ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས“རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”གྱི་བྱེད་སྒོ་རིམ་པ་སྤེལ་ནས་རྩ་ཁྲིམས་ཀྱི་སྙིང་སྟོབས་དར་སྤེལ་བྱས།

སྤེལ་དུས 2018-12-07 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱམས་པས་བསྒྱུར།
ཟླ12ཚེས5ཉིན།   ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་གྲོང་མི་ཞིག་གིས་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་རྩ་ཁྲིམས་དྲིལ་བསྒྲགས་འགྲེམས་སྟེགས་ཀྱི་མདུན་དུ་ནན་ཏན་གྱིས་ཁྲིམས་སྐྱོང་དྲིལ་བསྒྲགས་ཡིག་ཆ་ཀློག་བཞིན་པ།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།   ཟླ་12པའི་ཚེས་4ཉིན་ནི་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཉིན་མོ་ཐེངས་ལྔ་པ་ཡིན་ལ།   “རྩ་ཁྲིམས་དྲིལ་བསྒྲགས་གཟའ་འཁོར”ཐེངས་དང་པོའང་ཡིན།   ཉིན་ཤས་བསྟུད་མར་བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་རྩ་ཁྲིམས་ལ་སློབ་སྦྱོང་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ།   རྩ་ཁྲིམས་ཀྱི་སྙིང་སྟོབས་སྔར་བས་དར་སྤེལ་བྱེད་པ་དང་།   གནམ་གཤིས་སྡེ་ཚན་གྱི་རྒྱ་ཆེའི་ལས་བྱེད་ལས་བཟོ་བས་རྩ་ཁྲིམས་ཀྱི་སློབ་སྦྱོང་ལ་སྐུལ་འདེད་དང་རྩ་ཁྲིམས་གོང་བཀུར།   རྩ་ཁྲིམས་བརྩི་སྲུང་གི་བྱེད་སྒོ་གཏིང་ཟབ་ཏུ་སྤེལ།   
            ཟླ་12ཚེས་5ཉིན།   རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ལས་དོན་མི་སྣ་རྩ་འཛུགས་བྱས་ཏེ་ལྷ་ས་གྲོང་ཁྱེར་གཡུ་ཐོག་ལམ་དུ་རྩ་ཁྲིམས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་རེད།   ལས་དོན་མི་སྣས་བོད་རྒྱ་ཡིག་རིགས་གཉིས་ཀྱི་རྩ་ཁྲིམས་སྐོར་གྱི་དཔེ་དེབ་དང་གནམ་གཤིས་བཅའ་ཁྲིམས། ཁྲིམས་སྲོལ་སོགས་ཁྲིམས་སྐྱོང་དྲིལ་བསྒྲགས་ཡིག་ཆ་བཀྲམས་ནས།   ཕར་འགྲོ་ཚུར་འོང་བྱེད་པའི་གྲོང་མི་རྣམས་ལ་ཁྲིམས་ལུགས་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ་བཏང་བ་མ་ཟད།   བཅའ་ཁྲིམས་ཀྱི་བློ་འདྲི་སྟེགས་བུ་བཀོད་སྒྲིག་བྱས་ནས་རྒྱ་ཆེའི་མང་ཚོགས་ཀྱི་འབྲེལ་ཡོད་གནམ་གཤིས་བཅའ་ཁྲིམས་དང་ཁྲིམས་སྲོལ་བློ་འདྲི་ལ་དེ་མུར་ལན་བསྐྱོན།   དུས་མཚུངས་སུ་དྲིས་ལན་བྱ་དགའ་སྤྲོད་པ།  དྲིལ་བསྒྲགས་ཡིག་ཆ་བཀྲམས་པ་སོགས་མང་ཚོགས་རྣམས་སྤྲོ་མོས་ཡོད་པའི་བྱེད་ཐབས་སྤྱད་ནས།   གནམ་གཤིས་ཀྱི་ཤེས་བྱ་ཁྱབ་གདལ་སྒྲོག་འགྲེལ་དང་གནོད་འགོག་གེགས་སེལ་གྱི་འདུ་ཤེས་ལ་ཤུགས་བསྣན་པས། འགྲོ་འོང་བྱེད་པའི་མང་ཚོགས་རྣམས་ཧུར་ཐག་གིས་ཟབ་ཞུགས་བྱས་པ་དང་མཐའ་གཅིག་ཏུ་གདེང་འཇོག་བཟང་པོ་ཐོབ། 
            གཞན་ཡང་།   རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱིས་ད་དུང་ཏང་ཙུའུ་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་ཀྱིས་རྩ་ཁྲིམས་ལ་སློབ་སྦྱོང་ཐེངས་གཅིག་དང་།   རྩ་ཁྲིམས་ལ་དམ་བཅའ་འཇོག་པའི་བྱེད་སྒོ་ཐེངས་གཅིག་དང་།   རྩ་ཁྲིམས་ཀྱི་ཤེས་བྱའི་རྒྱུགས་སྤྲོད་ཐེངས་གཅིག   རྩ་ཁྲིམས་ཤེས་བྱའི་འཆད་ཁྲིད་ཐེངས་གཅིག་བཅས་“གཅིག་རེ་བཞིའི་”རྩ་ཁྲིམས་སློབ་སྦྱོང་དང་དྲིལ་བསྒྲགས་བྱེད་སྒོ་རྩ་འཛུགས་བྱས།   རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་པས་རྩ་ཁྲིམས་ཀྱི་འདུ་ཤེས་ལ་ཤུགས་བསྣན་པ་དང་།   རྩ་ཁྲིམས་བརྩི་སྲུང་ལ་སྣེ་ཁྲིད་པ་དང་རྩ་ཁྲིམས་ཀྱི་དབང་གྲགས་ལ་སྲུང་སྐྱོབ་བྱས།    དུས་མཚུངས་སུ་གནམ་གཤིས་དེང་རབས་ཅན་དུ་འགྱུར་བའི་འཛུགས་སྐྲུན་རྟེན་གཞི་བྱས་ཏེ།   རྩ་ཁྲིམས་སློབ་སྦྱོང་གི་གྲུབ་འབྲས་དེ་གནམ་གཤིས་ལས་དོན་ཁྲོད་བེད་སྤྱད་ནས།   བོད་ལྗོངས་ཀྱི་གནམ་གཤིས་ལས་དོན་གྱི་གོང་འཕེལ་བསྒྱུར་བཅོས་ལ་མཛུབ་སྟོན་དང་།   གནམ་གཤིས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་།
བོད་རང་སྐྱོང་ལྗོངས་གནམ་གཤིས་ཅུས་ཀྱི་ལས་དོན་མི་སྣས་ཁྲིམས་སྐྱོང་དྲིལ་བསྒྲགས་རྒྱུ་ཆ་འགྲེམས་བཞིན་པ།