐུ་ཞིག་བསྐྱར་དཔར་བྱས་ཏེ་དགོན་པའི་ནང་དུ་བཞེངས་སྐྲུན་བྱས་ཏེ་བཞག་པ་རེད”ཅེས་བཤད། དེའི་དབང་གིས་དེ་གཉིས་ཀྱི་བར་དུ་དམིགས་བསལ་གྱི་རྟེན་འབྲེལ་ཞིག་ཡོད་པས། མི་ཉག་ལྷ་སྒང་དགོན་ལ “ཇོ་ཁང་ཆུང་བ”ཞེས་འབོད་སྲོལ་ཀྱང་ཡོད།