ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷོ་རོང་ཡུལ་ནས་གྲགས་པའི་འཕོ་འགྱུར་གྱི་དབྱངས་སྙན།

སྤེལ་དུས 2018-12-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་གྱི་ཀྲུའུ་རེན་མིག་དམར་ལ་བཅར་འདྲི་བྱས་པ།
འདི་ནི་ཀྲུའུ་རེན་མིག་དམར་ལགས་ཀྱིས་གསར་འགོད་པར་ཁོང་གི་ཁྱིམ་ཚང་གི་གནས་ཚུལ་གླེང་བཞིན་པ།
          ལྷ་ཁང་གྲོང་རྡལ་ནི་ལྷོ་ཁ་གྲོང་ཁྱེར་ལྷོ་བྲག་རྫོང་ཁོངས་ཀྱི་ཤར་ལྷོའི་མཚམས་སུ་གནས་ཤིང་། བོད་ཀྱི་རོང་ཁུལ་གཞན་དང་འདྲ་བར་དེ་གའི་གནམ་གཤིས་དང་མཁའ་རླུང་ཧ་ཅང་ཡག་པོ་ཡོད། ཉེ་དུས། ལྷ་ཁང་གྲོང་རྡལ་གྱིས་རང་སྐྱོང་ལྗོངས་ཀྱི་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་བསྐྲུན་རྒྱུའི་བླང་བྱ་གཞིར་བཟུང་། ཕྱོགས་ཡོངས་ནས་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྐྲུན་དང་སྐྲུན་མུས་ཡིན་པ་དང་། རྒྱལ་ལམ་219ལམ་རྒྱུད་ཀྱི་ལྷོ་བྲག་ནས་མཚོ་སྨད་སྒོ་བསྡུས་ཤང་ལམ་དུམ་གྱི་གཞུང་ལམ་གསར་བཟོའི་ལས་གྲྭ་སྤེལ་བའི་སྒང་ཡིན་པས། ཡུལ་ཕྱོགས་དེའང་མཐའ་མཚམས་ཀྱི་གྲོང་རྡལ་གཞན་དང་འདྲ་བར་དུས་རབས་འཕེལ་རྒྱས་ཀྱི་གོམ་སྟབས་དང་བསྟུན་ནས་ལོ་ངོ་བཞི་བཅུའི་རིང་གི་འཕོ་འགྱུར་དང་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་བཞིན་མཆིས།
          གྲོང་རྡལ་གྱི་ཀྲེན་ཀྲང་ཡེ་ཤེས་བསྟན་འཛིན་དང་འབྲེལ་ཡོད་ལས་དོན་མི་སྣའི་གཞོགས་འདེགས་འོག ལྷག་བསམ་ཟོལ་མེད་ཀྱིས་གཞུང་ལས་ལ་གཞོལ་ཞིང་། རང་ནུས་གང་ལྕོགས་ཀྱིས་དུད་ཚང་དང་གྲོང་མི་དབུལ་པོ་འགའ་རེར་ནམ་ཞག་རྒྱུན་དུ་རོགས་པ་བྱེད་མཁན་ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་གྱི་ཙུའུ་གསུམ་པའི་ཀྲུའུ་རེན་མིག་དམར་གྱི་གམ་དུ་བཅར་འདྲིར་བསྐྱོད།
སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་ལྡང་། དཀའ་ཚེགས་ལོ་ཟླར་གྱེས་ཕྱག་ཞུས།
