ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཡུལ་སྐོར་མགྲོན་པོ་ཅི་བསམ་གང་འདོད་ཀྱིས་ཇོ་མོ་གླང་མའི་རི་འཛེགས་སྒར་ཆེན་དུ་བགྲོད་མི་ཆོག

སྤེལ་དུས 2019-02-19 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
            མ་ཡིག་གི་ཁ་བྱང་སྟེ་ཡུལ་སྐོར་མགྲོན་པོ་ཅི་བསམ་གང་འདོད་ཀྱིས་ཇོ་མོ་གླང་མའི་རི་འཛེགས་སྒར་ཆེན་དུ་བགྲོད་མི་ཆོག—གཞུང་ཕྱོགས་ཀྱིས་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་ཀྱི་སྒྲིག་སྲོལ་བཤད་པ།
res01_attpic_brief.jpg
            ལྟེ་བའི་ས་ཁུལ་དུ་ལས་ཁུངས་དང་མི་སྒེར་གང་རུང་སུ་ཡང་བགྲོད་མི་ཆོག ཁྲིམས་སྲོལ་འདི་གའི་སྒྲིག་སྲོལ་དོན་ཚན་ཨང་ཉེར་བདུན་པ་ལྟར་ཆོག་མཆན་ཡོད་པ་ཕུད། ཚན་རིག་ཞིབ་འཇུག་གི་ལས་ལ་འཇུག་མཁན་ཡང་བགྲོད་མི་ཆོག  ཇོ་མོ་གླང་མའི་ལྗོངས་ཁུལ་ནི་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་གྱི་ཁག་ཆུང་ཆུང་ཞིག་སྟེ། འཛུལ་སྒོ་ནི་དིང་རི་རྫོང་མཁར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་20དང་ཉེ་བའི་སར་ཡོད་ཅིང་། མངའ་ཁོངས་དེ་དང་སྲུང་སྐྱོབ་ཁུལ་གྱི་ཚོད་ལྟའི་ཁུལ་ཕན་ཚུན་གཅིག་ཏུ་གྱུར་ཡོད།
            ཐེངས་འདིར་གནས་ས་དག་སྒྲིག་བྱས་པ་ནི་ཡུལ་སྐོར་མགྲོན་པོའི་སྒར་ཆེན་ཡིན་སྟེ། མཚོ་ངོས་ལས་མཐོ་ཚད་སྨི་5000ཡས་མས་ཀྱི་རོང་ཕུ་དགོན་པའི་བར་དུ་ཕྱིར་སྣུར། 2019ལོར་བོད་ལྗོངས་ཀྱི་ཕྱོགས་གཅིག་གི་དཔྱིད་ཀའི་ཇོ་མོ་གླང་མའི་རི་འཛེགས་སྔར་ལྟར་སྤེལ་བ་དང་། རི་འཛེགས་སྒར་ཆེན་གྱི་གནས་སར་ཡང་འགྱུར་བ་མེད།
            སྒྲིག་སྲོལ་དང་མཐུན་པའི་རི་འཛེགས་དང་ཚན་རིག་ཞིབ་འཇུག་སོགས་ཀྱི་བྱ་འགུལ་སྔར་ལྟར་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་དུ་སྤེལ་ཆོག
            ཉེ་ལམ་བོད་ལྗོངས་ཀྱི་ཇོ་མོ་གླང་མ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ(བསྡུས་མིང་ལ་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་ཞེས་འབོད)གྱི་ལྟེ་བའི་ས་ཁུལ་དུ་ཡུལ་སྐོར་མགྲོན་པོ་འགྲོ་མི་ཆོག་པར་བཟོས་པ་དེས་གླེང་གཞིའི་ཚ་རླབས་ཆེན་པོ་འཕྱུར་དུ་