ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་སྐོར་གྱི་དཔེ་མཚོན་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ།

སྤེལ་དུས 2019-04-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཀྲུང་དབྱང་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཚུར་ལན་བསམ་འཆར་གྱི་དག་ཐེར་ལས་དོན་སྤེལ་རྒྱུར་སྔར་བས་སྐུལ་འདེད་བཏང་སྟེ་སྐོར་གཟིགས་དག་ཐེར་ལས་དོན་དེ“སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་དང་ལག་ལེན་གྱི་ཚད་གཞིར་བརྩིས་ནས་ཆབ་སྲིད་ཀྱི་རྩ་དོན་མཐའ་འཁྱོངས་དང་ཆབ་སྲིད་ཀྱི་སྒྲིག་ལམ་ནན་དུ་གཏོང་བའི་མཐོ་ཚད་ཀྱི་ཐོག་ནས་སྐོར་གཟིགས་དག་ཐེར་ལས་དོན་ལ་ངོས་འཛིན་བྱེད་པ་དང་། དག་ཐེར་ལས་དོན་ཡག་པོ་སྒྲུབ་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་ཆེ་རུ་ཏན་ཏིག་བཏང་ནས་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་རྣམ་པ་བཟང་པོ་ཞིག་གཏོད་ཆེད། ཉེ་ཆར། རང་སྐྱོང་ལྗོངས་སྒྲིག་ཨུད་ཀྱིས་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་སྐོར་གྱི་དཔེ་མཚོན་གྱོད་དཔེ་གསུམ་བརྡ་ཁྱབ་བཏང་བ་རེད།
          ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་ལས་བྱེད་པ་རྒན་གྲས་ཅུས་ཀྱི་དེ་སྔའི་ཅུས་ཀྲང་ངག་དབང་དོན་གྲུབ་ཀྱིས་རྣམ་གྲངས་གསོ་སྦྱོང་གི་མ་དངུལ་གཡོ་ལེན་བྱེད་པ་དང“དངུལ་སྦས་ཁུང”བཙུགས་པ་དང་བེད་སྤྱོད་བྱས་པ་སོགས་ཀྱི་གནད་དོན། 2013ལོ་ནས་2015ལོ་བར་ངག་དབང་དོན་གྲུབ་ཀྱིས་ཆུ་གསུམ་རྫོང་ཨུད་རྩ་འཛུགས་པུའི་པུའུ་ཀྲང་གཞོན་པ་དང་རྫོང་མི་སྤྱི་ཅུས་ཀྱི་ཅུས་ཀྲང་བྱེད་རིང་གསོ་སྦྱོང་གི་མི་གྲངས་དང་ཉིན་གྲངས་རྫུན་བཟོ་བྱས་ཏེ་གསོ་སྦྱོང་གི་རྣམ་གྲངས་མ་དངུལ་སྒོར་ཁྲི་78.0453གཡོ་ལེན་བྱས་ནས“དངུལ་སྦས་ཁུང”བཙུགས་པ་དང་འབྲེལ་དེའི་ནང་གི་སྒོར་ཁྲི་9.3352ལག་རྟགས་ཉོ་བྱེད་དང་། ཕན་བདེ་སྤྲོད་པ། འགྲོ་སོང་མཐོ་བའི་རོལ་རྩེད་སོགས་ལ་སྤྱད་ཡོད། དེ་དང་ཆབས་ཅིག་ངག་དབང་དོན་གྲུབ་ལ་སྒྲིག་འགལ་གྱི་གནད་དོན་གཞན་དག་ཡོད་སྟབས་2018ལོའི་ཟླ་7པར་ངག་དབང་དོན་གྲུབ་ལ་ཏང་ནང་ཁུལ་དུ་ལོ་གཅིག་ལྟ་ཞིབ་བྱེད་པ་དང་སྲིད་དོན་གནས་དབྱུང་བཏང་བའི་ཆད་པ་ཕོག་པ་དང་ཀྲུའུ་རེན་ཁོའོ་ཡོན་གཞོན་པར་བརྩིས་ནས་ལས་ཀ་བཀོད་སྒྲིག་བྱས་ཡོད།
