ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་ཐབས་མང་མཉམ་དུ་སྤྱད་ནས་ཐ་སྐྱོང་དབུལ་སྒྲོལ་འགན་ལེན་བྱེད་པ།

སྤེལ་དུས 2019-03-19 ཡོང་ཁུངས། ཞིན་ཧྭའི་དྲ་བ། རྩོམ་པ་པོ། ཚེ་སྒྲོལ་གྱིས་བསྒྱུར།
          གསར་འགོད་པར་བོད་རང་སྐྱོང་ལྗོངས་དམངས་སྲིད་ཐིང་ནས་ཤེས་རྟོགས་བྱུང་གསལ། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མ་མཐའི་འཚོ་བ་འགན་ལེན་ལ་སྤྱི་འདོམས་དང་། གནས་སྐབས་རོགས་སྐྱོབ་ལམ་སྲོལ་འཐུས་ཚང་། རྒན་གསོའི་ཞབས་ཞུ་ལེགས་གཏོང་བཅས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་བྱ་ཐབས་སྣ་ཚོགས་སྤྱད་ནས་ཐ་སྐྱོང་དབུལ་སྒྲོལ་ལས་དོན་བདེ་བླག་ངང་སྤེལ་བར་འགན་ལེན་དང་མང་ཚོགས་དབུལ་པོའི་རྒྱུན་གཏན་གྱི་འཚོ་བར་འགན་ལེན་བྱས་པ་རེད།
          2018ལོའི་ཟླ་12པའི་བར། བོད་ལྗོངས་ལ་མ་མཐའི་འཚོ་བའི་འགན་ལེན་མི་གྲངས་ཁྱོན་171851ཡོད་ཅིང་། བོད་ལྗོངས་ཀྱིས་གྲོང་གསེབ་ཀྱི་མ་མཐའི་འཚོ་བའི་འགན་ལེན་གྱི་ཆ་རྐྱེན་དང་འཚམ་པའི་ཁྱིམ་ཚང་རྣམས་ཐོན་ལས་རོགས་སྐྱོར་དང་། ཡུལ་གཞན་དུ་གནས་སྤོ། སྣོད་བཅུད་སྲུང་སྐྱོང་སོགས་དབུལ་སྐྱོར་སྲིད་ཇུས་ཀྱི་ཁྱབ་ཁོངས་སུ་སྤྱི་འདོམས་ངང་བཅུག་སྟེ“འགན་ལེན་བྱེད་དགོས་རིགས་ཚང་མར་འགན་ལེན་དང་རོགས་སྐྱོར་བྱེད་དགོས་རིགས་ཚང་མར་རོགས་སྐྱོར”ཐུབ་པ་བྱས་ཡོད།
          དེ་དང་ཆབས་ཅིག བོད་ལྗོངས་ཀྱིས་སྨན་བཅོས་རོགས་སྐྱོབ་དེ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་ནད་ཆེན་འགན་བཅོལ་དང་འབྲེལ་མཐུད་ནུས་ལྡན་ཐུབ་པར་ཤུགས་སྣོན་བརྒྱབ་སྟེ་ཆ་རྐྱེན་དང་འཚམ་པའི་མི་འབོར་དབུལ་པོ་ནད་གཞི་ཚབས་ཆེ་རིགས་ཀྱི་སྨན་བཅོས་རོགས་སྐྱོབ་ཁྱབ་ཁོངས་སུ་བཅུག་པ་དང་། ལོ་ཧྲིལ་པོར་མི་ཐེངས་ཁྲི་13ལ་རོགས་སྐྱོབ་བྱས་པས་ནད་གཞིས་རྐྱེན་པས་དབུལ་པོར་འགྱུར་བ་དང་ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་རྒྱུ་བཀག་འགོག་ནུས་ལྡན་ཐུབ་ཡོད།
          ད་དུང་བོད་ལྗོངས་ཀྱིས་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་ཚད་ལྡན་ཅན་འཛུགས་སྐྲུན་གྱི་ཚོད་ལྟའི་ལས་དོན་སྤེལ་ཞིང་། 2018ལོའི་ཟླ་12པའི་བར། ལྗོངས་ཡོངས་སུ་རྒན་གསོའི་སྒྲིག་གཞི་97དང་ཉལ་ཁྲི་11783ཡོད་པ་དང་། ལྗོངས་ཡོངས་ཀྱི་དཀའ་ངལ་ཡོད་པའི་དབང་པོ་སྐྱོན་ཅན་གྱི་འཚོ་བའི་ཁ་གསབ་དང་དབང་པོ་སྐྱོན་ཅན་ཚབས་ཆེན་གྱི་གཡོག་བྱེད་ཁ་གསབ་ཚད་གཞི་དུས་མཚུངས་ལས་82%མཐོ་རུ་བཏང་བ་དང་། དབང་པོ་སྐྱོན་ཅན་གྱི་“ཁ་གསབ་གཉིས”ཀྱི་མ་དངུལ་སྒོར་ཁྲི་18682.8དོན་འཁྱོལ་བྱས་པར་དབང་པོ་སྐྱོན་ཅན་123840ལ་ཕན་པ་ཐོབ་པ། དམིགས་བསལ་དཀའ་ངལ་ཡོད་པའི་མི་སྣར་རོགས་སྐྱོབ་བསྙེན་བཀུར་ལམ་ལུགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་བས་ལྗོངས་ཡོངས་སུ་གཅིག་སྡུད་བསྙེན་བཀུར་བྱེད་ཚད་57.22%ཟིན་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།