ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པས་ཧྲན་ཏུང་ཞིང་ཆེན་དུ་འཚམས་ལན་དང་རྟོག་ཞིབ་སློབ་སྦྱོང་གནང་བ།

སྤེལ་དུས 2018-11-30 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། པ་ཕན་གྱིས་བསྒྱུར།
སེམས་ནུས་ཡོད་རྒུས་ལས་དོན་ཁག་ཡག་པོ་བསྒྲུབས་ནས་འབད་བརྩོན་ཆེན་པོས་དུས་རབས་གསར་པའི་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་དགོས།
ལིའུ་ཅ་དབྱི་དང་ཝུའུ་དབྱིང་ཅེས་གསུང་བཤད་གནང་བ་དང་། ཀུང་ཀྲེང་དང་དབྱང་ཏུང་ཆི་ཞུགས་པ།

          ཟླ་11ཚེས་27དང་ཚེས་28ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་ཧྲན་ཏུང་ཞིང་ཆེན་དུ་འཚམས་ལན་དང་། སློབ་སྦྱོང་། རྟོག་ཞིབ་བཅས་གནང་བ་མ་ཟད། ད་དུང་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་དང་བཞུགས་མོལ་ཚོགས་འདུ་ཡང་འཚོགས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་སྐོར་ལ་ཐུན་མོང་ཐོག་གྲོས་མོལ་གནང་བ་རེད། འདི་ནི་ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པར་གཟིགས་སྐབས་ལུའུ་ཅ་དབྱི་དང་ཝུའུ་དབྱིང་ཅེས་བོད་སྐྱོར་ལས་བྱེད་པ་དང་དེ་བཞིན་ནང་མིའི་འཐུས་མིར་ཁ་བཏགས་གཡོག་ནས་སྨོན་འདུན་བཟང་པོ་ཞུ་བཞིན་པ།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བོད་དང་ནང་སའི་ཞིང་ཆེན་དང་གྲོང་ཁྱེར་དབར་རི་ཀླུང་དུ་མས་ཆོད་རུང་སྤུན་ཟླ་ལྟར་གྱི་མི་རིགས་མཐུན་སྒྲིལ་གྱི་བརྩེ་སེམས་ཟབ་མོས་ཕན་ཚུན་དམ་པོར་སྦྲེལ་ཡོད། ཟླ་11ཚེས་27ཉིན་ནས་ཚེས་28ཉིན་བར་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་འཐུས་མི་ཚོགས་པའི་སྣེ་འཁྲིད་དེ་ཧྲན་ཏུང་ཞིང་ཆེན་དུ་བསྐྱོད་ནས་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཅ་དབྱི་དང་ཧྲན་ཏུང་ཞིང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཧྲེང་ཀྲང་ཀུང་ཀྲེང་སོགས་འགོ་ཁྲིད་བློ་མཐུན་དང་བྱམས་བརྩེའི་ངང་བཞུགས་མོལ་གནང་བ་མ་ཟད། བོད་སྐྱོར་ལས་བྱེད་པ་དང་ཁོང་ཚོའི་ནང་མིའི་འཐུས་མིར་གཟིགས་པ་དང་ཧྲན་ཏུང་ཞིང་ཆེན་གྱི་ཉམས་མྱོང་བཟང་པོ་དང་བྱེད་ཐབས་བཟང་པོར་རྟོག་ཞིབ་སློབ་སྦྱོང་གནང་ཁར་ཧྲན་ཏུང་མི་དམངས་ཀྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་གཞག་ཁག་ལ་སྒེར་སེམས་མེད་པའི་རོགས་སྐྱོར་གནང་བར་ཡང་ཐུགས་རྗེ་ཆེ་ཞུས་པ་རེད།
ཧྲན་ཏུང་ཞིང་ཆེན་གྱི་འགོ་ཁྲིད་དབྱང་ཏུང་ཆི་དང་།ཀྲང་ཅང་ཐིང་། ཝང་ཁོ ཝང་ཆིང་ཤན། ཝང་ཀྲུང་ལིན། ཝང་ཧྲུའུ་ཅན་བཅས་དང་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། ལིའུ་ཅང་། ཝང་ཅུན། ཀྲང་ཡན་ཆིང་། བློ་བཟང་འགྱུར་མེད་བཅས་ཞུགས་ཡོད་པ་རེད།
