ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་ལ་བོད་ལྗོངས་ཀྱིས་བསྡོམས་རྩིས་བྱས་ན་ཡུལ་སྐོར་བ་མི་ཐེངས་ཁྲི་51.17སྣེ་ལེན་བྱས་པ།

སྤེལ་དུས 2019-02-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།

            བོད་ཆས་གྱོན་པ་དང་ལྷ་མོར་བལྟ་བ། སྒོར་བྲོ་འཁྲབ་པ། བར་སྐོར་ལ་ཉུལ་པ། ཡང་ན་སྣང་བ་སྐྱིད་པོའི་ངང་ཉི་མར་ལྡེ་བ། ཇ་མངར་མོ་བཏུང་བ་དང་བོད་ཐུག་འཐུང་པ་སོགས་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་དུས་མཉམ་དུ་འཁེལ་བའི་སྐབས་འདིར་དགུན་དུས་ཀྱི་བོད་ལྗོངས་སུ་ཡུལ་སྐོར་པས་བོད་ཀྱི་ཁྱད་ཆོས་ཟབ་མོས་ཕྱུག་པའི་འཚོ་བར་མྱོང་རོལ་ཐུབ་ཡོད། རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་གྲངས་གཞིའི་བསྡོམས་རྩིས་ལ་གཞིགས་ན། གུང་གསེང་རིང་བོད་ལྗོངས་ཀྱིས་བསྟུད་མར་ཡུལ་སྐོར་བ་སྣེ་ལེན་ཞུ་ཚད་མི་ཐེངས་ཁྲི51.17དང་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར3.53ཟིན་ཡོད་ལ། སོ་སོར་དུས་མཚུངས་ལས11.6%དང17.72%འཕར་བ་དང་། དེའི་ཁྲོད་དུ། ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི17.7ཟིན་ལ་ལོ་གོང་མའི་དུས་མཉམ་དང་བསྡུར་ན8.75%ཟིན་ཡོད་པ། ཉིན་གཅིག་ཡུལ་སྐོར་བྱེད་མཁན་ཡུལ་སྐོར་བ་མི་ཐེངས་ཁྲི33.47དང་།ལོ་གོང་མའི་དུས་མཉམ་དང་བསྡུར་ན་13.17%འཕར་ཡོད།

            དུས་ཆེན་རིང་བོད་སྐྱོད་ཡུལ་སྐོར་ནི་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་དེ། “ད་ལོ་ནི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་འཁེལ་ཡོད་པས། དམིགས་བསལ་གྱི་དུས་ཆེན་གྱི་རྣམ་པ་ཟབ་མོ་ཞིག་མྱོང་རོལ་ཐུབ་པས་ཧ་ཅང་དགའ་པོ་བྱུང་ཡོད། དམིགས་བསལ་གྱི་ཉིན་མོ་འདིར། བོད་ཀྱི་ལོ་གསར་ལ་མྱོང་རོལ་ཐུབ་ཡོད་ལ། བོད་རིགས་མི་དམངས་ལ་ལོ་གསར་གྱི་བཀྲ་ཤིས་སྨོན་འདུན་ཞུ། བཀྲ་ཤིས་བདེ་ལེགས”ཞེས་ཞི་ཨན་ནས་ཡོང་བའི་ཡུལ་སྐོར་བ་ལི་ཏན་གྱིས་དེ་སྐད་བརྗོད་བྱུང་།

            “ངས་ནི་གྲོགས་པོའི་ཚོམས་སུ་བོད་ལྗོངས་ཀྱི་འདྲ་པར་བསྐུར་པར། གྲོགས་པོ་མང་པོ་ཞིག་གིས་ང་ལ་སྐད་བཞག་ཏེ་བཀའ་འདྲི་གནང་གི་འདུག”ཅེས་ལི་ཏན་གྱིས་གྲོགས་པོ་ཚོར་མཉམ་སྤྱོད་གནང་ཡོད་པ་རེད། "ཕོ་བྲང་པོ་ཏ་ལ་དང་ལྷ་ལྡན་གཙུག་ལག་ཁང་། བར་སྐོར་ནི་ཚང་མ་ངེས་པར་དུ་བསྐྱོད་དགོས་སའི་མཛེས་ལྗོངས་ཁུལ་ཡིན་ཏེ། ཉིན་རེར།དད་ལྡན་མང་ཚོགས་མང་པོས་གཙུག་ལག་ཁང་ལ་སྐོར་བ་བརྒྱབ་ཏེ་མཆོད་མཇལ་གནང་གི་ཡོད། ཐག་རིང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་ཡིན་པའི་ཆ་ནས། སྣང་ཚུལ་དེ་དག་གིས་ཡིད་དབང་ཅིག་ཅར་འཕྲོག་འོང་ལ། ང་རང་སླར་ཡང་སྒེར་འཁོར་བཏང་ནས་གནས་མཆོག་འདིའི་རང་བྱུང་མཛེས་ལྗོངས་ལ་རོལ་མྱོང་བྱེད་དུ་ཡོང་སྲིད།”

