ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2019ལོའི་གངས་ཤུད་རི་འཛེག་འཛམ་གླིང་བུམ་པའི་ཐོག་(ཀྲུང་གོའི་སུང་ཧྭ་ཅང་ས་ཚུགས)བོད་ལྗོངས་ཀྱི་ལུས་རྩལ་པར་འབྲས་བཟང་ཐོབ་པ།

སྤེལ་དུས 2019-02-22 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
             མི་དམངས་དྲ་བའི་འཕྲིན། ཟླ་2ཚེས་19ཉིན། 2019ལོའི་གངས་ཤུད་རི་འཛེག་འཛམ་གླིང་བུམ་པ(ཀྲུང་གོའི་སུང་ཧྭ་ཅང་ས་ཚུགས)ཅི་ལིན་ཞིང་ཆེན་སུང་ཧྭ་མཚེའུ་གངས་ཤུད་ར་བར་སྤེལ་བ་དང་། ཐེངས་འདིའི་འགྲན་བསྡུར་དེ་2019ལོའི་གངས་ཤུད་རི་འཛེག་འཛམ་གླིང་བུམ་པ་ཡོ་རོབ་གླིང་ཕུད་པའི་ས་ཁུལ་དུ་སྤེལ་བའི་འགྲན་བསྡུར་བྱེད་སྒོ་གཅིག་པུ་དེ་ཡིན་ཞིང་། ཀྲུང་གོ་དང་།  རི་པིན།  ཨོ་སི་ཁྲུ་རི་ཡ། འཇར་མན། སི་ཕེན། ཨུ་རུ་སུ་སོགས་རྒྱལ་ཁབ་12དང་ས་ཁུལ་100ལ་ཉེ་བའི་འཛམ་གླིང་གི་ལུས་རྩལ་པ་རྩེ་གྲ་ཅི་ལིན་གྱི་དབན་ཁོ་སུང་ཧྭ་མཚེའུ་ཡི་ངལ་གསོ་སྤྲོ་འཆམ་བྱ་ཁུལ་དུ་འཛོམས་ནས་འགྲན་བསྡུར་བྱས་པ་དང་། བོད་ལྗོངས་རི་འཛེག་རུ་ཁག་གི་རུ་མི་5ཡིས་ཀྲུང་གོའི་འཐུས་མི་བྱས་ནས་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།     
             ཀྲུང་གོའི་ཅི་ལིན་ཞིང་ཆེན་དུ་སྤེལ་བའི་2019ལོའི་གངས་ཤུད་རི་འཛེག་འཛམ་གླིང་བུམ་པའི་(ཀྲུང་གོའི་སུང་ཧྭ་ཅང་ས་ཚུགས)མི་སྒེར་གྱི་ཐང་ཆེན་འགྲན་བསྡུར་ཁྲོད། ཀྲུང་གོའི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་པ་བསོད་ནམས་ཆོས་སྒྲོན་ལ་བུད་མེད་ཀྱི་ཡོངས་བསྒྲགས་ཚོགས་ཆུང་གི་ཨང་དང་པོ་ཐོབ་པ་དང་། སྐལ་བཟང་ཆོས་སྒྲོན་ལ་ཨང་གསུམ་པ་ཐབ་ཡོད་པ་དང་། དཀོན་མཆོག་བསམ་གཏན་ལ་སྐྱེས་པའི་ན་གཞོན་ཚོགས་ཆུང་གི་ཨང་གཉིས་པ་ཐོབ་པ་དང་། བསམ་གཏན་ཚེ་དབང་ལ་ཨང་གསུམ་པ་ཐོབ་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།