          བཞུགས་མོལ་ཚོགས་འདུའི་ཐོག་ལིའུ་ཅ་དབྱིས་ཧྲན་ཏུང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ཚབ་ཞུས་ནས་འཐུས་མི་ཚོགས་པ་ཧྲན་ཏུང་དུ་རྟོག་ཞིབ་ཏུ་ཕེབས་པར་སྤྲོ་སེམས་འཁོལ་བའི་ངང་དགའ་བསུ་ཞུས་པ་དང་འབྲེལ་ཉེ་བའི་ལོ་ཤས་རིང་བོད་ཀྱི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལའང་བཀྲ་ཤིས་བདེ་ལེགས་ཞུས་པ་རེད། ཁོང་གིས་བོད་ནི་རང་རྒྱལ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་དང་། སྣོད་བཅུད་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན། འཐབ་ཇུས་ཐོན་ཁུངས་གསོག་འཇོག་གི་རྟེན་གཞི་གལ་ཆེན་བཅས་ཡིན་པ་དང་གནས་བབ་ཧ་ཅང་གལ་ཆེན་བཟུང་ཡོད། ཧྲན་ཏུང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་24སོང་བའི་ནང་ཕན་ཚུན་དབར་བརྩེ་སེམས་ཟབ་མོ་ཆགས་ནས་ཁྱིམ་ཚང་གཅིག་ལྟར་དུ་གྱུར་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་ཁ་གཏད་བོད་སྐྱོར་གྱི་ལས་འགན་ཧྲན་ཏུང་ལ་རྩིས་སྤྲད་པ་དེ་ཐོག་ནས་ཧྲན་ཏུང་ལ་ཡིད་ཆེས་ཆེན་པོ་གནང་བ་ཞིག་རེད་ལ་ང་ཚོའི་ཆབ་སྲིད་ཀྱི་འགན་འཁྲི་དང་། གཟི་བརྗིད་ལྡན་པའི་ལས་འགན། འོས་འགན་གལ་ཆེན་ཞིག་བཅས་རེད།བོད་སྐྱོར་གྱི་ལས་དོན་ཡག་པོ་སྒྲུབ་རྒྱུ་དེ་ནི་ང་ཚོ་རང་ཉིད་ཀྱི་ལས་དོན་ལ་བརྩིས་ནས་ཡག་པོ་སྒྲུབ་དགོས། ཧྲན་ཏུང་གིས་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་ཁ་གཏད་བོད་སྐྱོར་ལས་དོན་དེ“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”བྱེད་ཐུབ་པ་བཅས་ཀྱི་དངོས་ཡོད་ཞིབ་བཤེར་ལ་བརྩིས་ནས། བོད་ཀྱི་ལས་དོན་དང་བོད་སྐྱོར་ལས་དོན་སྐོར་གྱི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་། དེ་བས་ཏན་ཏིག་དང་ནུས་ལྡན་གྱི་བྱེད་ཐབས་སྤྱད་ནས་ཧྲན་ཏུང་དང་བོད་ལྗོངས་ཞིང་ལྗོངས་གཉིས་ཀྱི་སྤེལ་རེས་མཉམ་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་རྒྱུན་ཆད་མེད་པར་སྐས་རིམ་པ་གསར་པར་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས། སློབ་གསོ་དང་། སྨན་བཅོས། དབུལ་སྐྱོར། རིག་གནས་ཡུལ་སྐོར། ཤེས་ལྡན་མི་སྣ། ལག་རྩལ་སོགས་ཁྱབ་ཁོངས་ལ་དམིགས་ནས་རྒྱུན་ཆད་མེད་པར་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་། བྱེད་ཐབས་ལེགས་བཅོས། ཞིབ་འཇུག་དང་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཁ་གཏད་རོགས་སྐྱོར་ལས་དོན་དེ་བས་ཡག་པོ་དང་དེ་བས་ཕན་འབྲས་ཐོན་པ་ཞིག་སྒྲུབ་དགོས། ཏང་གི་ཕུལ་བྱུང་སྲོལ་རྒྱུན་དར་སྤེལ་བཏང་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”སློབ་སྦྱོང་བྱ་རྒྱུ་དེ“དབྱི་མོང་གི་སྙིང་སྟོབས”རྒྱུན་འཛིན་བྱ་རྒྱུ་དང་གཅིག་གྱུར་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་ཁུར་བ་དང་བྱས་རྗེས་བཞག་ནས་ཧྲན་ཏུང་དང་བོད་ལྗོངས་ས་གནས་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་སྐྲུན་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
          ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཏང་ཨུད་དང་། མི་དམངས་འཐུས་ཚོགས། སྲིད་གཞུང་། སྲིད་གྲོས་བཅས་དང་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་ཚབ་ཞུས་ནས་དུས་ཡུན་རིང་པོའི་ནང་ཧྲན་ཏུང་གིས་བོད་ལ་དམིགས་བསལ་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཝུའུ་དབྱིང་ཅེས་ཧྲན་ཏུང་དང་བོད་ནི་ཁྱིམ་ཚང་གཅིག་ལྟར་ཡིན། ཧྲན་ཏུང་གིས་ཁ་གཏད་བོད་སྐྱོར་གྱི་ལས་དོན་སྤེལ་ཚུན། ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཕྱོགས་མང་དང་། ཁྱབ་ཁོངས་ཡངས་པ། རིམ་པ་མང་བ་བཅས་ཀྱི་སྒོ་ནས་ལས་དོན་ཁག་བསྒྲུབས་ཏེ་རྒྱུན་ཆད་མེད་པར་ཧྲན་ཏུང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་གྱི་རྣམ་པ་གསར་པ་བཏོད་ཡོད། ལྷག་པར་དུ་འདི་ལོའི་ཟླ་5པར་ཧྲན་ཏུང་ཞིང་ཆེན་ཏང་སྲིད་འཐུས་མི་ཚོགས་པ་བོད་དུ་ལས་དོན་ལ་རྟོག་ཞིབ་དང་མཛུབ་ཁྲིད་གནང་བར་ཕེབས་པ་དང་། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱི་འཐབ་ཇུས་མཉམ་ལས་སྒྲོམ་གཞིའི་གྲོས་མཐུན་བཞག་སྟེ་འགོ་འཛུགས་ས་དེ་བས་མཐོ་པོས་ས་གནས་གཉིས་ཀྱི་མཉམ་ལས་སྤེལ་རེས་ཆེད་ལེའུ་གསར་པ་རྩོམ་རྒྱུར་སྟོབས་དང་ལྡན་པའི་འགན་ལེན་མཁོ་འདོན་བྱས་ཡོད། དེ་དག་ཚང་མ་ང་ཚོས་ནམ་ཡང་བརྗེད་མི་སྲིད། མིག་སྔར་བོད་ལ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་རྒྱལ་ཡོངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྒྱུ་དང་སྣོད་བཅུད་སྲུང་སྐྱོང་བྱ་རྒྱུ་སོགས་ཀྱི་ལས་འགན་གལ་ཆེན་འཕྲད་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“འདུ་ཤེས་བཞི”བརྟན་པོར་འཛུགས་པ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱེད་པ་བཅས་བྱས་ཏེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ།ཏང་གིས་ལས་དོན་ཁག་ལ་འགོ་ཁྲིད་བྱ་རྒྱུར་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་པ། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་འཛུགས་ས། དོན་ལ་བབས་ས་བཅས་ལ་དམ་པོར་དམིགས་པ། སྙིང་རུས་གཏན་འཁྱོངས།ཤུགས་སྣོན་ཆད་མེད། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ཏན་ཏིག་ངང་སྒྲུབ་པ་བཅས་བྱས་ཏེ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་དགའ་གཅེས་ཆུད་ཟོས་སུ་མི་གཏོང་རྒྱུའི་ཆོད་སེམས་ཡོད། ཧྲན་ཏུང་ཞིང་ཆེན་གྱིས་སྔར་རྒྱུན་བཞིན་ཁ་གཏད་རོགས་སྐྱོར་ལས་དོན་ལ་མཐོང་ཆེན་དང་རྒྱབ་སྐྱོར་གནང་སྟེ་དབུལ་སྒྲོལ་འགག་སྒྲོལ་དང་། ཐོན་ལས་འཕེལ་རྒྱས། སྣོད་བཅུད་སྲུང་སྐྱོང་། སློབ་གསོ་སྨན་བཅོས། ཚན་རྩལ་གསར་གཏོད། ལས་བྱེད་པ་དང་ཤེས་ལྡན་མི་སྣ་སོགས་ཕྱོགས་ཁག་ལ་དེ་བས་རྒྱབ་སྐྱོར་གནང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
