ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལི་ཀྲན་ཧྲུའུ་ཡིས་དམངས་འཐུས་ཚོགས་ཆེན་གྱི་དྲིལ་སྒྲོག་ལ་ཞུགས་པའི་གསར་འགྱུར་བྱ་བ་སྒྲུབ་མཁན་རྣམས་ལ་འཚམས་འདྲི་མཛད།

སྤེལ་དུས 2019-03-18 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
             ཟླ3པའི་ཚེས14ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་ཁུར་མི་སྣ་དང་བྱ་བའི་མི་སྣར་འཚམས་འདྲི་མཛད། 
             ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལི་ཀྲན་ཧྲུའུ་ཡིས་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་མི་དམངས་ཚོགས་ཁང་ཆེན་མོའི་ནང་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་གསར་འགྱུར་དྲིལ་སྒྲོག་ལ་ཞུགས་པའི་ཀྲུང་དབྱང་གི་སྨྱན་བྱད་གཙོ་བོའི་འགན་ཁུར་མི་སྣ་དང་བྱ་བའི་མི་སྣ་རེ་རེར་ལག་འཇུ་བྱས་ནས་འཚམས་འདྲི་མཛད། ཞིན་ཧྭ་གསར་འགྱུར་ཁང་ཚོགས་ཆེན་གཉིས་ཀྱི་གསར་འགྱུར་དྲིལ་སྒྲོག་ལྟེ་གནས་སུ། ལི་ཀྲན་ཧྲུའུ་ཡིས་མཉམ་འདྲེས་སྨྱན་བྱད་ཐོན་རྫས་དང་མིའི་བཟོས་རིག་ནུས་ཐོན་རྗས་སོགས་ལ་ཞིབ་མོར་བལྟས་པ་དང་། གསར་འགྱུར་སྨྱན་བྱད་ཀྱིས་ཚོགས་ཆེན་གཉིས་ཀྱི་དྲིལ་སྒྲོག་ཐད་ནས་གསར་གཏོད་བྱས་པར་ཁས་ལེན་གང་ལེགས་བྱས།
             དེའི་རྗེས། ལི་ཀྲན་ཧྲུའུ་ཡིས་མི་དམངསཉིན་རེའི་ཚགས་པར་ཁང་དང་ཞིན་ཧྭ་གསར་འགྱུར་ཁང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་སོགས་ཀྲུང་དབྱང་སྨྱན་བྱད་གཙོ་བོའི་འགན་ཁུར་མི་སྣ་དང་བྱ་བའི་མི་སྣ་བཅས་དང་གླེང་མོལ་མཛད།
             ལི་ཀྲན་ཧྲུའུ་ཡིས་གསུང་རྒྱུར། ཚོགས་ཆེན་གྱི་གསར་འགྱུར་དྲིལ་སྒྲོག་ཁྲོད། ཀྲུང་དབྱང་གི་གསར་འགྱུར་སྡེ་ཁག་གཙོ་བོས་སྲོག་ཤིང་འབུར་ཐོན་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བྱ་འགུལ་གལ་ཆེན་དྲིལ་སྒྲོག་གང་ལེགས་བྱས་པ་དང་། བརྗོད་སྙིང་ལ་དམ་དུ་དམིགས་ཏེ། ཚོགས་ཆེན་གྱི་དམངས་གཙོ་མཐུན་སྒྲིལ་དང་དངོས་འཚོལ་འབད་འཐབ་ཀྱི་གནས་ཚུལ་ཁྱོན་ཡོངས་ནས་མངོན་པར་བྱས་ལ། གསར་གཏོད་ལ་དོ་སྣང་བྱས་ནས། གསར་འགྱུར་བརྒྱུད་སྒྲོག་དང་དྲིལ་སྒྲོག་གི་རང་འགུལ་རང་བཞིན་དང་ཁ་གཏད་རང་བཞིན། དངོས་ཕན་རང་བཞིན་ཇེ་དྲག་ཏུ་བཏང་བ་མ་ཟད། དྲིལ་སྒྲོག་ཆ་ཚང་བ་དང་གཏིང་ཟབ་པ། དུས་ཐོག་དང་ཡང་དག་པ། ཤུགས་དང་ལྡན་པ་བྱས་ཟེར།
             ལི་ཀྲན་ཧྲུའུ་ཡིས་ཚང་མས་མུ་མཐུད་དུ་འབད་འཐབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དྲིལ་སྒྲོག་སྔར་ལས་བཟང་བོ་བྱེད་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་འགོ་ཁྲིད་བརྟན་པོའི་འོག ཏང་དང་རྒྱལ་ཁབ་ཀྱི་ལས་དོན་ཐད་ནས་བླངས་པའི་གྲུབ་འབྲས་ཆེན་པོ་དྲིལ་སྒྲོག་བཟང་བོ་བྱེད་པ། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་དུས་རབས་གསར་བའི་རླབས་ཆེན་གྱི་ལག་ལེན་དང་རླབས་ཆེན་གྱི་གསར་སྐྲུན་དྲིལ་སྒྲོག་བཟང་བོ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བགྲོད་ལམ་དང་གཞུང་ལུགས། ལམ་ལུགས། རིག་གནས་བཅས་དྲིལ་སྒྲོག་བཟང་བོ་བྱེད་པ། ཀྲུང་གོའི་གཏམ་རྒྱུད་དང་ཀྲུང་གོ་དམངས་འཐུས་ཚོགས་ཆེན་གྱི་གཏམ་རྒྱུད་བཟང་བོར་བཤད་དེ། རྒྱལ་ཁབ་ཀྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཀྱི་དགེ་མཚན་དང་ཁྱད་ཆོས། ཕན་འབྲས་མངོན་པར་བྱེད་དགོས་པའི་རེ་བ་བཏོན།
             ཝང་ཁྲིན་དང་ཧོང་ཁུན་མེན་སོགས་ཀྱིས་མཉམ་དུ་འཚམས་འདྲི་བྱས།
རྩོམ་སྒྲིག་པ། སངས་སྐྱབས།