          ལྷ་ཁང་སྡེ་ཁུལ་ཙུའུ་གསུམ་པའི་མིག་དམར་རང་ལོ་14སྟེ། སྤྱི་ལོ་1976ལོར་མོན་ཆད་གྲོང་ཚོ་ནས་བུ་ཚབ་ཀྱི་ཚུལ་དུ་དེ་གར་འཚོ་བ་སྐྱེལ་བཞིན་ཡོད་པའི་རྨོ་བོ་ལགས་ལ་ལྟ་རྟོག་དང་སྲི་ཞུ་སྒྲུབ་པར་ཡོང་། ཡུལ་དེར་སླེབས་རྗེས་མིག་དམར་གྱིས་རྨོ་བོ་ལགས་རང་ཉིད་ཀྱི་ཕ་མ་ལྟར་བརྩིས་ཏེ། ཞབས་ཕྱི་ཧུར་ཐག་ཞུས་པར་གྲོང་ཚོའི་ཡུལ་མི་གཞན་གྱི་གདེང་འཇོག་བཟང་པོ་ཐོབ། ཕལ་ཆེར་སྤྱི་ལོ་1983ལོའི་ཡས་མས་སུ་ཁོང་དང་ས་གནས་དེ་གའི་གྲོང་མི་འོད་ཟེར་ངོ་ཤེས་པ་དང་། ཁོང་གཉིས་པོ་ཕན་ཚུན་བློ་ཁ་མཐུན་ནས་སྤྱི་ལོ་1985ལོར་གཉེན་སྒྲིག་བྱས་པ་དང་ལོ་དེ་རང་ལ་བུ་གཅིག་པུ་བསྟན་འཛིན་སྐྱེས་པ་རེད།
          མིག་དམར་གྱིས་གསུངས་པ་ལྟར་ན། སྔོན་ཆད་ཀྱི་ལྷ་ཁང་གྲོང་རྡལ་དུ་གྲོ་མ་གཏོགས་པད་ཁ་དང་ནས་སོགས་འདེབས་སྲོལ་མེད་པས། གནས་དེ་གའི་ཡུལ་མི་རྣམས་ཀྱང་སྔོན་ཆད་གྲོ་རྩམ་ཁོ་ན་བཟས་ཏེ་འཚོ་བ་སྐྱེལ་དགོས་ཀྱི་ཡོད་པ་མ་ཟད། སྤྱི་ཚོགས་ཀྱི་དཔལ་འབྱོར་ཆ་རྐྱེན་ཞན་པས། རྩམ་པ་མི་འདང་བའི་གནས་ཚུལ་ཡང་ཡང་ཐོན་གྱི་ཡོད། སྐབས་དེ་དུས་ཁོང་གི་ཁྱིམ་ལ་ས་ཞིང་མུའུ་7ཡོད་པར་གྲོ་འདེབས་ཀྱི་ཡོད་པ་དང་། ལོ་རེར་ཕལ་ཆེར་གྲོ་རྒྱ་མ་4200ཙམ་ཡོང་གི་ཡོད་པ་ལས། ཕྱེད་ཀ་མི་ཕྱུགས་ཀྱི་བཟའ་བཅའ་དང་། ཕྱེད་ཀ་རྫོང་འབྲུ་རིགས་ལས་ཁུངས་ལ་རྒྱ་མ་རེར་སྒོར་ཟུར་2.5བྱས་ཏེ་བཙོངས་ནས་དངུལ་དེས་རྒྱུན་མཁོའི་ཇ་ཚྭ་དང་ཉེར་མཁོ་ཉོ་ཡི་ཡོད་པ་རེད།
          “ངའི་ཁྱིམ་ལ་མཚོན་ན། འཚོ་བའི་འཁོས་ཀ་ཧ་ཅང་ཞན་པས་ཁྱིམ་དུ་རྩམ་པ་མ་འདང་བར་གཞན་གྱི་ས་ནས་གཡར་མྱོང་ལ། འབྲུ་ཁལ་རེར་སྒོར་7སྤྲད་དེ་ཐེངས་མང་ཉོ་དགོས་བྱུང”ཞེས་བཤད། དེ་མིན་གྱི་མར་དང་། ཤ བལ་སོགས་རྒྱུན་མཁོའི་ཟས་རིགས་དང་ཅ་ལག་མང་ཆེ་བ་ས་ཆ་གཞན་ནས་ཉོ་བར་འགྲོ་དགོས་ཀྱི་ཡོད་ཅིང་། ཡུལ་དེ་གའི་གྲོང་མི་རྣམས་ཀྱིས་རང་ཡུལ་ནས་ཁམ་བུ་ཁྱེར་ཏེ་ས་ཕྱོགས་གཞན་དུ་པད་ཁ་དང་བརྗེ་པོ་བརྒྱབ་རྗེས། ལྷོ་བྲག་རྫོང་དུ་སྣུམ་བཙིར་བར་འགྲོ་དགོས་པ་དང་། སྐབས་དེ་དུས་འགྲིམ་འགྲུལ་ཡོ་བྱད་ཧ་ཅང་དཀོན་པས་ཡུལ་དེ་གར་ཤིང་ཆ་ཉོ་བར་ཡོང་མཁན་གྱི་རྫོང་རླངས་འཁོར་རུ་ཁག་གི་མོ་ཊ་སྒུག་རྒྱུ་ཁོ་ན་ལས་མེད། “དེ་དུས་རྫོང་ལ་སྣུམ་ཐེངས་གཅིག་བཙིར་བར་ཕྱིན་ན་ངོ་མ་སྲོག་འབེན་ལ་བཙུགས་པ་རང་རེད། དགུན་གྲང་ངར་ཆེ་བའི་དུས་ཁལ་མཐོ་བའི་མོ་ཊའི་སྟེང་དུ་བསྡད་ནས་ཉིན་གང་ཕྱིན་ཚེ་གཞི་ནས་རྫོང་དུ་སླེབས་ཀྱི་ཡོད། རྫོང་དུ་སླེབས་དུས་ལུས་ཀྱི་རུས་ཚིགས་ཚང་མ་འཁྱགས་ནས་ན་ཟུག་གཏོང་གི་ཡོད”ཅེས་མིག་དམར་གྱིས་ཕྱིར་དྲན་བྱེད་བཞིན་བརྗོད། ད་དུང་ཁོང་དང་འདྲ་བའི་གྲོང་ཚོའི་ཕོ་གསར་རྣམས་རི་རྩེར་མེ་ཤིང་འཐུ་བར་འགྲོ་ཡི་ཡོད་ཅིང་། མེ་ཤིང་རྣམས་གཞན་ལ་རྒྱ་མར་སྒོར་0.07བྱས་ཏེ་བཙོངས་ན་ཉིན་གཅིག་ལ་མང་ཤོས་ལའང་སྒོར་5ཙམ་ལས་ཡོང་གི་མེད། དེ་ལྟར་འཚོ་བའི་འགྲོ་གྲོན་ཟེར་ནའང་འདྲ། གསོག་འཇོག་མ་དངུལ་ཟེར་ནའང་འདྲ། ཡོང་འབབ་གཙོ་བོ་ནི་མེ་ཤིང་དང་གྲོ་ཕྲན་བུ་བཙོངས་པའི་དངུལ་ལས་མེད།
          ལོ་རབས་བརྒྱད་ཅུ་པའི་གོང་དུ་ལྷ་ཁང་གྲོང་རྡལ་དུ་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་ཞན་པས། གྲོང་མི་རྣམས་ལོ་གསར་རིང་སྲིད་གཞུང་གིས་གཏན་འཁེལ་བྱས་པའི་མི་རེར་འབྲས་རྒྱ་མ་གང་རེ་དང་། གློག་སྨན། སུར་པན་དམར་པོ། བྱི་རིལ་སོགས་ཉོ་རྒྱུ་ཡོད་པ་མ་གཏོགས། སྒེར་གྱི་ཟ་ཁང་དང་ཚོང་ཁང་གཅིག་ཀྱང་མཐོང་རྒྱུ་མེད་པས། རྣམ་ཀུན་འབྲས་ཚལ་ཧ་ཅང་དཀོན་པོ་ཡིན་ལ། བསགས་བསགས་གྲུང་གྲུང་བྱས་པའི་དངུལ་གྱིས་ཁྱིམ་ཚང་སྐྱོང་ཐུབ་ཙམ་ལས་མེད་པས། མིག་དམར་དང་འདྲ་བའི་འཚོ་བའི་འཁོས་ཀ་ཞན་པའི་རོགས་པ་འགའ་རེ་ལས་ཀ་དལ་དུས་གྲོང་ཚོའི་དམག་སྒར་འགྲམ་གྱི་གད་སྙིགས་སྔོག་པར་སོང་སྟེ། གྱོན་གོས་རྙིང་པ་དང་འཇུར་རྟ་སོགས་བསྒྲུགས་ནས་ཁྱིམ་དུ་འཁྱེར་བ་དང་། ཚེམ་ཁ་ཤོར་བ་རྣམས་བཙེམས། རྡོལ་བ་དག་ལྷན་པ་བརྒྱབ་པ་སོགས་བྱས་ནས་དེ་དག་གཟབ་སྤྲོས་ལ་བརྩིས་ནས་ཡུན་རིང་གྱོན་གྱི་ཡོད།
