ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་སློབ་ཆེན་གྱིས“4•23”འཛམ་གླིང་དཔེ་ཀློག་ཉིན་མོའི་མུ་འབྲེལ་བྱེད་སྒོ་སྤེལ།

སྤེལ་དུས 2019-04-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མ་རྒྱལ་གྱིས་བསྒྱུར།
          བོད་ལྗོངས་སློབ་ཆེན་གྱིས“དཔེ་དེབ་བསུང་ངད་སློབ་ར་ཡོངས་སུ་འཁྱིལ། ། དཔེ་དེབ་བཀླགས་ནས་ཕུགས་བསམ་གཤོག་པ་སྤྲོད། །”ཅེས་པ་བརྗོད་དོན་བྱས་པའི། “4•23”འཛམ་གླིང་དཔེ་ཀློག་ཉིན་མོའི་མུ་འབྲེལ་བྱེད་སྒོའི་དབུ་འབྱེད་མཛད་སྒོ།  རྔ་ཆེན་སློབ་ཁུལ་དཔེ་མཛོད་ཁང་གི་ཐོག་བརྩེགས་གཉིས་པའི་རིག་གཞུང་སྙན་ཞུ་ཚོམས་ཆེན་དུ་འཚོགས། 
          སློབ་མ་ཞིག་ནས “དཔེ་དེབ་དང་མིའི་རིགས”ཞེས་པ་མགྱོགས་མྱུར་ངང་གྱེར་འདོན་བྱས་པ་དང་མཉམ་དུ། བྱེད་སྒོ་དེ་དངོས་སུ་མགོ་བརྩམས་ཤིང་། སློབ་གྲྭའི་ཏང་ཨུད་ཀྱི་ཨུ་ཡོན། སློབ་སྤྱི་གཞོན་པ་པད་མ་ཚེ་རིང་གིས་དགེ་སློབ་ཀྱི་ཚོགས་ལ། དཔེ་ཀློག་ལ་དགའ་བ་དང་དཔེ་ཀློག་ཤེས་པ་བྱས་ཏེ། དཔེ་ཀློག་གི་གོམས་གཤིས་ཆགས་སུ་འཇུག་རྒྱུ་དང་།  དགེ་རྒན་གྱིས་སློབ་མར་དཔེ་དེབ་མང་ཙམ་ལྟ་བ་དང་དཔེ་དེབ་གང་བཟང་ཀློག་པར་ཁྲིད་སྟོན་བྱེད་པ། དཔེ་མཛོད་ཁང་གིས་ཞབས་ཞུའི་ཆུ་ཚད་ཇེ་མཐོར་གཏོང་དགོས་ཟེར། 
          བྱེད་སྒོ་དེར། སློབ་སྤྱི་གཞོན་པ་པད་མ་ཚེ་རིང་གིས་2018ལོའི་ལོ་འཁོར་གྱི“ཀློག་མཁན་ཕུལ་བྱུང་ཅན”དང“ལས་སློབ་གཉིས་བརྩོན་ཕུལ་བྱུང་ཅན”“ དཔེ་དེབ་དོ་དམ་བྱེད་མཁན་གྱི་སློབ་མ་ཕུལ་བྱུང་ཅན”གྱི་སློབ་མའི་མིང་ཐོ་སྒྲོག་སྦྱངས་བྱས་ཤིང་། དེ་འབྲེལ་གྱི་གཟེངས་རྟགས་སྤྲོད་པའི་མཛད་སྒོ་ཡང་འཚོགས། དཔེ་མཛོད་ཁང་ནས་ཀྱང་དཔེ་དེབ་ཕུལ་དུ་བྱུང་བ་22འོས་སྦྱོར་བྱས་ཤིང་། སློབ་མའི་འཐུས་ཚབ་ཀྱིས་བྱེད་སྒོའི་སྟེང་དཔེ་ཀློག་གི་མྱོང་ཚོར་མཉམ་སྤྱོད་བྱས།  
          ཕྱི་དྲོར་བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་གིས་ལྷ་ས་ནག་ཆུ་མཐོ་རིམ་སློབ་འབྲིང་གཉིས་པར་དཔེ་དེབ་ཞལ་འདེབས་ཕུལ།  གཞན“ལོ་རྒྱུས་ཀྱི་མཆོང་སྐྱོད་རླབས་ཆེན། —མཛོད་ཉར་ཡིག་ཆ་ཚད་ལྡན”ཞེས་པའི་བརྗོད་དོན་གྱི་འགྲེམས་སྟོན་བྱེད་སྒོ་སྤེལ་ལ། ཀློག་པ་པོ་མང་པོ་ལྟ་སྐོར་དུ་ཕེབས། བོད་ལྗོངས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་ཀྲུང་གོ་གསར་པའི་འཛུགས་སྐྲུན་བྱ་གཞག་ཁྲོད་བླངས་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་མཚོན་ཆེད།  དཔེ་མཛོད་ཁང་གིས་ཀློག་པ་པོར་ཆེད་དམིགས་ཀྱིས་བརྗོད་དོན་དང་འབྲེལ་བའི་མཛོད་ཉར་ཡིག་ཆ་སྐོར་ཞིག་འགྲེམས་སྟོན་བྱས་ཤིང་། དེའི་ནང་དུ་བོད་ཡིག་ཚགས་པར་དང་། རྒྱ་ཡིག་ཚགས་པར། གློག་རྡུལ་དཔེ་ཆའི་ངོ་སྤྲོད། བོད་རིག་པའི་དུས་དེབ། བོད་ཡིག་དུས་དེབ་དང་དེ་འབྲེལ་ནང་དོན་གྱི་སྡོམ་རྩིས་གཞི་གྲངས་ཚུད་ཡོད། 
          རྒྱུས་ལོན་ལྟར་ན། ད་ཆ་དཔེ་མཛོད་ཁང་དུ་གློག་རྡུལ་དཔེ་དེབ་རིགས་ཁྲི་50ལྷག་ཙམ་ཉར་ཡོད་པ་ལས། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་འབྲེལ་བའི་དཔེ་དེབ་རིགས་138ཡོད། བསྡོམས་རྩིས་རགས་པ་ལྟར་ན། 1959ལོར་བོད་དུ་དམངས་གཙོའི་བཅོས་སྒྱུར་བྱས་ཚུན། རིག་གཞུང་དུས་དེབ་སྣ་ཚོགས་སུ། བོད་ཀྱི་དམངས་གཙོའི་བཅོས་སྒྱུར་དང་འབྲེལ་བའི་རིག་གཞུང་དཔྱད་རྩོམ་357སྤེལ་ཡོད་པ་དང་། 1989ལོ་དང་1999ལོ། 2009ལོ་སོགས་གྲངས་མཇུག “9”ཅན་གྱི་ལོར་བྱུང་བའི་དཔྱད་རྩོམ་ཆེས་མང་པ་ཡིན། འདིས་རྒྱ་ཆེའི་མི་དམངས་མང་ཚོགས་ཀྱིས་བོད་ཀྱི་དམངས་གཙོའི་བཅོས་སྒྱུར་ལ་དྲན་གསོ་ཞུ་བའི་བརྩེ་སེམས་མཚོན་གྱི་ཡོད།