ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པེ་ཅིང་བོད་སྐྲུན་བོད་སྐྱོར་མཐུན་ཚོགས་གྱིས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུས་པ།

སྤེལ་དུས 2019-03-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
འཆད་ཁྲིད་ཀྱི་ཡུལ་དངོས།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་གསུམ་པའི་པེ་ཅིང་དུ་ས་གཞི་ཡོངས་ལ་རྣམ་པ་གསར་པ་མངོན་ཡོད་དེ། “དུས་ཐུང་ལོ་ངོ་བཅུ་ཕྲག་ཁ་ཤས་རིང་ལོ་ངོ་སྟོང་གི་མཆོང་སྐྱོད་ལྟ་བུ་བྱུང་ཡོད” ལོ་ངོ60ཡི་རིང་། བོད་ལ་གནམ་ས་བླ་འོག་སྒྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད་པ་དང་། འདིར་བཞུགས་ལྷན་རྒྱས་ཚང་མ་ནི་དེའི་ནང་ཞུགས་མཁན་དང་བདེན་དཔང་མཁན་ཡིན་ལ། ང་ཚོས་ཕ་ཡུལ་གཉིས་པར་འཕེལ་རྒྱས་ཆེན་པོ་ཐོབ་པར་སེམས་འགུལ་ཚད་མེད་ཐེབས་བྱུང”ཞེས་བཀྲ་ཤིས་པའི་གཏམ་སྙན་འདི་དག་ནི་ཚེས23ཉིན་པེ་ཅིང་བོད་སྐྲུན་བོད་སྐྱོར་ལས་དོན་པའི་མཐུན་ཚོགས(གཤམ་དུ“མཐུན་ཚོགས”ཞེས་བསྡུ་བར་བྱ )ཀྱིས་བསྡུས་པའི་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ60འཁོར་བར་སློབ་སྦྱོང་བཞུགས་མོལ་ཚོགས་འདུའི་ཐོག་གི་གཏམ་བཤད་ནས་ཐོན་པ་རེད།
ལུའོ་ཀོང་ཝུའུ་ཡིས་རིག་གཞུང་སྙན་ཞུ་འབུལ་བཞིན་པ།
          བོད་ལྗོངས་ནི་ཕ་ཡུལ་གཉིས་པར་ངོས་འཛིན་གྱིན་པའི་ཐུན་མོང་འདིར་མཚོན་ན། ཡོད་ཚད་ཀྱིས་དེ་སྔར་ལང་ཚོ་དང་རྔུལ་ཆུ་གངས་ལྗོངས་ས་མཐོའི་ཐོག་གཏོར་ཡོད་པ་རེད། དེ་རིང་། མཐུན་ཚོགས་ཀྱི་འགོ་ཁྲིད་དང་དེ་བཞིན་ཡན་ལག་ཁག་གི་འཐུས་མི། ཀྲུང་དབྱང་མི་རིགས་སློབ་ཆེན་སོགས་ཚན་པའི་མི་གྲངས་བརྒྱ་ལ་ཉེ་བ་ཞིག་ཀྲུང་གོའི་ཚན་རིག་ཁང་སློབ་ཆེན་ཡེ་ཆོན་ལམ་སློབ་ཁུལ་དུ་འཛོམས་ནས་འཆད་ཁྲིད་སྤེལ་བ་དང་། ཁོ་ཚོའི་ངོས་ནས་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་ངོ60འཁོར་བར་རྟེན་འབྲེལ་ཞུས་པ་རེད། མཐུན་ཚོགས་ཀྱིས་ཏང་འཛུགས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ། ཚོགས་གཙོ་གཞོན་པ་བློ་མཐུན་ལུའོ་ཀོང་ཝུའུ་ཡིས“བོད་ཀྱི་ལོ་རྒྱུས་ཀྱི་གོ་གནས་དང་འཕེལ་རྒྱས་བགྲོད་ལམ” ཞེས་པའི་རིག་གཞུང་སྙན་ཞུ་ཕུལ་བ་རེད།
ནན་ཏན་སྒོས་འཆད་ཁྲིད་ལ་གསན་བཞིན་པའི་མཐུན་ཚོགས་ཀྱི་ཁོངས་མི།
ཚོགས་ཞུགས་སྐུ་མགྲོན་དང་འཐུས་མི།
          བོད་འཕེལ་རྒྱས་བགྲོད་ལམ་སྐོར་གྱི་སྙན་ཞུའི་ནང་དོན་གོ་བདེ་བའི་རྒྱས་བཤད་གནང་ལ་བདེན་དཔང་ཁུངས་བཙུན་པ་ཞིག་རེད། ལུའོ་ཀོང་ཝུའུ་ཡིས་བོད་ཀྱིས་ངེས་པར་དུ་ཚན་རིག་དང་མཐུན་པའི་གོང་འཕེལ་གཏོང་བའི་ལམ་བུའི་ཐོག་མཆོང་སྐྱོད་རང་བཞིན་གྱི་འཕེལ་རྒྱས་བྱུང་དགོས་པར་འདོད་ལ། འདིར་བཞུགས་ཚོགས་མི་དག་གིས་སྔར་ལས་ལྷག་པའི་སྒོ་ནས་བོད་ཀྱི་བཀས་བཀོད་རྒྱུད་འཛིན་ཞིང་བྲན་ལམ་ལུགས་ཀྱི་རྗེས་ལུས་དང་མུན་ནག་ནི་བོད་ལྗོངས་རྙིང་པར་དབུལ་ཕོངས་དང་རྗེས་ལུས་། སྒོ་གཏན། བླུན་རྨོངས་སོགས་གནད་དོན་གྱི་འབྱུང་རྩ་ཡིན་པར་ངོས་ཟིན་ཐོབ་ནས་ངེས་པར་དུ་མེད་པར་བཟོ་དགོས་ཤིང་། རྒྱ་ཆེའི་ཡར་ལངས་ཞིང་བྲན་རྣམས་ནི་སྤྱི་ཚོགས་གསར་པའི་བདག་པོར་གྱུར་ཡོད་པ་དང་། དམིགས་བསལ་གྱི་དྲན་གསོའི་ཉིན་མོ་འདི་བཙུགས་པར་ལོ་རྒྱུས་ཀྱི་གཞི་འཛིན་ས་དང་ལག་ལེན་གྱི་གཞི་འཛིན་ས་གཏིང་ཟབ་ཅིང་ཤིན་ཏུ་བརྟན་པོ་ལྡན་ལ། དངོས་ཡོད་ཀྱི་དོན་སྙིང་དང་ལོ་རྒྱུས་ཀྱི་དོན་སྙིང་རྒྱང་རིང་ལ་གཏིང་ཟབ་ལྡན་པས་བོད་རིག་པ་ཞིབ་འཇུག་ལ་ལས་འགན་གསར་པ་བཏོན་ཡོད་པ་རེད་ཅེས་འདོད།