མཐའ་མཚམས་གྲོང་བསྐྲུན་ཚོང་ལས་དར། མང་ཚོགས་འབབ་འཕར་འཚོ་བ་སྐྱིད།
          སྒྱུར་བཅོས་སྒོ་དབྱེའི་དཔྱིད་རླུང་དྲོན་མོ་མཐོ་སྒང་གི་ལྷ་ཁང་གྲོང་རྡལ་དུ་དལ་བུར་ལྡང་བ་དང་། ཚོང་པ་མི་ཉུང་བ་ཞིག་ཡུལ་གཞན་ནས་གཅིག་རྗེས་གཉིས་མཐུད་ངང་དེ་གར་སླེབས་པས། གྲོང་རྡལ་གྱི་ཐོན་ཁུངས་མང་པོ་ད་གཟོད་སྔོག་འདོན་དང་ཕྱིར་འཚོང་བའི་གོ་སྐབས་བཟང་པོ་ཐོབ། དབྱར་རྩྭ་དགུན་འབུ་དང་། སྨན་རྩྭ། ཤ་མོ། ཁམ་བུ། ཀུ་ཤུ་ལ་སོགས་པ་བྲིན་ཁ་རྒྱུག་པོ་བྱུང་ལ། ཡུལ་གྲུ་གཞན་ནས་མངགས་ཉོ་བྱེད་མཁན་ཡང་མང་པོ་ཡོད། དང་ཐོག་དབྱར་རྩྭ་དགུན་འབུ་རྐང་རེ་ལ་སྒོར་0.2དང་། ཤ་མོ་རྒྱ་མར་སྒོར་1 སྨན་རྩ་ཧོང་ལེན་རྒྱ་མར་སྒོར་3བཅས་བྱས་ཏེ་བཙོངས་པས། མང་ཚོགས་ཀྱི་ཡོང་འབབ་མང་དུ་སོང་ཡོད་ལ། སྟབས་བསྟུན་གྱིས་འཚོ་བའི་ཆུ་ཚད་ཀྱང་སྔར་དང་བསྡུར་ན་ཇེ་ཡག་ཏུ་ཕྱིན་ཡོད།
          1987ལོའི་ཡས་མས་ལ་ཁོང་གིས་ལས་ཞོར་དུ་འོ་ཟོ་བཟོ་སྟངས་སྦྱངས་པ་དང་ལོ་གསུམ་ཙམ་རིང་འབད་པ་ཧུར་བརྩོན་བྱས་པ་བརྒྱུད། འོ་ཟོ་བཟོ་བའི་ལག་རྩལ་ནང་བྱན་ཆུད་པས། ཁོམ་པ་ཡོད་དུས་འོ་ཟོ་བཟོས་ཤིང་། བོད་ཟླ་བཅུ་གཉིས་པར་ལོ་གཅིག་དུས་གཅིག་གི་ལྷ་ཁང་ཚོང་འདུས་སྐབས་སྤུས་ཚད་ཡག་སྡུག་ལ་གཞིགས་ནས་འོ་ཟོ་རེ་རེར་སྒོར་50འམ་60རེ་བྱས་ཏེ་བཙོངས་པའམ་མཚོ་སྨད་དང་སྣ་དཀར་རྩེ་སོགས་ཀྱི་ཚོང་པའི་གམ་ནས་སྣམ་བུ་དང་ཤ་མར་སོགས་དང་བརྗེ་པོ་རྒྱག་གི་ཡོད་པས། རྒྱུན་མཁོའི་ཅ་དངོས་དང་ཡོང་འབབ་མི་ཉུང་བ་ཡོང་གི་ཡོད།
