ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་དང་གཞིས་ཀ་རྩེའི་མགོ་སྐོར་རྒོལ་རྡུང་ལྟེ་གནས་གྱིས་མང་ཚོགས་ཀྱི་ལག་ནས་བསླུས་པའི་དངུལ་སྒོར་ཁྲི་༡༡ལྷག་ཕྱིར་ལེན་ཐུབ་པ་བྱུང་།

སྤེལ་དུས 2019-01-04 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། སྤྱི་བདེ་པུའུ་ཡིས་བཏོན་པའི་《2018ལོའི་རྒྱལ་ཡོངས་ཀྱི་གློག་འཕྲིན་དྲ་རྒྱའི་མགོ་སྐོར་ནག་ཉེས་ལ་རྒོལ་རྡུང་གཏོང་བའི་ཆེད་གཉེར་བྱ་བའི་འཆར་གཞི།》ཡི་དགོངས་དོན་དང་བོད་རང་སྐྱོང་ལྗོངས་སྤྱི་བདེ་ཐིང་ནས་བཏོན་པའི་ཤུགས་ཆེར་ཁྱབ་བསྒྲགས་དང་། གྱོད་དོན་བྱུང་བ་ཚོད་འཛིན། དྲག་པོས་རྒོལ་རྡུང་གཏོང་བ། དོ་དམ་གལ་ཆེར་འཛིན་པ་བཅས་ཀྱི་སྤྱིའི་བྱ་བའི་ལམ་ཕྱོགས་ལྟར།  གཉིས་འདེགས་གཉིས་ཕབ་དེ་དམིགས་ཡུལ་དུ་བཟུང་ཏེ། ལྗོངས་ཡོངས་ཀྱི་གྲོང་ཁྱེར་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་ནུས་ཤུགས་ཡོད་དགུས་གྱོད་དོན་དང་འབྲེལ་ཡོད་མ་དངུལ་གཏན་འགོག་དང་དེ་དང་འབྲེལ་ཡོད་ཀྱི་བྱ་བ་བཀག་སྡོམ།   མགོ་སྐོར་ཐེབས་སྲིད་པའི་མི་སྣར་སྔོན་འགོག་སྐོར་གྱི་ཁ་ཏ་སོགས་བྱས།  ཉེ་དུས་ལྷ་ས་དང་གཞིས་ཀ་རྩེའི་སྤྱི་བདེ་ལས་ཁུངས་ཀྱིས་མི་དམངས་མང་ཚོགས་ཀྱི་གྱོང་ཐེབས་རྒྱུ་ནོར་སྒོར་ཁྲི་༡༡ལྷག་ཕྱིར་ལེན་ཐུབ་པ་བྱུང་ཡོད།  
            ༢༠༡༨ལོའི་ཟླ་༡༢པའི་ཚེས་༡༣ཉིན། ལྷ་ས་གྲོང་ཁྱེར་མགོ་སྐོར་རྒོལ་རྡུང་ལྟེ་གནས་ཀྱིས་ཁ་པར་ལམ་ནས་མགོ་སྐོར་བའི་གྱོད་དོན་ཞིག་དང་ལེན་བྱས།  གནོད་འཚེ་ཐེབས་མཁན་རུས་ཐང་ཅན་གྱིས་གྱོད་དོན་སྙན་སེང་ཞུས་པར། ༢༠༡༨ལོའི་ཟླ་༡༢པའི་ཚེས་༡༢ཉིན་གྱི་ཆུ་ཚོད་༡༨སྟེང་སྒོར་༡༠༠༠༠༠བསླུས་པས། མི་མངགས་ནས་རྟོག་ཞིབ་བྱེད་པའི་རེ་བ་བཏོན། 
