ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ས་མཐོའི་ཁྱད་ལྡན་ལུས་རྩལ་བྱ་གཞག་གིས་ཡང་བསྐྱར་གྲུབ་འབྲས་གསར་པ་བླངས།

སྤེལ་དུས 2019-04-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
              ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  2019ལོའི་བོད་རང་སྐྱོང་ལྗོངས་ཀྱི་ལྗོངས་ཡོངས་ཀྱི་ལུས་རྩལ་ལས་དོན་ཚོགས་འདུ་དེ་ཟླ4པའི་ཚེས17ཉིན་ལྷ་ས་གྲོང་ཁྱེར་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་2018ལོའི་བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་ཁག་གི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཕྱོགས་སྡོམ་བྱས་པ་དང་འབྲེལ2019ལོའི་ལུས་རྩལ་ཁོངས་གཏོགས་ཀྱི་གཙོ་གནད་ལས་དོན་ལ་བཀོད་སྒྲིག་བྱས། 
              2018ལོར། བོད་ལྗོངས་ཀྱི་ལུས་རྩལ་བྱ་གཞག་ལ་སླར་ཡང་གྲུབ་འབྲས་གསར་པ་ཐོབ་ཅིང་། དམངས་ཡོངས་ཀྱི་ལུས་སྦྱོང་དང་། རྩལ་འགྲན་ལུས་རྩལ། ལུས་རྩལ་ཐོན་ལས། རི་འཛེག་ཁོར་ཡུག་སྲུང་སྐྱོང་དང་རི་མཐོའི་རོགས་སྐྱོབ་སོགས་ཀྱི་ཁྱབ་ཁོངས་ཚང་མས་གཟེངས་སུ་ཐོན་པའི་གྲུབ་འབྲས་བླངས་ཡོད། དེ་དང་ཆབས་ཅིག་ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་འགྲན་བསྡུར་སྐབས་དང་པོ་སྤེལ་ཏེ། ལྗོངས་ཕྱི་ནང་གི་འགྲན་ཞུགས་ལུས་རྩལ་པ300ཙམ་ཉིང་ཁྲི་ནས་མོན་ལ་རི་བོ་བརྒལ་ཏེ་ལྷ་སར་འབྱོར་ནས་ལུས་རྩལ་དང་། ཡུལ་སྐོར། རིག་གནས་བཅས་མཉམ་འདྲེས་བྱ་བར་སྐུལ་འདེད་བཏང་སྟེ། ལུས་རྩལ་གྱིས“རྒྱུད་གཅིག་ལམ་གཅིག”དང་སྦྲེལ་མཐུད་བྱེད་པའི་གྲོས་འགོ་དང་། ཨེ་ཤེ་ཡ་ལྷོ་མར་ཕྱོགས་པའི་སྒོ་དབྱེའི་བགྲོད་ལམ་གལ་ཆེན་སྐྲུན་པའི་ཁྲོད་དུ་དམིགས་བསལ་གྱི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།    
              བོད་ལྗོངས་ཀྱིས་ཁྱད་ཆོས་ལྡན་པའི་ཁང་ཕྱིའི་ལུས་རྩལ་སྤུས་རྟགས་སྐྱེད་སྲིང་བྱ་བར་འབད་བརྩོན་བྱས་ཤིང་། 