          སྤྱི་ཚོགས་འཕེལ་རྒྱས་སོང་བ་དང་བསྟུན་ནས་ཚོང་ལས་སྔར་བས་དར་རྒྱས་བྱུང་ཡོད་ལ། ལྷ་ཁང་གྲོང་རྡལ་གྱི་ཁྱད་ལྡན་ཐོན་རྫས་ཀྱི་རིན་གོང་ཡང་འཕར་ཏེ། 2000ལོའི་ཡས་མས་སུ་དབྱར་རྩྭ་དགུན་འབུ་རྐང་རེར་སྒོར་3དང་སྨན་རྩྭ་ཧོང་ལེན་རྒྱ་མར་སྒོར་20བྱས་ཏེ་ཕྱིར་འཚོང་ཐུབ་པས། མིག་དམར་ཁྱིམ་གྱི་ཡོང་འབབ་སྔར་ལས་མང་བ་དང་འཚོ་བ་ཇེ་ཡག་ཏུ་འགྲོ་རྒྱུར་ཕན་པ་ཆེན་པོ་ཐོབ་ཡོད་པ་རེད། འོན་ཀྱང་། སྐབས་འདི་འདྲ་ཞིག་ལ་ཕ་མ་གཉིས་བཟའ་ཚང་ཁ་བྲལ་བས། ཁྱིམ་དུ་སླར་ཡང་དཀའ་ངལ་གསར་པ་ཞིག་ཕྲད། དེ་དུས་བསྟན་འཛིན་ལོ་ན་ཆུང་བས། ཁྱིམ་ཚང་གི་ཁུར་པོ་ཡོངས་རྫོགས་མིག་དམར་གཅིག་པུའི་ཕྲག་ཏུ་བབས། འོན་ཀྱང་། དཀའ་ཚེགས་ཆེ་བའི་འཚོ་བའི་མདུན་དུ། ཁོང་གིས་དཔའ་ཞུམ་ནས་མ་བསྡད་པར་ཕ་བུ་གཅིག་སེམས་གཅིག་རྟེན་གྱིས་མིག་མདུན་གྱི་དཀའ་ངལ་རེ་རེ་འཛུམ་གྱིས་བསུས་པ་དང་། ལོ་དེར་ཁོང་ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་གྱི་ཙུའུ་གསུམ་པའི་ཀྲི་པུའུ་ཧྲུའུ་ཅིར་བདམས་ཐོན་བྱུང་། དེ་ལྟར་ཁོང་གིས་ལྷག་བསམ་ཟོལ་མེད་ཀྱིས་གཞུང་དོན་སྒྲུབ་པ་དང་། གཞུང་དོན་གྱི་ཞོར་དུ་བ་ཕྱུགས་འཚོ་བ་དང་། ཤིང་བཅད་ནས་གཞན་ལ་འཚོང་བ། སྨན་རྩྭ་འཐུ་བ་སོགས་ཀྱི་ཞོར་ལས་ལ་འབད་པས་འཚོ་བའི་ཆ་རྐྱེན་རིམ་བཞིན་ཡག་ཏུ་ཕྱིན་ཞིང་། གཞུང་དོན་ཆེ་ཆུང་ཅི་འདྲ་ཡིན་རུང་ཁོང་གིས་བློ་རྩེ་གཅིག་སྒྲིམ་དང་འབད་པ་ལྷོད་མེད་ཀྱིས་སྒྲུབ་པ་ལས་ནར་འགྱངས་ཐེངས་གཅིག་ཀྱང་བྱེད་མྱོང་མེད་སྟབས། མང་ཚོགས་ཚོས་ཁོང་ལ་མཐེ་བོང་སྒྲེང་ཞིང་གོང་དུ་མི་བཀུར་མཁན་གཅིག་ཀྱང་མེད། དེས་མ་ཟད། 2008ལོར་ཁོང་ལྷ་ཁང་གྲོང་རྡལ་ལྷ་ཁང་སྡེ་ཁུལ་གྱི་ཀྲུའུ་རེན་ལ་བདམས་ཐོན་བྱུང་ཞིང་། ཁོང་གིས“ང་རང་ལྷ་ཁང་སྡེ་ཁུལ་གྱི་ཀྲུའུ་རེན་ཞིག་གི་ངོས་ནས། ང་ནས་འགོ་འཁྲིད་དེ་དཀའ་ངལ་ཆེན་པོ་འདུག་ཅེས་སྒུག་རྟེན་སློང་གསུམ་ཁོ་ནར་བརྟེན་ན། གྲོང་མི་གཞན་ལ་མིག་དཔེ་ཡག་པོ་སྟོན་མི་ཐུབ་ལ། དེ་བས་གྲོང་ཚོ་ཡོངས་ལ་འཕེལ་རྒྱས་འབྱུང་མི་སྲིད”ཅེས་བརྗོད།