བཅུག་པ་དང་། ད་དུང་ཇོ་མོ་གླང་མ་གཏན་དུ་སྒོ་རྒྱབ་པ་ལྟ་བུའི་བཤད་ཡམས་ཡང་བྱུང་། དེའི་ཕྱིར་གསར་འགོད་པས་སྲུང་སྐྱོབ་ཁུལ་གྱི་ཡུལ་སྐོར་དང་རི་འཛེགས། ཚན་རིག་ཞིབ་འཇུག་སོགས་བྱ་འགུལ་གྱི་འབྲེལ་ཡོད་སྒྲིག་སྲོལ་སྐོར་བོད་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཁག་ལ་འདྲི་རྩད་ཞུས།
སྲུང་སྐྱོབ་ཁུལ་དང་ལྗོངས་ཁུལ་ལ་ཁྱད་པར་ཡོད།
            ཇོ་མོ་གླང་མ་སྲུང་སྐྱོབ་ཁུལ་གྱི་དོ་དམ་ཅུས་ཀྱིས་གསར་འགོད་པར་སྤྲད་པའི་སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས་གསལ་སྟོན་རི་མོ་ལྟར་ན། སྲུང་སྐྱོབ་ཁུལ་གྱི་མངའ་ཁོངས་བོད་ལྗོངས་གཞིས་ཀ་རྩེ་གྲོང་གི་དིང་རི་དང་གཏིང་སྐྱེས། གཉའ་ནང་། སྐྱིད་གྲོང་བཅས་རྫོང་བཞིར་ཁྱབ་ཡོད་ཅིང་། ཁྱོན་བསྡོམས་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་3.38ཙམ་ཡོད་པ་དང་། མི་ཁྲི་བཅུར་ཉེ་བ་ཙམ་ས་ཁུལ་འདིར་ཡུན་རིང་ངང་འཚོ་སྡོད་བྱས་ཡོད།
            སྲུང་སྐྱོབ་ཁུལ་ནི་ལྟེ་བའི་ཁུལ་དང་བར་བཅད་ཁུལ། ཚོད་ལྟའི་ཁུལ་བཅས་བྱེད་ནུས་སྐོར་ཁག་གསུམ་དུ་བགོས་ཡོད་ཅིང་། དེའི་ཁྲོད་དུ་ཇོ་མོ་གླང་མ་ནི་ལྷོ་མཐར་གནས་པ་དང་། ཇོ་མོ་གླང་མ་ལྟེ་བའི་ཁུལ་ཞེས་འབོད། རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་3000ཙམ་ཡོད། ཇོ་མོ་གླང་མ་མ་གཏོགས། འཛམ་གླིང་གི་མཐོ་ཚད་ཨང་བཞི་པ་ལྷོ་རྩེ་དང་ཨང་ལྔ་པ་མ་ཁ་རུ། ཨང་དྲུག་པ་ཇོ་བོ་དབུ་ཡག་བཅས་ཀྱང་ཁུལ་འདིར་ཚུད་ཡོད།
            ལྟེ་བའི་ཁུལ་ལ་<<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་སྲོལ>>(གཤམ་དུ་བསྡུས་ཏེ<<རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་སྲོལ>>ཞེས་འབོད)དུ་འདི་ལྟར་བྲིས་ཡོད་དེ། ལྟེ་བའི་ས་ཁུལ་དུ་ལས་ཁུངས་དང་མི་སྒེར་གང་རུང་སུ་ཡང་བགྲོད་མི་ཆོག ཁྲིམས་སྲོལ་འདི་གའི་སྒྲིག་སྲོལ་དོན་ཚན་ཨང་ཉེར་བདུན་པ་ལྟར་ཆོག་མཆན་ཡོད་པ་མ་གཏོགས། ཚན་རིག་ཞིབ་འཇུག་གི་ལས་ལ་འཇུག་མཁན་ཡང་བགྲོད་མི་ཆོག 
