ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁང་པ་ཆུང་ཆུང་ཞིག་ལ་རྒྱལ་ཁབ་ཀྱིས་ཚད་གཞི་ཞིག་གཏན་འབེབས་བཟོ་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ།

སྤེལ་དུས 2019-04-12 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པདྨ་ཚེ་རིང་གིས་བསྒྱུར།
རི་མོ་ནི་པེ་ཅིང་བོད་ལུགས་གསོ་རིག་སྨན་ཁང་གི་བར་ཁྱམས་རེད།
            ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། བསྡོམས་རྩིས་བྱས་པ་ལྟར་ན་མི་གཅིག་གིས་ཉིན་རེར་གསང་སྤྱོད་འགྲོ་བའམ་གཙང་སྦྲ་བྱེད་པ་ཕལ་ཆེར་ཐེངས་6ནས་8ཡིན་ཞིང་། མི་ཚེའི་ཁྲོད་ཧ་ལམ་ལོ་3གྱི་དུས་ཚོད་ནང་གསང་སྤྱོད་དུ་བསྡད་ཡོད། གསང་སྤྱོད་ཆུང་ཆུང་ཞིག་ཡིན་ཡང་དེ་ནི་རྒྱལ་ཇུས་དམངས་འཚོ་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་ཡིན་ལ། མང་ཚོགས་ཀྱི་འཚོ་བའི་བདེ་སྐྱིད་དང་སྤྱི་ཚོགས་ཀྱི་དཔལ་ཡོན་དར་ཚད་མཚོན་པའི་དོན་གལ་ཆེན་ཞིག་ཀྱང་ག་ལ་མིན།
            དེ་ཡང་2019ལོའི་ཚོགས་ཆེན་གཉིས་དང་སྲིད་གཞུང་གི་བྱ་བའི་སྙན་སྒྲོན་ཁྱབ་བསྒྲགས་བྱས་རྗེས་ཀྱི་“པུའུ་ཀྲང་བགྲོད་ལམ”གྱི་ཐོག་མའི་ཚོགས་འདུ་དེར་པུའུ་ཀྲང་བརྒྱད་ཀྱིས་“གསང་སྤྱོད་གསར་བརྗེ”ཞེས་པ་སྐུལ་འདེད་བྱས་པ་དེས་མི་དམངས་ཀྱི་ཟས་གོས་འགྲོ་འདུག་ལ་ཐུགས་འཁུར་ཆེན་པོ་བྱེད་བཞིན་པ་མཚོན་ཐུབ།
རི་མོ་ནི་པེ་ཅིང་བོད་ལུགས་སྨན་ཁང་གི་མདུན་སྟེགས་ཡིན།
            ཉེ་ལམ་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་《སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གསང་སྤྱོད་གཙང་སྦྲའི་ཆེད་དོན་ལས་འགུལ་གྱི་བརྡ་སྦྱོར》ཞེས་པ་ཁྱབ་བསྒྲགས་བྱས་ཏེ། མང་ཚོགས་ཀྱི་བློ་ཡིད་ཚིམ་མིན་དེ་དམིགས་ཡུལ་དུ་བཅངས་ནས་རྒྱལ་ཡོངས་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་“གསང་སྤྱོད་གསར་བརྗེ”ལ་སྐུལ་འདེད་བྱས་ཤིང་། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་སྤྱོད་ཁང་གི་གནས་ཚུལ་ཕྱོགས་ཡོངས་ནས་འགྱུར་ལྡོག་ཡོང་བ་མངོན་འགྱུར་བྱས། 《བརྡ་སྦྱོར》གྱིས་གསང་སྤྱོད་ཀྱི་སྒོ་དང་སྒེའུ་ཁུང་། བར་ཆོད་པང་ལེབ། ས་ངོས། རྩིགས་ངོས། ཡོ་ཆས་ཙག་ཙིག