          ཧྲན་ཏུང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པར་གཟིགས་སྐབས། ལིའུ་ཅ་དབྱི་དང་ཝུའུ་དབྱིང་ཅེས་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་དང་ཁོང་ཚོའི་ནང་མིའི་འཐུས་མིར་མཇལ་དར་བསྒྲོན་ནས་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ལིའུ་ཅ་དབྱིས་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བཅངས་པ་དང་ཁ་གཏད་བོད་སྐྱོར་ལས་དོན་གྱི་ཆབ་སྲིད་ཀྱི་འགན་འཁྲི་ལྕི་པོ་ཕྲག་ཏུ་འཁུར་ནས་ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་པོ་སྲུང་བ་དང་། བོད་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་བློ་བཟང་པོ་དང་། སྤྱོད་ཚུལ་བཟང་པོ། སྙིང་སྟོབས་བཟང་པོ་བཅས་སློབ་སྦྱོང་བྱས་ཏེ་གཤིས་རྒྱུད་དང་བློ་སྟོབས་ལ་སྦྱོང་བརྡར་ཐེབས་པ་བྱས་ནས་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཆེད་སྟོབས་ཤུགས་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད། ཝུའུ་དབྱིང་ཅེས་ཧྲན་ཏུང་བོད་སྐྱོར་ལས་བྱེད་པ་ཚོས་ཆབ་སྲིད་ལ་སྣང་ཆེན་དང་སྤྱི་ཡོངས་དང་བསྟུན་ནས་ཏང་ཀྲུང་དབྱང་གི་འབོད་སྐུལ་ལ་བརྡ་ལན་མཐའ་གཅིག་ཏུ་ཞུས་ཏེ་འགན་འཁྲི་འཁུར་བ་དང་། རང་འགུལ་ངང་བྱས་རྗེས་འཇོག་པ། དཀའ་སྤྱད་སྙིང་རུས། ལེགས་སྐྱེས་འབུལ་བ་བཅས་བྱས་ཡོད། བོད་དུ་ལས་དོན་བསྒྲུབ་རིང་ཏང་གཤིས་ཟབ་ཏུ་སོང་བ་དང་། སྙིང་སྟོབས་ལ་སྦྱོང་བརྡར་ཐེབས་པ། འཇོན་ཐང་ཆེ་རུ་ཕྱིན་པ་དང་འབྲེལ། ཧྲན་ཏུང་བུ་ཕྲུག་གི་བརྩེ་སེམས་ཟབ་མོ་གངས་ལྗོངས་ས་མཐོར་བཞག་པ་མ་ཟད།“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང་།“ལམ་གཉིས་ཀྱི་སྙིང་སྟོབས“དབྱི་མོང་གི་སྙིང་སྟོབས”“ཁུང་ཧྥན་སེན་གྱི་སྙིང་སྟོབས”བཅས་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཡོད། རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས་བོད་འདི་ཉིད་ཕ་ཡུལ་གཉིས་པ་དང་བོད་ཀྱི་མི་དམངས་གཉེན་ཉེར་བརྩིས་ནས་སེམས་ནུས་ཡོད་རྒུས་ལས་དོན་ཁག་བསྒྲུབ་རྒྱུའི་རེ་བ་ཡོད།རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་སྐྱོར་ལས་བྱེད་པའི་ལས་དོན་དང་། འཚོ་བ། འཚར་ལོངས། ཡར་རྒྱས་བཅས་ལ་དེ་བས་ལེགས་པའི་ཆ་རྐྱེན་བསྐྲུན་རྒྱུ་ཡིན་ཞེས་གསུངས་པ་རེད།
          འཚམས་ལན་གནང་རིང་། འཐུས་མི་ཚོགས་པས་ད་དུང་ཧེའར་ཚོགས་པ་དང་ཆིང་ཏའོ་རྒྱ་མཚོ་ཚན་རིག་དང་ལག་རྩལ་ཚོད་ལྟའི་ས་ཚིགས་རྒྱལ་ཁབ་ཚོད་ལྟ་ཁང་དུ་གཟིགས་སྐོར་གནང་ནས་ཚན་རྩལ་ལ་བརྟེན་ནས་དཔལ་འབྱོར་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་པ་སོགས་ཀྱི་ཧྲན་ཏུང་ཞིང་ཆེན་གྱི་བྱེད་ཐབས་དང་ཉམས་མྱོང་ལ་སློབ་སྦྱོང་ནན་ཏན་ཞུས་པ་དང་ཧྲན་ཏུང་ཞིང་ཆེན་གྱི་བྱ་གཞག་འཕེལ་རྒྱས་ལ་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཞུས་པ་མ་ཟད། ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་ཀྱིས་རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མཉམ་ལས་ཟབ་ཏུ་བཏང་ནས་གཉིས་ཕན་གཉིས་ཁེ་ཡོང་རྒྱུའི་རེ་བའང་བཏོན་པ་རེད།