            འོན་ཀྱང་ཇོ་མོ་གླང་མའི་ལྗོངས་ཁུལ་ནི་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་ནང་གི་སྐོར་ཆུང་ངུ་ཞིག་ལས་མིན་ལ། འཛུལ་སྒོ་ནི་དིང་རི་རྫོང་མཁར་གྱི་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་20དང་ཉེ་བའི་སར་ཡོད་ཅིང་། མངའ་ཁོངས་དེ་དང་སྲུང་སྐྱོབ་ཁུལ་གྱི་ཚོད་ལྟའི་ཁུལ་ཕན་ཚུན་གཅིག་ཏུ་གྱུར་ཡོད། དིང་རི་རྫོང་ཇོ་མོ་གླང་མའི་དོ་དམ་ཡན་ལག་ཅུས་ཀྱིས་སྤྲད་པའི་གནས་ཚུལ་ལྟར་ན། 2018ལོའི་སྲུང་སྐྱོབ་ཁུལ་གྱི་བྱེད་ནུས་སྐོར་བགོས་དག་སྒྲིག་ཁྲོད། ལྗོངས་ཁུལ་གྱི་འཛུལ་སྒོ་ནས་རོང་ཕུ་དགོན་པའི་བགྲོད་ལམ་དང་ཕྱོགས་གཉིས་ཆའི་སྨི་100ནང་གི་མངའ་ཁོངས་ཡོངས་ཚོད་ལྟའི་ཁུལ་དུ་བགོས་པ་དང་། 2019ལོའི་དག་སྒྲིག་རྗེས་སུ་ཡུལ་སྐོར་མགྲོན་པོའི་སྒར་ཆེན་ཡང་རོང་ཕུ་དགོན་པའི་ཁུལ་གྱི་ཚོད་ལྟའི་ཁུལ་དུ་གནས་ཡོད། <<རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་སྲོལ>>ལྟར་ན། ཚོད་ལྟའི་ཁུལ་དུ་ཚན་རིག་ཚོད་ལྟ་དང་དམར་ཁྲིད་དངོས་སྦྱོང་། བརྟག་དཔྱད་ལྟ་སྐོར། ཡུལ་སྐོར་སོགས་ཀྱི་བྱ་འགུལ་སྤེལ་ཆོག་པ་རེད།
            དེའི་ཕྱིར་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་དང་ལྗོངས་ཁུལ་ལ་ཁྱད་པར་ཡོད། ལག་རྟགས་ཆ་ཚང་ཡོད་པའི་ཡུལ་སྐོར་བ་ལོ་འཁོར་མོ་ཡུག་ཏུ་ལྗོངས་ཁུལ་དུ་བགྲོད་ཆོག་མོད། སྲུང་སྐྱོབ་ཀྱི་ལྟེ་བའི་ཁུལ་དང་བར་བཅད་ཁུལ་དུ་བགྲོད་མི་ཆོག་པར་མ་ཟད། སྲུང་སྐྱོབ་ཁུལ་གྱི་སྒྲིག་སྲོལ་གཞན་དག་ཀྱང་བརྩི་དགོས།
རི་འཛེགས་དང་ཡུལ་སྐོར་མགྲོན་པོའི་སྒར་ཆེན་ལ་ཁྱད་པར་ཡོད།
            འགན་འཛིན་པ་མང་པོས་གསར་འགོད་པར་ངོ་སྤྲད་པ་ལྟར་ན། ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་དུ་དོན་དངོས་སུ་སྒར་ཆེན་གཉིས་ཡོད་ཅིང་། གཅིག་ནི་རི་འཛེགས་པ་སྡོད་སའི་རི་འཛེགས་སྒར་ཆེན་དང་། གཅིག་ནི་ཡུལ་སྐོར་བ་སྡོད་སའི་ཡུལ་སྐོར་མགྲོན་པོའི་སྒར་ཆེན་ཏེ། རས་གུར་སྒར་ཆེན་ཡང་བྱ། གཉིས་ཀ་ཚང་མ་ནི་དུས་ཚིགས་རང་བཞིན་གྱི་སྒར་ས་ཡིན་པ་ལས། གཏན་དུ་ཡོད་པའི་འཛུགས་སྐྲུན་མེད།
