ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་གྲོང་ཁྱེར་གྱིས་བྱ་ཐབས་སྣ་ཚོགས་སྤྱད་དེ་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཏང་བ།

སྤེལ་དུས 2018-12-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ལྷ་ས་གྲོང་ཁྱེར་ལྷུན་གྲུབ་རྫོང་ཁུལ་གྱི་ཁྲུང་ཁྲུང་སྐེ་ནག
          མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོར་ལྷ་ས་གྲོང་ཁྱེར་གྱི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་ལས་དོན་དེ་ཕྱོགས་ཡོངས་དང་ལངས་གཟུགས་ཅན་གྱི་དཔེ་དབྱིབས་སུ་སླེབས་པས། ས་གནས་ཁག་གཅིག་གི་སྲུང་སྐྱོང་དང་འཕེལ་རྒྱས་དབར་གྱི་མངོན་གསལ་དོད་པའི་འགལ་བ་ཐག་གཅོད་ཐུབ་ནས། སྐྱེ་ཁམས་ཐོན་ཁུངས་སྲུང་སྐྱོང་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཉིས་ཀར་ཕན་འབྲས་ཐོན་ཡོད། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པ་དང་དུས་མཚུངས་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་ལ་རྡུང་རྡེག་བཏང་བས། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་དྭངས་་གཙང་གི་ཁོར་ཡུག་ཞིག་སྐྲུན་ཡོད།
          རི་སྐྱེས་སྲོག་ཆགས་སྲུང་སྐྱོང་ཐད་ལྷ་ས་གྲོང་ཁྱེར་གྱིས་ཡར་ཀླུང་གཙང་པོའི་བར་རྒྱུད་ཀྱི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་དུས་ཐེངས་གསུམ་པའི་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་སྒྲིག་འཛུགས་བྱས་ནས། མཚམས་རྡོ་དང་དྲིལ་བསྒྲགས་བྱང་བུ་སོགས་སྒྲིག་སྦྱོར་དང་དེ་བཞིན་འབྲེལ་ཡོད་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ལས་དོན་ལེགས་གྲུབ་བྱུང་བ་དང་། མིག་སྔའི་བར་ལས་གྲྭ་90%ལེགས་གྲུབ་ཟིན་ཡོད། 2018ལོའི“ལྗང་ཕུབ”བྱ་སྤྱོད་ཀྱི་འབྲེལ་ཡོད་བླང་བྱ་ལྟར། ཡར་ཀླུང་གཙང་པོའི་བར་རྒྱུད་ལུང་གཞུང་གི་ཁྲུང་ཁྲུང་སྐེ་ནག་གི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ནང་རྒྱལ་ཁབ་ཀྱི་སྲུང་སྐར་རྒྱང་ཚོར་ཁྲིམས་འགལ་སྒྲིག་འགལ་ངང་འཛུགས་སྐྲུན་བྱས་པའི་རྣམ་གྲངས་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ། ལེགས་བཅོས་ཀྱི་དུས་བཀག་དང་། ལེགས་བཅོས་ཀྱི་འགན་འཁུར་མཁན། ལེགས་བཅོས་ཀྱི་ཇུས་གཞི་བཅས་ཁ་གསལ་བཟོས་ཡོད། སྲུང་སྐྱོང་ཁུལ་གྱི་ཉིན་ལྟར་གྱི་སྐོར་གཡེང་ལ་ཤུགས་སྣོན་བརྒྱབ་སྟེ། སྲུང་སྐྱོང་ཁུལ་ནང་ཆེད་ལས་སྐོར་གཡེང་པ་མི་19(སྟག་རྩེ་ཆུས་སུ་མི་7དང་། མལ་གྲོ་གུང་དཀར་རྫོང་དུ་མི་3། ལྷུན་གྲུབ་རྫོང་དུ་མི་9བཅས)བཀོད་སྒྲིག་བྱས་ཡོད། སྔར་ལས་ལྷག་པའི་སྒོ་ནས་སྲུང་སྐྱོང་ཁུལ་ནང་ཁྲིམས་འགལ་གྱིས་ཐོན་སྐྱེད་གཉེར་སྐྱོང་དང་གང་བྱུང་དུ་སྲོག་ཆགས་རྔོན་རྒྱག་པ་སོགས་ཀྱི་བྱ་སྤྱོད་ལ་སྐོར་སྲུང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲུང་སྐྱོང་ཁུལ་གྱི་སྣོད་བཅུད་ནུས་པའི་སྲུང་སྐྱོང་ལ་ཤུགས་སྣོན་བརྒྱབ་ཡོད།
          སྲུང་སྐྱོང་བྱེད་རྒྱུ་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་གཏོང་རྒྱུ་མཉམ་དུ་སྤེལ་ནས། 2018ལོར་ལྷ་ས་གྲོང་ཁྱེར་ཡོངས་ཀྱི་ཁྱབ་ཁོངས་སུ་ཚབ་མིང་ལ"2018ལོའི་རྒྱ་མཚོའི་རླུང་འཚུབ"དང"2018ལོའི་དཔྱིད་ཀྱི་འབྲུག་སྒྲ"ཞེས་པའི་ཁྲིམས་འགལ་ངང་ནགས་ས་བཟུང་བར་རྡུང་རྡེག་དང་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་ལ་སྲུང་སྐྱོང་བྱེད་པའི་ཆེད་དོན་བྱ་སྤྱོད་སྤེལ་ནས། སྔ་རྗེས་སུ་ཉེན་རྟོག་པ་མི་ཐེངས་100ལྷག་ཙམ་དང་རླངས་འཁོར་ཐེངས་41བཏང་ཏེ། ཤིང་ཆ་དང་རི་སྐྱེས་སྲོག་ཆགས་ཉོ་ཚོང་བྱེད་ས་47དང་། རི་སྐྱེས་སྲོག་ཆགས་ཐོན་རྫས་ལས་སྣོན་ཚོང་གཉེར་བྱེད་ས་2གྲལ་བཤེར་བྱས་ནས་གཙང་སེལ་བྱས་པ་དང་། དྲ་རྒྱའི་ཁུངས་སྣེ་9གཙང་བཤེར་བྱས་པ། ནགས་ལས་ཀྱི་གྱོད་གཞི་མི་འདྲ་བ་9ཐག་གཅོད་བྱས་པ། མི་6ལ་སློབ་གསོ་དང་ཐ་ཚིག་བསྒྲགས་པ། མི་4ལ་སྲིད་འཛིན་ཆད་པ་བཅད་པ། མ་དངུལ་སྒོར་ཁྲི་1.49གཞུང་བཞེས་བཏང་བ། ཤིང་ཆ་སྐྱེལ་འདྲེན་ཞིབ་བཤེར་ལ་ཤུགས་སྣོན་བརྒྱབ་པ་དང་། རེས་མོས་ཀྱི་ཆུ་ཚོད་24ཡི་ལས་རེས་འཛུགས་པ། རིམ་ཁག་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་རྒྱུན་གཏན་དང་ཡུན་ཕན་ཐོན་པའི་མཐུན་སྦྱོར་འབྲེལ་གཏུག་གི་ལམ་སྲོལ་བཙུགས་པ། ལྟ་སྐུལ་ཐེར་འདོན་ཁ་པར་ཁྱབ་བསྒྲགས་བྱས་པ། ལྟ་སྐུལ་ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་བཅས་བྱས་ཏེ། མིག་སྔར་ཁྱོན་རིགས་ཁག་གི་ཤིང་ཆ་སྐྱེལ་འདྲེན་འཁོར་རིགས་600ལྷག་ཙམ་དང་། ཤིང་རྐང་2000ལྷག་ཙམ་རྩད་ཆོད་པ། ལག་ཁྱེར་མེད་པར་སྐྱེལ་འདྲེན་བྱེད་པ་དང་ཤིང་ཆ་ལྐོག་འདྲེན་གྱི་སྣང་ཚུལ་ནུས་ལྡན་ངང་བཀག་འགོག་ཐུབ་ནས་ཤིང་ཆ་འཁོར་རྒྱུག་ཁྱབ་ཁོངས་ཀྱི་རྒྱུན་ལྡན་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱས་ཡོད།
ལྷ་ས་གྲོང་ཁྱེར་ནགས་ལས་ཅུས་ཀྱིས་ནགས་ལས་ཀྱི་གྱོད་གཞི་ཐག་གཅོད་བྱེད་བཞིན་པ།