མཐུན་ཚོགས་ཀྱི་ཁོངས་མིས་མཐུན་ཚོགས་ནས་པར་སྐྲུན་བྱས་པའི་དཔེ་དེབ་ཀློག་བཞིན་པ།
          “བོད་ཀྱི་ལས་ཀར་རྒྱབ་སྐྱོར་བྱས་པ་ནི་ཁྱོན་ཡོངས་ཀྱི་ལས་དོན་ལ་རྒྱབ་སྐྱོར་བྱས་པ་རེད”ཅེས་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་ཁྲེན་ཀྲེང་རུང་གིས་ཕྱོགས་བསྡོམས་གཏམ་བཤད་སྤེལ་སྐབས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཧ་ཅང་མཐོང་ཆེན་དང་ཐུགས་ཁུར་གནང་ཡོད་ཅིང་། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་། མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས” “ས་མཐོར་ལས་དོན་སྒྲུབ་སྐབས་ཆེས་མི་འདང་བ་ནི་དབྱང་རླུང་དང་ཆེས་རྩ་ཆེ་ཤོས་ནི་སྙིང་སྟོབས་རེད”“དམངས་ཕྱུག་བོད་དར་གྱི་འཐབ་ཇུས་མཐའ་འཁྱོངས་བྱེད་རྒྱུ་དང་། ཆོད་སེམས་བརྟན་པོས་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་དེ་སྔར་བས་འབུར་དུ་ཐོན་པའི་གོ་གནས་སུ་བཞག་ནས་མི་དམངས་ཀྱིས་ཆེས་ཐུགསས་ཁུར་དང་ཆེས་ཐད་ཀར།ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གྱི་གནད་དོན་ཐག་གཅོད་ལེགས་པོ་བྱ་དགོས་ཤིང་། འབད་བརྩོན་ཆེན་པོས་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོར་དེ་བས་ལེགས་པའི་སློབ་གསོ་དང་དེ་བས་བརྟན་ལྷིང་གི་ལས་དོན། དེ་བས་བློ་ཡིད་ཚིམ་པའི་ཡོང་འབབ། དེ་བས་བློས་འགེལ་ཆོག་པའི་སྤྱི་ཚོགས་འགན་སྲུང་། དེ་བས་ཆུ་ཚད་མཐོ་བའི་སྨན་བཅོས་ཞབས་ཞུ། དེ་བས་སྐྱིད་སྣང་དོད་པའི་སྡོད་གནས་ཆ་རྐྱེན། སྔར་ལས་མཛེས་པའི་ཁོར་ཡུག་དང་སྔར་ལས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་དགོས་པ”སོགས་ཀྱི་མཛུབ་སྟོན་གནང་ཡོད་ཅིང་། མཐུན་ཚོགས་ཀྱི་ལས་དོན་མི་སྣས་ནན་ཏན་གྱིས་སློབ་སྦྱོང་ནང་བྱན་ཆུད་དགོས་པ་མ་ཟད་ཞིབ་འཇུག་གཏིང་ཟབ་གནང་དགོས་ཤིང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི‘’་སྙིང་སྟོབས”འདོན་སྤེལ་གང་ལེགས་བྱས་ནས་ཀྱི་བོད་ཀྱི་ལས་དོན་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་གནང་དགོས་ཞེས་བསྟན་བྱུང་།
ཚོགས་འདུ་གྲོལ་རྗེས།མཐུན་ཚོགས་ཀྱི་ཁོངས་མིས་འཆད་ཁྲིད་ཤིན་ཏུ་ལེགས་ཤིང་ཕན་པ་ཆེན་པོ་ཐོབ་ཞེས་བསྔགས་བརྗོད་གནང་།
          འཆད་ཁྲིད་ལ་ཞུགས་པའི་བློ་མཐུན་ཚོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་མཛུབ་ཁྲིད་འོག ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་གནང་རྒྱུ་དང་། “བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”རྒྱུན་འཛིན་དར་སྤེལ་གནང་རྒྱུ། བགྲོད་ལམ་གྱི་གདེང་ཚོད་དང་རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་པོར་བྱས་ནས་མུ་མཐུད་བོད་ཀྱི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་རྒྱུ་དང་། མཐུན་ཚོགས་ཀྱི་ལས་དོན་ལེགས་པར་སྒྲུབ་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ70འཁོར་བར་བསུ་མ་གནང་དགོས་ཞེས་བསྟན།