            ཡུལ་སྐོར་མགྲོན་པོ་ད་ནས་ཇོ་མོ་གླང་མའི་སྒར་ཆེན་དུ་འགྲོ་ས་མེད་པའི་བཤད་ཡམས་ལ་ཁ་གཏད་ནས། བོད་རང་སྐྱོང་ལྗོངས་ལུས་རྩལ་ཅུས་ཀྱི་ཅུས་ཀྲང་ཉི་མ་ཚེ་རིང་གིས་བཤད་དོན། ཡུལ་སྐོར་མགྲོན་པོ་གང་འདོད་ཀྱིས་ནམ་ཡང་ཇོ་མོ་གླང་མའི་རི་འཛེགས་སྒར་ཆེན་དུ་བགྲོད་མི་ཆོག རི་འཛེགས་རུ་ཁག་སྒར་ས་དེ་གར་འགྲོ་སྐབས་བོད་ལྗོངས་ལུས་རྩལ་སྲིད་འཛིན་དོ་དམ་སྡེ་ཁག་གིས་བྱིན་པའི་རི་འཛེགས་ཆོག་མཆན་ལག་རྟགས་ཡོད་དགོས།
            1960ལོར་ཀྲུང་གོ་བ་ཐོག་མར་ཇོ་མོ་གླང་མར་འཛེགས་ཤིང་། དུས་དེ་ནས་བཟུང་། ཇོ་མོ་གླང་མའི་རི་འཛེགས་སྒོ་འབྱེད་ཀྱི་ལོ་དུས་ཀུན་ཏུ་རི་འཛེགས་སྒར་ཆེན་བཙུགས་ཡོད། ད་ལྟ་རི་འཛེགས་སྒར་ཆེན་རོང་ཕུ་དགོན་པའི་ལྷོའི་དྲང་ཐད་ཀྱི་སྤྱི་ལེ་དྲུག་ཙམ་གྱི་སར་ཡོད་པ་དང་། དེ་ནི་མི་རྣམས་ཀྱིས་ནམ་རྒྱུན་བརྗོད་པའི་མཚོ་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་སྒར་ཆེན་ཞེས་པ་དེ་ཡིན།
            2019ལོར་བོད་ལྗོངས་ཀྱི་དཔྱིད་ཀའི་ཇོ་མོ་གླང་མའི་རི་འཛེགས་སྔར་ལྟར་སྤེལ་བ་དང་། རི་འཛེགས་སྒར་ཆེན་གྱི་གནས་སར་ཡང་འགྱུར་བ་མེད།
            འོན་ཀྱང་ཐེངས་འདིར་གནས་ས་དག་སྒྲིག་བྱས་པ་ནི་ཡུལ་སྐོར་མགྲོན་པོའི་སྒར་ཆེན་ཡིན་ཏེ། ཡུལ་སྐོར་མགྲོན་པོའི་སྒར་ཆེན་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་ཕུབ་ལ་རས་གུས་བཅུ་ཕྲག་ཁ་ཤས་ཀྱིས་གྲུབ་པའི་ཟས་སྡོད་ཀྱི་ཁུལ་ཞིག་ཡིན་ལ། ནམ་རྒྱུན་ཟླ་བཞི་བར་འགོ་བཙུགས་ཏེ་ཟླ་བཅུ་བར་ལོག་འགྲོ་བ་དང་། རི་འཛེགས་སྒར་ཆེན་ལས་ཇོ་མོ་གླང་མ་དང་ཐག་རིང་བར་མ་ཟད། ཡུལ་སྐོར་བ་ལྗོངས་ཁུལ་དུ་འགྲོ་ཆོག་སའི་ཇོ་མོ་གླང་མ་དང་ཐག་ཆེས་ཉེ་བའི་གནས་ཀྱང་ཡིན།
            2019ལོར་ཡུལ་སྐོར་མགྲོན་པོའི་སྒར་ཆེན་གྱི་གནས་ས་མཚོ་ངོས་ལས་མཐོ་ཚད་སྨི་5000ཡས་མས་ཀྱི་རོང་ཕུ་དགོན་པའི་བར་དུ་ཕྱིར་སྣུར། དེ་དང་མཉམ་དུ་སྤར་བ་ལ་ཇོ་མོ་གླང་མའི་མཚོ་ངོས་ལས་མཐོ་ཚད་བཀོད་པའི་རྡོ་རིང་ཡང་ཡོད་དེ། འདི་ནི་<<རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཁྲིམས་སྲོལ>>ལྟར་དག་སྒྲིག་བྱས་པ་རེད།
            དེའི་ཕྱིར་སྒར་ས་གཉིས་ལ་ཁྱད་པར་ཡོད་པ་དང་། ཡུལ་སྐོར་བ་དང་རི་འཛེགས་པ་ཡང་ཁ་ཁར་འབྱེད་དགོས། ཡུལ་སྐོར་མགྲོན་པོའི་སྒར་ཆེན་གྱི་གནས་ནས་རི་དང་རྩེ་མོ་གསལ་བར་མཐོང་ཐུབ་ལ། ཇོ་མོ་གླང་མར་གཟིམས་མོ་བྱེད་པར་ཤུགས་རྐྱེན་མེད།