            གསར་འགོད་པས་ལྷ་སའི་གསོལ་མགྲོན་ཁང་ཁག་ཅིག་ནས་ཤེས་རྟོགས་བྱས་པར་གཞིགས་ན། “དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་བའི་སྲིད་ཇུས་ཀྱི་ཁེ་ཕན་སྐུལ་ཁྲིད་འོག དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་།ཡུལ་སྐོར་བ་ཚོ་སྐར་ལྔའི་རིམ་པའི་མགྲོན་ཁང་དུ་ཞག་སྡོད་བྱེད་པར་ཞག་མ་རེར་རིན་གོང་སྒོར600ལས་བརྒལ་མེད་པ་དང་། སྐར་གསུམ་མགྲོན་ཁང་དང་སྤུས་ལེགས་མཉམ་སྦྲེལ་མགྲོན་ཁང་དུ་ཞག་མ་རེར་ཆེས་དམའ་ཤོས་སྒོར100རེད། གླེང་རིན་ཡོད་པ་ཞིག་ནི། བོད་སྐྱོད་གནམ་གྲུའི་པ་སེའི་རིན་གོང་ལ་གཟིགས་སྐྱོང་ཆེན་པོ་འདུག་སྟེ། གཙོ་རྒྱུག་སྒུལ་བདེའི་པ་སེ་ཉོ་སྟེགས་སུ། ཁྲེན་ཏུའུ་དང་ཞི་ཨན་སོགས་ཀྱིས་བོད་སྐྱོད་མཁའ་ལམ་རིན་གོང་ནི་དེ་བས་ཀྱང་ཤིན་ཏུ་བདེ་སྟེ་ཐ་ན་རིན་གོང་སྒོར300ལས་ཉུང་པ་ཅན་ཡང་ཡོད།              ཀླུ་ནང་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་རྒྱང་རིང་གི་གངས་རི་དང་མཚེའུ། རྩྭ་ཐང་། རི་མཐོའི་འབྲོག་ས། སྲོལ་རྒྱུན་བཟོ་སྐྲུན་བཅས་ཀྱིས་ཡུལ་སྐོར་བར“ཤར་ཕྱོགས་ཀྱི་སུའེ་ཙེར”ལྟ་བུའི་རི་མཐོ་ལ་ནགས་སྟུག་པོའི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པ་དང་། ཡུལ་སྐོར་བ་ཐེན་ཞའོ་ཁྲང་གིས། ཉིང་ཁྲིའི་ས་བབ་དམའ་བ་དང་གསོ་རླུང་འདུས་ཚད་མཐོ་བ་བཅས་ཀྱིས་ས་མཐོའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་ཐུབ་པ་དང་། ཉིང་ཁྲིར“བོད་ཀྱི་འབྲི་ཆུའི་ལྷོ་རྒྱུད་ཆུང་བ”ཞེས་གྲགས་ཤིང་། དགུན་དུས་ཀྱི་ཡུལ་ལྗོངས་ཧ་ཅང་མཛེས་ཤིང་ལྟ་ན་སྡུག   བྲག་གསུམ་མཚོ་དང་ཀླུ་ནང་ནགས་ཚལ། གྲོག་རོང་ཆེན་པོ་བཅས་ནི་ཡུལ་སྐོར་བྱ་རིན་ལྡན་པའི་མཛེས་ལྗོངས་རེད། ངེད་བཟའ་མི་ཚང་མ་སྒྲོལ་མ་ཁྱིམ་ཚང་མགྲོན་ཁང་དུ་ཞག་སྡོད་བྱས་པ་ཡིན་ཏེ། སྡོད་ཁང་གི་ཆ་རྐྱེན་རྒྱས་སྤྲོས་དེ་འདྲ་མིན་ནའང་ཧ་ཅང་གཙང་ལ་གྲལ་དག་ཅིང་གོང་ཁེ་བ་མ་ཟད་ཁྱིམ་ཚང་མགྲོན་ཁང་དེའི་དགེ་མཚན་ཆེ་ཤོས་ནི་གདོད་མའི་སྣོད་བཅུད་ཀྱི་བོད་ཀྱི་ཡུལ་སྲོལ་མྱོང་རོལ་བྱེད་ཐུབ་པ་རེད།

            རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ལོའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་རིང་། བོད་ཀྱིས“རྒྱས་སྤྲོས་བོད་ལྗོངས”ཀྱི་རྣམ་གྲངས་སྤེལ་འགོ་བཙུགས་པ་དང་། དེའི་ཐོག་ནས་བོད་ཀྱི་ཡུལ་སྐོར་གྱིས་ཆེད་བཟོས་ཡུལ་སྐོར་གྱི་དུས་རབས་སུ་བསྐྱོད་པ་མཚོན་ལ། བོད་ཀྱི་ཡུལ་སྐོར་རྩེར་སོན་ཅན་དང་རྩེར་སོན་ཅན་འཕེལ་རྒྱས་ལ་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་པ་དང་། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བཏོན་པའི་བོད་ཀྱི་ཡུལ་སྐོར་ལ“ཁྱད་ལྡན་བསྐྲུན་པ་དང་རྩེར་སོན་སྤུས་ལེགས་སུ་བསྐྱོད་པ། སྤུས་དག་གི་འདེགས་སྐྱོར། ས་ཁོངས་ཧྲིལ་པོ་བཏོད་པ”སོགས“ལེགས་པོ་བཞིའི”བླང་བྱ་ལག་ལེན་དུ་བསྟར་པ་རེད།


རྩོམ་སྒྲིག་པ། སངས་སྐྱབས།