          གཞིས་རྩེ་གྲོང་ཁྱེར་རྣམ་གླིང་རྫོང་དམངས་སྲིད་ཅུས་ཀྱི་ཅུས་ཀྲང་གཞོན་པ་སྤེན་པ་མཚམས་གཅོད་ཀྱིས་ཉེ་དགའ་ཕྱོགས་ཞེན་བྱེད་པ་སོགས་ཀྱི་གནད་དོན། 2016ལོའི་ཟླ་12པར། སྤེན་པ་མཚམས་གཅོད་ཀྱིས་གོ་གནས་ཀྱི་སྟབས་བདེ་སྤྱད་དེ་སྒྲིག་འགལ་ངང་རང་ཉིད་ཀྱི་སྤུན་མཆེད་དང་གྲོགས་པོ་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་དུད་ཚང་གི་ཁོངས་སུ་བཅུག་ནས་ཁོང་ཚོར་སྒོར་ཁྲི་12.8742ཀྱི་ཕན་པ་བཏོད་པ་དང་། སྒྲིག་འགལ་ངང་མི་11གི་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་ཚད་གཞི་མཐོ་རུ་བཏང་བའི་མ་དངུལ་སྒོར་ཁྲི་1.1328ཟིན་པ། སྔ་རྗེས་སུ་མང་ཚོགས་ཀྱི་ལག་ནས་སྒོར་ཁྲི་0.5853རི་བའི་རྒྱུ་ནོར་བླངས་པ། མང་ཚོགས་ཀྱི་ལག་ནས་སྒོར་ཁྲི་1.08ལ་རི་བ་རྒྱུ་ནོར་ཧམ་ལེན་བྱས་པ། 2014ལོ་ནས་2016ལོ་བར། སྤེན་པ་མཚམས་གཅོད་ཀྱིས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བའི་འགན་ལེན་གྱི་དངུལ་སྒོར་ཁྲི་11.1745རང་ཉིད་ཀྱི་དངུལ་ཁང་གི་རྩིས་ཁྲའི་ནང་བཅོལ་ཁྲོད་ནས་སྒོར་ཁྲི་4.0675རྩིས་སྤྲོད་བྱས་པ་ཕུད། དེ་མིན་གྱི་སྒོར་ཁྲི་7.107སྒེར་བཟུང་བྱས་སྟབས་2018ལོའི་ཟླ་11པར་སྤེན་པ་མཚམས་གཅོད་ལ་ཏང་གི་སྐྱིད་སྡུག་ནས་ཕྱིར་འབུད་དང་སྲིད་དོན་གནས་དབྱུང་གི་ཆད་པ་ཕོག་པ་དང་སྒྲིག་འགལ་དངུལ་རྣམས་སློག་ཏུ་བཅུག་ཡོད།
          ནག་ཆུ་ས་ཁུལ་ཤན་རྩ་རྫོང་ཤན་རྩ་གྲོང་རྡལ་གྲོང་ཚོ་གཉིས་པའི་ཏང་ཀྲི་པུའི་དེ་སྔའི་ཧྲུའུ་ཅི་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བསམ་བསྟན་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་ཕུན་ཚོགས་དར་རྒྱས་གཉིས་ཀྱིས་གྲོང་ཚོའི་འབྲི་གཡག་དུས་ཐུང་རྒྱགས་གསོ་རྟེན་གཞིའི་མ་དངུལ་སྒེར་སྤྱོད་བྱས་ཏེ་མི་གཞན་ལ་གཡར་བའི་གནད་དོན། 2016ལོའི་ཟླ་4པར། བསམ་བསྟན་དང་ཕུན་ཚོགས་དར་རྒྱས་ཀྱིས་གྲོང་ཚོའི་མཉམ་སྡེབ་ཀྱི་ཡོང་འབབ་མཐོ་རུ་གཏོང་བར་ཁ་གཡར་ནས་རང་དགར་གྲོང་ཚོའི་མཉམ་སྡེབ་ཀྱི་མིང་ཐོག་ནས་གྲོང་ཚོའི་འབྲི་གཡག་དུས་ཐུང་རྒྱགས་གསོ་རྟེན་གཞིའི་མ་དངུལ་ནས་སྒོར་ཁྲི་12སྒེར་སྤྱོད་ཀྱིས་ཤན་རྩ་རྫོང་འཁྱག་ཤང་གྲོང་ཚོ་2པའི་རག་ཆེ་གེ་མོར་གཡར་བ་དང་དངུལ་བུན་སྤྲོད་སྐབས་སྐྱེད་ཁ་10%བྱས་ནས་ཁྱོན་སྒོར་ཁྲི་1.2སྤྲོད་རྒྱུའི་ཁ་ཆད་བྱས་སྟབས་2018ལོའི་ཟླ་5པར་བསམ་བསྟན་དང་ཕུན་ཚོགས་དར་རྒྱས་གཉིས་ལ་ཏང་ནང་ཁུལ་དུ་ཐ་ཚིག་ནན་པོ་སྒྲོག་པའི་ཆད་པ་ཕོག་པ་དང་སྒྲིག་འགལ་གྱི་དངུལ་ཚུར་བླངས་ཡོད།
རྩོམ་སྒྲིག་པ། རྡོ་རྗེ།