རི་འཛེགས་དང་ཚན་རིག་རྟོག་ཞིབ་ངེས་པར་དུ་ཁྲིམས་སྲོལ་དང་མཐུན་དགོས།
            སྒྲིག་སྲོལ་དང་མཐུན་པའི་རི་འཛེགས་དང་ཚན་རིག་རྟོག་ཞིབ་སོགས་ཀྱི་བྱ་འགུལ་ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་དུ་སྤེལ་ཆོག <<རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲིམས་སྲོལ>>ལྟར་ན། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་ཀྱི་ལྟེ་བའི་ཁུལ་དུ་ཚུད་པ་རྣམས། ཞིང་ཆེན་དང་རང་སྐྱོང་ཁུལ་དང་ཐད་གཏོགས་གྲོང་ཁྱེར་གྱི་མི་དམངས་སྲིད་གཞུང་གི་འབྲེལ་ཡོད་རང་བྱུང་སྲུང་སྐྱོབ་ཁུལ་གྱི་སྲིད་འཛིན་དོ་དམ་སྡེ་ཁག་གི་ཆོག་མཆན་བརྒྱུད་དགོས།
            ཇོ་མོ་གླང་མའི་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྐལ་བཟང་གིས་སྨྲས་པ། 2019ལོའི་ཇོ་མོ་གླང་མའི་རི་འཛེགས་བྱ་འགུལ་ལ་བོད་རང་སྐྱོང་ལྗོངས་ནགས་ལས་ཐེན་གྱི་ཆོག་མཆན་འཐོབ་ཟིན།
            2006ལོར་བསྒྲགས་བསྟར་བྱས་པའི་<<བོད་རང་སྐྱོང་ལྗོངས་ཀྱི་རི་འཛེགས་ཁྲིམས་སྲོལ>>ལྟར་ན། རང་སྐྱོང་ལྗོངས་ཀྱི་སྲིད་འཛིན་ས་ཁུལ་ནང་དུ་མཚོ་ངོས་ལས་མཐོ་ཚད་སྨི་5500ཡན་གྱི་རི་བོར་འཛེགས་པ་དང་བྲག་འགོས་དང་ཁངས་ཤུད་དང་དར་ཤུད་སོགས་ཉེན་མྱུལ་བྱ་འགུལ་སྤེལ་བ་དང་། རི་བོའི་གནས་ཁུལ་དུ་ཚན་རིག་རྟོག་ཞིབ་དང་ལྟ་འཇལ་བྱ་འགུལ་སྤེལ་བ་ཡིན་ན། འབྲེལ་ཡོད་རུ་ཁག་གིས་བྱ་འགུལ་མ་སྤེལ་བའི་ཉིན་སུམ་ཅུའི་སྔོན་དུ་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལུས་རྩལ་སྲིད་འཛིན་དོ་དམ་སྡེ་ཁག་ལ་རེ་ཞུ་བྱེད་དགོས། འབྲེལ་ཡོད་སྡེ་ཁག་གིས་ཀྱང་ལས་ཉིན་ཉི་ཤུའི་ནང་ཆོག་མཆན་སྟེར་མིན་གྱི་ཐག་བཅད་དེ། རེ་ཞུ་མཁན་ལ་བརྡ་གཏོང་དགོས།
            བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལུས་རྩལ་སྲིད་འཛིན་དོ་དམ་སྡེ་ཁག་གིས་རི་འཛེགས་རུ་ཁག་གི་བརྟག་དཔྱད་ཆོག་མཆན་གྱི་བརྒྱུད་རིམ་ཁྲོད་དུ་རི་འཛེགས་རུ་ཁག་གི་གྲུབ་ཚུལ་དང་རི་འཛེགས་ཀྱི་འཆར་གཞི། བདེ་འཇགས་ཀྱི་བྱེད་ཐབས། རི་འཛེགས་མི་སྣའི་ལུས་པོའི་བྱང་ཚད་དང་ལག་རྩལ་སོགས་ཕྱོགས་སོ་སོར་དཔྱད་སྡུར་ནན་ཏིག་བྱ་དགོས།