ལག་པ་འཁྲུ་གཞོང་བཅས་ཚང་མ་“ལས་ཀ་ཞིབ་ཚགས་ཆེན་པོས”ཚད་ལྡན་དུ་བཅོས་པ་དང་། བླང་བྱ་འདིས་“གྲངས་འབོར་འདང་ངེས་དང་སྟབས་བདེ། གྲལ་དག གོ་རིམ་ལྡན་པ”བཅས་ཀྱི་ཚད་གཞི་ལྟར། གསང་སྤྱོད་ཁོར་ཡུག་གི་གཙང་སྦྲ་ལ་དོ་སྣང་ཆེན་པོ་བྱེད་པ་དང་། གསང་སྤྱོད་སྒྲིག་ཆས་ཇེ་ལེགས་སུ་གཏོང་བ། གསང་སྤྱོད་འཕྲོད་བསྟེན་ཡུན་རིང་དོ་དམ་བྱེད་པའི་ལམ་སྲོལ་འཐུས་ཚང་བར་བྱས་ཡོད་ལ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གསང་སྤྱོད་ལ་ཞིང་ཆེན་རིམ་པས་སྒྱུར་བཀོད་གཏོང་བར་ཤུགས་བསྣན་ཡོད། དཔལ་ཡོན་གསང་སྤྱོད་དྲིལ་བསྒྲགས་སྤེལ་བར་ཕྱོགས་དུ་མ་ནས་མགོ་བརྩམ་དགོས་ཏེ། དཔེར་ན་ཐོན་ཁུངས་མ་དངུལ་ཇེ་མང་དུ་གཏོང་བ་དང་། མུ་མཐུད་ནས་ཁོར་ཡུག་ལེགས་བཅོས་ཆེན་པོ་བྱེད་པ། ནམ་རྒྱུན་འཕྲོད་བསྟེན་གཙང་སྦྲའི་དོ་དམ་ལེགས་བཅོས་བྱེད་པ། སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱི་གསང་སྤྱོད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། མི་དམངས་མང་ཚོགས་ཀྱི་སྨན་བཅོས་ཉམས་སྣང་ཇེ་བདེར་གཏོང་བ་བཅས་ཡོད། 2020ལོའི་ལོ་མཇུག་བར་གཙང་སྦྲ་ལེགས་པའི་གསང་སྤྱོད་རྩ་བའི་ཆ་ནས་ཕྱོགས་ཡོངས་སུ་ཁྱབ་ཐུབ་པ་མངོན་འགྱུར་བྱ་རྒྱུ་མ་ཟད། ཡུན་རིང་གི་དོ་དམ་ལམ་སྲོལ་ཅུང་འཐུས་སྒོ་ཚང་བ་ཞིག་འཛུགས་རྒྱུ་ཡིན་པས། རྒྱལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ལ་མི་འགྱངས་པར་ཚ་ཚ་འུར་འུར་གྱི“སྤྱོད་ཁང་གསར་བརྗེ”ཞིག་ལངས་རྒྱུ་རེད། 
རི་མོ་ནི་བོད་ལུགས་གསོ་རིག་ཆེད་མཁས་ཀྱིས་བོད་ལུགས་གསོ་རིག་གི་ཕུལ་བྱུང་ལག་རྩལ་སློབ་སྟོན་བྱེད་པའི་ཚུལ་ཡིན། 
            པེ་ཅིང་བོད་ལུགས་སྨན་ཁང་གིས་རྒྱལ་ཁབ་ཀྱི་གཏན་འབེབས་མགྱོགས་མྱུར་གྱིས་ལག་བསྟར་དོན་འཁྱོལ་ཡོང་བར་བྱས་ནས་གསང་སྤྱོད་ཚད་ལྡན་ཅན་འཛུགས་སྐྲུན་བྱས། དེ་ཡང་“གསང་སྤྱོད་གསར་བརྗེ”དེ་ཞབས་ཞུ་ལྟེ་གནས་ཀྱི་ལོ་ཧྲིལ་པོའི་ལས་དོན་གཙོ་གྲས་སུ་བཞག་སྟེ། གསང་སྤྱོད་ཚད་ལྡན་ཅན་དང་སྒྲིག་སྲོལ་ཅན་དོ་དམ་ལག་བསྟར་བྱ་བར་གཙོ་བོ་སྒྲིག་ཆས་དང་སྒྲིག་བཀོད། འཕྲོད་བསྟེན་དོ་དམ། སྤྱོད་ཁང་དྲིལ་བསྒྲགས་བཅས་བཟུང་སྟེ་བཅོས་སྒྱུར་བྱ་རྒྱུ་རེད། སྒྱུར་བཀོད་ལས་གྲྭ་དེ་ཞབས་ཞུ་ལྟེ་གནས་ཀྱིས་རྩ་འཛུགས་བྱས་ཏེ། ཟླ་3པ་ནས་བཟུང་མགོ་བརྩམས་ནས་ཟླ་4པའི་ཟླ་མཇུག་ཏུ་ལེགས་འགྲུབ་བྱེད་ཅིང་། ཁྱོན་བསྡོམས་མ་དངུལ་སྒོར་ཁྲི་20གཏང་རྒྱུ་རེད། དེ་ཡང་གསང་སྤྱོད་ཀྱི་སྒོ་དང་སྒེའུ་ཁུང་། བར་ཆོད་པང་ལེབ། ས་ངོས། རྩིགས་ངོས། གནམ་གཅལ། གློག་སྒྲོན། ཡོ་ཆས་ཙག་ཙིག