          ད་ཆའི་ལྷ་ཁང་གྲོང་རྡལ་གྱི་སྲང་ལམ་གང་སར་འཁྲུག་ཆ་དོད་ཅིང་། མང་ཚོགས་ཚོས་རྣམ་ཀུན་རྒྱ་ཟས་དང་བོད་ཟས་གང་འདོད་ཟ་རྒྱུ་ཡོད་ལ། སྒོ་རྩིས་ཚོང་ཁང་དང་རྒྱུན་མཁོའི་ཅ་ལག་ཙག་ཙིག་ཀྱང་ཉོ་ས་ཡོད་པས། འཚོ་བའི་ཆ་རྐྱེན་གྲོང་ཁྱེར་དུ་འཚོ་བ་སྐྱེལ་མཁན་དང་གཉིས་སུ་མ་མཆིས། “ད་ལྟ་ང་ཚོ་སྔོན་ཆད་ལྟར་གྲོ་རྩམ་དང་ནག་ཆ་ཁོ་ནར་རྟེན་མི་དགོས་པར་ཞོགས་པ་བོད་ཐུག་དང་ཉིན་དགུང་འབྲས་ཚལ་སོགས་སྡེ་ཁུལ་རང་དུ་ཟ་རྒྱུ་འདུག་ལ། ཉིན་ལྟར་ཇ་མངར་མོ་འཐུང་རྒྱུ་དེ་ཡང་ང་རང་གི་གོམས་གཤིས་སུ་གྱུར་འདུག”ཅེས་དགའ་ཚོར་ཆེན་པོས་བརྗོད།
          ཐོན་ཁུངས་སྔོག་འདོན་དང་ཕྱིར་ཚོང་ཡག་པོ་བྱེད་ཐུབ་ཅིང་། དེ་གའི་ཚོང་ལས་དར་རྒྱས་ཆེ་བ་དང་འགྲིམ་འགྲུལ་ཡང་ཧ་ཅང་སྟབས་བདེ་ཡོད་པས། སྒེར་འཁོར་ཉོ་མཁན་ཡང་མང་དུ་ཕྱིན་པ་མ་ཟད། དེ་གར་ཡུལ་སྐོར་དང་གནས་མཇལ་ལ་ཡོང་མཁན་ཤིན་ཏུ་མང་པོ་ཡོད་སྟབས། དེ་སྔོན་ལྟར་ཁལ་མ་བསྒུགས་ནས་སྡོད་དགོས་མེད་པ་དང་ལྷོ་བྲག་རྫོང་བར་དུ་ཡང་རྒྱུན་གཏན་ལྟར་ན་ཆུ་ཚོད་གསུམ་ཙམ་ལས་འགོར་གྱི་མེད། དེ་བས་འགྲིམ་འགྲུལ་སྟབས་བདེ་བྱུང་བས། དེ་གའི་སློབ་མ་རྫོང་གྲོང་དུ་སློབ་གྲྭར་འགྲོ་བ་དང་ཡུལ་མི་གཞན་དག་ཀྱང་ལྷ་ས་དང་ཡུལ་གཞན་དུ་འགྲོ་བའི་གོ་སྐབས་སྔར་བས་མང་དུ་སོང་ཡོད། “ད་ལྟ་རྫོང་བར་ཁལ་མཐོ་བའི་མོ་ཊའི་སྟེང་དུ་བསྡད་ནས་ཉིན་གང་འགྲོ་དགོས་མི་འདུག་ལ། སྡེ་ཁུལ་དུ་སྒེར་འཁོར་དང་ཡུལ་སྐོར་ལ་ཡོང་མཁན་གྱི་མོ་ཊ་མང་པོ་ཡོད་སྟབས། ཁོམ་པ་ཡོད་དུས་ང་དང་བུ་མཉམ་དུ་ལྷ་ས་སོགས་སུ་ཡུལ་སྐོར་ལ་འགྲོ་ཡི་ཡོད”ཅེས་བརྗོད། དེ་ཙམ་མ་ཟད། མིག་དམར་ནི་གཞན་ལ་རོགས་རམ་བྱེད་རྒྱུར་ཤིན་ཏུ་མཉེས་པ་ཞིག་ཡིན་ཞིང་། སྡེ་ཁུལ་གྱི་ཀྲུའུ་རེན་བྱས་པའི་ལོ་དེ་ནས་བཟུང་། ཁོང་གིས་རང་ཁྱིམ་དུ་ཡོད་པའི་ས་ཞིང་མུའུ་བདུན་པོ་དེ་རང་ཉིད་ལས་སྐྱོ་བའི་དུད་ཁྱིམ་འགའ་ལ་རེས་མོས་བྱས་ཏེ་བོགས་མར་གཏོང་བ་མ་ཟད། ཁོ་ཚོའི་འགྲམ་ནས་བོགས་དངུལ་ཕིང་གཅིག་ཀྱང་ལེན་མྱོང་མེད།