2018ལོའི་བོད་ལྗོངས་ཀྱི་རི་འཛེག་ཚོགས་འདུ་དེ་ས་བབ་མཐོ་བའི་རི་འཛེག་མྱུལ་དཔྱད་དང་། གངས་ཤུད་རི་འཛེག་གི་ཉམས་མྱོང་བརྗེ་རེས། མང་ཚོགས་རང་བཞིན་གྱི་རི་འཛེག་དང་། རྐང་འཁོར་བྱེས་བགྲོད་འགྲན་སློང་། རླུང་ལྒང་ཚ་པོ་དང་ལྡིང་གདུགས་འཁྲབ་སྟོན། ཕྱི་རོལ་ལུས་རྩལ་རིག་གནས་ཀྱི་འབྲེལ་འདྲིས་དང་། སྲོལ་རྒྱུན་གྱི་རྟ་རྩལ་འཁྲབ་སྟོན། ལུས་རྩལ་ཐོན་ལས་ཀྱི་དཔྱད་གླེང་སོགས་ནང་དོན་ཕུན་སུམ་ཚོགས་པོ་དང་འདྲེས་ཏེ། སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས་བོད་ལྗོངས་ཀྱི་རི་འཛེག་ཚོགས་ཆེན་དེ“རྒྱལ་ཁབ་ལུས་རྩལ་ཐོན་ལས་དཔེ་སྟོན་རྣམ་གྲངས”སུ་བདམས་པ་རེད། 
              ཚོགས་འདུའི་ཐོག་འདི་ལོའི་བོད་རང་སྐྱོང་ལྗོངས་ལུས་རྩལ་ལས་དོན་ལ་སྤྱིའི་བླང་བྱ་བཏོན་ནས་དམངས་ཡོངས་ཀྱི་ལུས་སྦྱོང་ལ་མུ་མཐུད་དུ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། འབྲིང་རྒྱུག་རྒྱང་རྒྱུག་དང་། མ་ལ་སུང་རྒྱང་རྒྱུག འགྲན་བསྡུར་སོགས་མཆོང་རྒྱུག་འཕེན་གསུམ་གྱི་ཐེག་ཤུགས་རྣམ་གྲངས་དང་བྱེས་བགྲོད་གངས་ཤུད་དང་། རི་མཐོའི་གངས་ཤུད་སོགས་གངས་འཁྱག་རྣམ་གྲངས་དང་དེ་བཞིན་བྲག་འཛེག་དང་རྩལ་འགྲན་རྟ་རྩལ་སོགས་ལེགས་ཆ་ལྡན་པའི་རྣམ་གྲངས་སྔོན་ལ་འགན་ལེན་དང་འཕེལ་རྒྱས་སུ་གཏོང་བ་དང་། ལུས་རྩལ་ཐོན་ལས་གསར་གཏོད་དང་འཕེལ་རྒྱས་སུ་གཏོང་བ་དང་། ལུས་རྩལ་འཛད་སྤྱོད་ཀྱི་ཁྲོམ་ར་སྐྱེད་སྲིང་དང་སྟོབས་ཆེར་བཏང་ནས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དབུལ་སྒྲོལ་འགག་སྒྲོལ་ལ་རོགས་རམ་ཧུར་ཐག་བྱེད་པ་དང་། ས་གནས་ཀྱི་རྐང་རྩེད་སྤོ་ལོ་དང་གཟེབ་གྲུག་སྤོ་ལོའི་མཐུན་ཚོགས་བཙུགས་ནས་སློབ་གྲྭའི་རྐང་རྩེད་སྤོ་ལོ་དང་གཟེབ་གྲུག་སྤོ་ལོའི་ལུས་རྩལ་ཁྱབ་གདལ་གཏོང་རྒྱུར་སྐུལ་འདེད་གཏོང་བ་དང་། “མི་དམངས་རྐང་རྩེད་སྤོ་ལོའི”འགྲན་བསྡུར་བྱེད་སྒོ་སྤེལ་རྒྱུ་རྩ་འཛུགས་དང་། གཞོན་ནུ་ལོ་ཆུང་གི་རྐང་རྩེད་སྤོ་ལོའི་འགྲན་བསྡུར་མ་ལག་བཙུགས་ནས་རྐང་རྩེད་སྤོ་ལོ་དང་གཟེབ་གྲུག་སྤོ་ལོ་ལས་རིགས་ཅན་གྱི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པ་དང་།  ཧི་མ་ལ་ཡ་བརྒལ་བའི་རྐང་འཁོར་གྱི་མཐར་ཐུག་འགྲན་བསྡུར་སྐབས་གཉིས་པ་དང་བོད་ལྗོངས་རི་འཛེག་ཚོགས་ཆེན་སོགས་ཀྱི་འགྲན་བསྡུར་བྱེད་སྒོ་ཞིབ་ཚགས་ཀྱིས་ཇུས་འགོད་དང་སྒྲིག་འཛུགས་བྱ་དགོས་སོ། །