ལག་པ་འཁྲུ་གཞོང་། ཆུ་སྒོ་སོགས་རྨང་གཞིའི་སྒྲིག་བཀོད་ཚགས་ཇེ་ཞིབ་དང་ཇེ་ལེགས་སུ་གཏོང་བ་དང་། མེ་ལོང་དང་གཞོང་བ། འདྲེད་འགོག་སྒྲིག་ཆས། དྲི་སེལ་སྒྲིག་ཆས་སོགས་ཆ་ཚང་བའི་སྒྲིག་བཀོད། འགེལ་ཆས་དང་ལག་འཇུ་སོགས་དམངས་ཕན་སྒྲིག་བཀོད་ཆ་ཚང་བར་བཟོ་རྒྱུ་རེད། སྒོ་བསྟེན་སྨན་ཁང་གི་གཅིག་ཐོག་དང་ལྔ་ཐོག་བར་གེགས་མེད་གསང་སྤྱོད་གསར་སྣོན་བྱེད་པ་དང་། སྒོ་བསྟེན་སྨན་བཅོས་ཁང་གི་གཅིག་ཐོག་ཏུ་མི་མང་ལ་འཚང་ཁ་ཆེ་བས་དྲི་ངན་བྲོ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ནས་གཙོ་བོ་དྲི་སེལ་དང་འཁྲུ་ཆས་སོགས་ཇེ་ལེགས་སུ་གཏང་རྒྱུ་རེད། གཞན་ཡང་སྲིད་འཛིན་ལས་ཀ་སྒྲུབ་སའི་གསང་སྤྱོད་ཁྱོན་བསྡོམས་ཁང་མིག་2ཀྱི་ས་རྨི་གྲུ་བཞི་30ཇེ་ལེགས་སུ་གཏོང་བ་དང་། དེ་ལ་ཡུན་རིང་ལྟ་སྐུལ་བྱ་བ་སྤེལ་བ་སོགས་བསྒྲུབ་རྒྱུ་རེད།
རི་མོ་ནི་བོད་ལུགས་གསོ་རིག་གི་སྨན་ལུམས་ཀྱི་སྨན་རྩྭ་རེད།
            པེ་ཅིང་བོད་ལུགས་སྨན་ཁང་གིས་རྒྱལ་ཁབ་ཀྱི་ཚད་གཞི་ལྟར་“གསང་སྤྱོད་གསར་བརྗེ”སྐུལ་འདེད་གཏོང་བ་དེ་ནི་“ནད་པ་ལྟེ་བར་བཟུང་ནས་སྨན་བཅོས་ཞབས་ཞུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བའི”དམིགས་ཚད་མངོན་འགྱུར་བྱེད་པ་ཞིག་ཡིན་ལ། ནད་པས་སྨན་བཅོས་བྱེད་པར་བདེ་སྣང་ཡོང་བའི་བྱ་ཐབས་གལ་ཆེན་ཞིག་ཡིན་པ་མ་ཟད། དེ་ལས་ཀྱང་ཏང་ཀྲུང་དབྱང་གི་“ཀྲུང་གོ་བདེ་ཐང་ངང་འཛུགས་སྐྲུན་བྱ་བར་སྐུལ་འདེད་གཏོང་བའི”འཐབ་ཇུས་ལག་བསྟར་དོན་འཁྱོལ་དུ་ཡོང་བར་བྱེད་པ་ཞིག་ཀྱང་ཡིན། འབྲེལ་ཡོད་འགན་ཁུར་བས་“པེ་ཅིང་བོད་ལུགས་སྨན་ཁང་གིས་ཚད་གཞི་ལ་འཐུས་ཤོར་སྤུ་ཙམ་ཡང་མེད་པར་ལག་བསྟར་བྱེད་པའི་སྤྱོད་ཚུལ་དང་། ནད་པའི་ཞབས་ཞུ་ལས་ཀ་ཞིབ་ཚགས་ཆེ་བའི་རྣམ་པ་འདིས་པེ་ཅིང་བོད་ལུགས་སྨན་ཁང་གི་སྣང་བརྙན་ལེགས་པོ་ཞིག་གཏོད་པ་ཡིན་ལ། ནད་པ་ཡིད་ཚིམ་པར་བྱས་ནས་སྨན་ཁང་གི་འགྲན་རྩོད་ནུས་ཤུགས་ཇེ་ཆེར་གཏོང་བར་སྐུལ་འདེད་ཀྱི་ནུས་པའང་ངེས་ཅན་ཐོན་ངེས་ཡིན”ཞེས་གསུངས།