          ད་ལྟ་གྲོང་རྡལ་ཧྲིལ་པོ་མཐའ་མཚམས་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་སྐྲུན་པར་བྲེལ་ཞིང་ན་སོ་དར་ལ་བབས་པའི་གཞོན་ནུ་རྣམས་དཀའ་སྡུག་དང་ངལ་དུབ་ལ་མི་སྐྲག་པར་སྔ་ལངས་ཕྱི་ཉལ་གྱིས་ལས་ལ་འབད་ཀྱི་འདུག་ལ། ཁོ་ཚོའི་ངོ་གདོང་ལས་ཀྱང་བདེ་སྐྱིད་དང་རེ་བའི་འཛུམ་མདངས་འཕྱུར་བཞིན་འདུག ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་འོག གྲོང་རྡལ་མང་ཚོགས་ཡོངས་ཀྱི་འཚོ་བའི་ཆུ་ཚད་ཡག་ཏུ་སོང་ཡོད་པ་དང་ཚོང་ལས་དང་ཡུལ་སྐོར་སྔར་བས་དར་རྒྱས་ཆེ་བ་མ་ཟད། འདི་ལོ་རྒྱལ་ཁབ་ཀྱིས་མ་དངུལ་འབོར་ཆེན་བཏང་ནས་ཡུལ་མི་རྣམས་ལ་སྡོད་ཁང་གསར་པ་རྒྱག་དང་རྒྱག་མུས་རེད། “སྡོད་ཁང་གསར་པའི་སྤུས་ཚད་འགན་ལེན་ཡོང་ཆེད། གྲོང་ཚོའི་གོང་འོག་དང་ལས་མི་རྣམས་ཀྱིས་དེའི་ཐད་འཐུས་ཤོར་སྤུ་ཙམ་ཡང་གཏོང་གི་མེད། ད་ལྟ་ཁང་པ་སྐྲུན་བཞིན་ཡོད་པ་དང་ཁྱོན་ཡོངས་ཀྱི་སྒྲིག་གཞི་ཡང་ཧ་ཅང་ཡག་པོ་འདུག སང་ལོ་ང་ཚོ་ཡང་རྫོང་གྲོང་གི་གྲོགས་པོ་རྣམས་དང་འདྲ་བར་སྡོད་ཁང་གསར་པར་སྤོ་ཐུབ་པའི་ཡིད་ཆེས་ཡོད”ཅེས་གསུངས།
          ད་ཆ་ཁོང་གི་བུ་བསྟན་འཛིན་ཡུལ་དེ་གའི་ནགས་སྲུང་བར་བདམས་ཤིང་། ཁོམ་པ་ཡོད་དུས་ཕྱིར་གླ་པ་རྒྱུག་པ་སོགས་ཞོར་ལས་ཡོང་འབབ་གསོག་པར་འགྲོ་ཡི་ཡོད་པས། ལོ་རེར་ཡོང་འབབ་སྒོར་ཁྲི་3ཙམ་ཡོང་གི་ཡོད་ཅིང་། མིག་དམར་རང་ཉིད་ཀྱང་སྡེ་ཁུལ་གྱི་ཀྲུའུ་རེན་གནང་དང་གནང་མུས་ཡིན་པས། ལོ་ལྟར་རྒྱལ་ཁབ་ནས་གླ་ཆ་ཀྲིག་ཅར་སྤྲོད་ཀྱི་ཡོད་སྟབས། ཁྱིམ་ཚང་གི་ཆ་རྐྱེན་ཡང་ཇེ་ཡག་ཇེ་བཟང་དུ་ཕྱིན་ཡོད། “དུས་སྐབས་བཟང་པོ་འདི་འདྲའི་འོག ང་ཚོའི་འཚོ་བའི་ཕྱོགས་གང་ས་ཅི་ཐད་ནས་དཀའ་ངལ་གང་ཡང་མི་འདུག སྡོད་ཁང་གསར་པར་སྤོས་རྗེས་བསྟན་འཛིན་ལ་མནའ་མ་ཞིག་བླངས་ཏེ། ཚ་སོབ་སོབ་ཀྱི་འཚོ་བ་ཞིག་སྐྱེལ་གྱི་ཡིན”ཞེས་མིག་དམར་གྱིས་འཛུམ་དམུལ་དམུལ་ངང་བཤད།