            གྱོད་དོན་དང་ལེན་བྱས་རྗེས། ལྷ་ས་གྲོང་ཁྱེར་མགོ་སྐོར་རྒོལ་རྡུང་ལྟེ་གནས་ཀྱི་རྩད་ཞིབ་མི་སྣས་མྱུར་དུ་རྩད་གཅོད་བྱས།  རྟོག་ཞིབ་བྱས་རྗེས། ༢༠༡༨ལོའི་ཟླ་༡༢པའི་ཚེས་༡༢ཉིན་གྱི་ཆུ་ཚོད་༡༨པའི་སྟེང་། དོགས་ཡོད་ཉེས་ཅན་མི་ངོ་ཤེས་ཞིག་ལ་རྫུས་ཏེ་ཁ་པར་བཏང་ནས།  གནོད་ཚེ་ཐེབས་མཁན་གྱི་ལག་ནས་དངུལ་སྒོར༡༠༠༠༠༠བླངས་ཡོད། དེ་བས་ལྷ་ས་གྲོང་ཁྱེར་མགོ་སྐོར་རྒོལ་རྡུང་ལྟེ་གནས་ཀྱི་རྩད་གཅོད་མི་སྣས་མྱུར་དུ་འབྲེལ་ཡོད་གྱོད་དོན་གྱི་དངུལ་བྱང་མ་དངུལ་སྤྲོད་ལེན་བཀག་སྡོམ་དང་མ་དངུལ་དེའི་འཁོར་ཕྱོགས་ལ་རྟོག་ཞིབ་བྱས།  གྱོད་དོན་ལ་འབྲེལ་བ་ཡོད་པའི་དངུལ་བྱང་༡བཀག་སྡོམ་བྱས་ཏེ་མ་དངུལ་སྒོར་༡༠༠༠༠༠ལྷག་རྩད་ཆོད། མིག་སྔར་གྱོད་དོན་དེ་མུ་མཐུད་ནས་རྩད་གཅོད་བཞིན་ཡོད།
            ༢༠༡༨ལོའི་ཟླ་༦པའི་ཚེས་༡༥ཉིན། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སྤྱི་བདེ་ཅུས་ཉེས་དོན་རྩད་གཅོད་རུ་ཁག་གིས་གོང་རིམ་སྡེ་ཁག་གི་མཛུབ་སྟོན་ལྟར།  ས་གནས་དེའི་དམག་སྐུལ་དང་ལེན་པ་རུས་ཧང་ཅན་ལ་མགོ་སྐོར་ཐེབས་ཡོད་པར་དོགས་ནས། རུ་ཆེན་དེས་གནོད་འཚེ་ཐེབས་མཁན་ལ་འབྲེལ་བ་བྱས་ཏེ་རྟོག་ཞིབ་བྱེད་འགོ་བརྩམས། རྟོག་ཞིབ་བྱས་པར་གཞིགས་ན། ༢༠༡༨ལོའི་ཟླ་༤པའི་ཚེས་༡༣ཉིན། རུས་ཧང་ཅན་ལ་གྲོགས་པོས་བསྐུར་བའི་སྐད་འཕྲིན་རྩ་གཉིས་ཨང་བཤེར་ཞིག་འབྱོར། རྩ་གཉིས་ཨང་བཤེར་དེ་བརྒྱུད་ནས་རུས་ཧང་ཅན་གྱིས་བུད་མེད་ཅིག་ནང་འཇུག་བྱས། སྔ་ཕྱིར་དེ་ལ་བསྡོམས་པས་སྒོར་༢༠༣༡༠སྤྲད།  མི་དེས་རིན་མེད་ངང་ཁ་པར་བདམས་དུ་བཅུག་པ་དང་།  ཁ་པར་དེ་ཡང་ལམ་བར་གྱི་ཁྲལ་སྒོ་ནས་བཀག་པར་ཁག་བཞག་ནས་རུས་ཧང་ཅན་ལ་མགོ་སྐོར་བཏང་། འབྲེལ་ཡོད་ཀྱི་བདེན་དཔང་རྒྱུ་ཆ་བཙལ་རྗེས། གྲོ་མོ་རྫོང་སྤྱི་བདེ་ཅུས་ཉེས་དོན་རྩད་གཅོད་རུ་ཆེན་དང་ཀོང་ཏུང་ཞིང་ཆེན་ཧའེ་ཅི་རྫོང་སྤྱི་བདེ་ཅུས་ཀྱི་གྱོད་སྒྲུབ་མི་སྣ་བར་ཕན་ཚུར་འབྲེལ་བ་བྱས་ནས་འབྲེལ་ཡོད་རྒྱུ་ཆ་མང་པོ་ཧུར་ཐག་སྒོས་མཁོ་འདོན་བྱས།  ༢༠༡༨ལོའི་ཟླ་༡༡པའི་ཚེས་༢༩ཉིན། གྲོ་མོ་རྫོང་སྤྱི་བདེ་ཅུས་ཉེས་དོན་རུ་ཆེན་ནས་ཁྲིམས་ལྟར་ཁེ་དབང་མི་སྣ་རུས་ཧང་ཅན་གྱི་སྒོར་༢༠༣༡༠དེ་ཕྱིར་ལེན་ཐུབ་པ་བྱུང་།
            ༢༠༡༨ལོའི་ཟླ་༧པའི་ཚེས་༡༡ཉིན། གནོད་འཚེ་ཐེབས་མཁན་རུས་ཝང་ཅན་གྱིས་གཞིས་ཀ་རྩེ་སྤྱི་བདེ་ཅུས་ཉེས་དོན་ཉེན་རྟོག་རུ་ཁག་ལ་གྱོད་དོན་སྙན་སེང་ཞུས་དོན།  མི་ཞིག་གིསQQནས་ངའི་སྦྱིན་བདག་ལ་རྫུས་ནས་སྒོར་ཁྲི་༡༠མགོ་སྐོར་བཏང་བས། མི་མངགས་ནས་རྟོག་ཞིབ་བྱེད་རོགས་ཞུས། གྱོད་དོན་དང་ལེན་བྱས་རྗེས། གཞིས་རྩེ་མགོ་སྐོར་རྒོལ་རྡུང་ལྟེ་གནས་ཀྱིས་མ་དངུལ་སྒོར་ཁྲི་༤བཀག་སྡོམ་ཐུབ་པ་བྱུང་། ༢༠༡༨༩ལོའི་ཟླ་༡༡པའི་ཚེས་༢༠ཉིན། གཞིས་རྩེ་མགོ་སྐོར་རྒོལ་རྡུང་ལྟེ་གནས་ཀྱིས་ཁྲིམས་ལྟར་ཁེ་དབང་མི་སྣ་རུས་ཝང་ཅན་གྱི་སྒོར་ཁྲི་༤ཕྱིར་ལེན་ཐུབ་པ་བྱུང་།
            ༢༠༡༨ལོའི་ཟླ་༨པའི་ཚེས་༨ཉིན། གནོད་འཚེ་ཐེབས་མཁན་རུས་ཀྲུའུ་ཅན་གྱིས་གཞིས་རྩེ་གྲོང་ཁྱེར་ཉེས་དོན་ཉེན་རྟོག་རུ་ཁག་ལ་གྱོད་དོན་སྙན་སེང་ཞུས་དོན། མི་ཞིག་གིས་ཁོ་རང་དམག་མི་ལ་རྫུས་ནས་ང་ལ་མགོ་སྐོར་བཏང་བ་དང་། ངའི་ལག་ནས་སྒོར་ཁྲི་༩བླངས་པས། མི་མངགས་ནས་རྟོག་ཞིབ་བྱེད་རོགས་ཞུས།  གྱོད་དོན་དང་ལེན་བྱས་རྗེས། གཞིས་རྩེ་གྲོང་ཁྱེར་མགོ་སྐོར་རྒོལ་རྡུང་རུ་ཁག་གིས་སྒོར་ཁྲི་༤བཀག་སྡོམ་ཐུབ་པ་དང་། ༢༠༡༨ལོའི་ཟླ་༡༡པའི་ཚེས་༢༨ཉིན། གཞིས་རྩེ་གྲོང་ཁྱེར་མགོ་སྐོར་རྒོལ་རྡུང་ལྟེ་གནས་ཀྱིས་ཁྲིམས་ལྟར་ཁེ་དབང་མི་སྣ་རུས་ཀྲུའུ་ཅན་གྱི་སྒོར་ཁྲི་༤ཕྱིར་ལེན་ཐུབ་པ་བྱུང་ཡོད།