ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀན་སུའུ་དཔའ་རིས་རྫོང་གིས་རིག་རྩལ་འཁྲབ་སྟོན་བྱས་ནས“ལྔ་བཞིའི”ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུས་པ།

སྤེལ་དུས 2019-04-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུུར།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཀན་སུའུ་ཞིང་ཆེན་དཔའ་རིས་རྫོང་གིས་རིག་རྩལ་འཁྲབ་སྟོན་བྱས་ནས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ100འཁོར་བར་དྲན་གསོ་ཞུས་པ་རེད། ད་ཐེངས་ཀྱི་བྱེད་སྒོས“ལང་ཚོའི་སེམས་པ་ཏང་ལ་བསྟུན་ནས་དུས་རབས་གསར་པར་ལེགས་སྐྱེས་འབུལ་དགོས”ཞེས་པ་བརྗོད་དོན་དུ་བཟུང་ནས་རྫོང་ཡོངས་ཀྱི་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་ཚོས“ལྔ་བཞིའི”སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་དང་།ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་དཔའ་རིས་རྫོང་གི་གཞོན་ནུ་ཚོས་བློ་བརྟན་འགྱུར་མེད་དང་བླ་ན་མེད་པའི་རྒྱལ་གཅེས་བརྩེ་སེམས་དང་ལས་སྒྲུབ་ལས་གཏོད་ཀྱི་ལང་ཚོའི་ཉམས་འགྱུར་མངོན་པར་བྱ་རྒྱུ་དམིགས་ཡུལ་དུ་བཟུང་ཡོད།
             རིག་རྩལ་འཁྲབ་སྟོན་ཧྲིལ་པོར་ལང་ཚོའི་ཉམས་འགྱུར་གྱིས་ཕྱུག་ཅིང་ལང་ཚོའི་གསོན་ཤུགས་རྣམ་པར་རྒྱས་ཡོད་ཅིང་། རྣམ་པ་འདྲ་མིན་གྱི་ཐོག་ནས་དཔའ་རིས་རྫོང་གི་རྒྱ་ཆེའི་གཞོན་ནུ་ཚོས་རྫོང་ཨུད་དང་རྫོང་སྲིད་གཞུང་གི་ཡང་དག་པའི་འགོ་ཁྲིད་འོག   དུས་རབས་ཀྱི་འཕེལ་རྒྱུན་དང་དམ་པོར་དམིགས་པ་དང་རང་ངོས་ཀྱི་དོན་དངོས་ལ་གཞི་ཚུགས་པ།ལྟེ་བར་དམིགས་པ།ཁྱོན་ཡོངས་ལ་ཞབས་ཞུ་བྱེད་པ།བྱ་གཞག་ཧུར་ཐག་སྒྲུབ་པ་བཅས་ཀྱི་བསམ་པའི་ཉམས་འགྱུར་མངོན་པ་མཚོན་ཡོད་པ་རེད།
མཉམ་གཞས<<མེས་རྒྱལ་ངའི་སེམས་ནང་དུ་ཡོད>>ཅེས་པ་རེད།
             “ཝུའུ་ཝུའེ་གྲོང་ཁྱེར་གྱི་ཕུལ་བྱུང་གུང་གཞོན་ཚོགས་པའི་ཚོགས་མི”དཔའ་རིས་རྫོང་མེ་འགོག་རུ་ཆེན་གྱི་མེ་འགོག་མི་སྣ་ཝུའུ་ཙེ་གོ་ལ་འཐབ་གྲོགས་ཚོས“ངུར་སེར་གྱི་གདོང་ལེན་པ”ཞེས་འབོད་ཀྱི་ཡོད་ཅིང་།ཁོང་གིས་སྤྱིར་བཏང་གི་ལས་གནས་ཐོག་ལང་ཚོའི་འགན་འཁྲི་གསལ་བཤད་གནང་ཡོད། “དཔའ་རིས་སྨན་ཆུང་མཛེས་ཤོས”དང“དུས་རབས་གསར་པའི་ན་གཞོན་ཡག་པོ”ཞེས་པར་གྲགས་པའི་ཕུའུ་ཞའོ་ཝུན་གྱི་བྱས་རྗེས་ཀྱིས་ས་མཐོའི་གྲོང་ཁྱེར་ཆུང་ངུ་ཡོངས་ལ་སེམས་འགུལ་ཆེན་པོ་ཐེབས་པ་དང་། “ཀན་སུའུ་ཡི་ཕུལ་བྱུང་གུང་གཞོན་ཚོགས་པའི་ཚོགས་མིའི”མཚན་སྙན་སྤྲད་པའི་གཞོན་ནུའི་དྲ་ཐོག་ཚོང་དོན་གྱི་ཤེས་ལྡན་མི་སྣ་ཁྲེན་ཅུན་ཀྲང་གིས་གཅེས་སེམས་ཟབ་མོ་བཅངས་ནས་ཕ་ཡུལ་དུ་ལོག་ནས་བྱ་གཞག་གཏོད་དེ་ཕ་ཡུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཁོང་ཚོས་རང་རང་སོ་སོས་ངོས་ནས “ལང་ཚོའི་མྱོར་ཚོར”མྱོང་རོལ་བྱས་པས་སྤྲོ་སེམས་རབ་ཏུ་འཕེལ་བ་དང་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པར་སྐུལ་མ་བཏང་བ་ལས་གཞོན་ནུའི་འགན་འཁྲི་འཁུར་སེམས་མངོན་པ་མ་ཟད།གཞོན་ནུའི་ཕུགས་འདུན་དང་བསམ་འདུན་ཡང་མཚོན་པར་བྱས་པས་དེ་གར་ཡོད་པའི་གཟིགས་མོ་བའི་ཐལ་མོའི་རྡེབ་སྒྲ་ཡང་ཡང་ཐོབ་ཡོད།
དཔའ་རིས་རྫོང་མེ་འགོག་རུ་ཆེན་གྱི་མེ་འགོག་རུ་མིའི“ལང་ཚོའི་མྱོང་ཚོར”མྱོང་རོལ་བྱེད་བཞིན་པ།
རིག་རྩལ་འཁྲབ་སྟོན་ལ་གཟིགས་མཁན་གཟིགས་མོ་བ།
             དཔའ་རིས་རྫོང་ལས་རིགས་སློབ་གསོ་ལྟེ་གནས་ཀྱི་སློབ་མ་ལི་ཧའེ་ཡུས་ཀྱིས་གསར་འགོད་པར།གཞོན་ནུ་ཚོགས་པའི་ཚོགས་མི་ཞིག་ཡིན་པའི་ངོས་ནས“ལྔ་བཞི”ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་རིག་རྩལ་མཉམ་འཁྲབ་ནང་ཞུགས་པར་གཟི་བརྗིད་དང་སྤོབས་པ་ཚད་མེད་སྐྱེས་ཡོད་ཅིང་། ལྔ་བཞིའི་ལས་འགུལ་ནི་གཞོན་ནུའི་མི་རབས་ཀྱིས་བློ་ལ་བརྟན་པོར་ངེས་དགོས་པའི་ལོ་རྒྱུས་ཤིག་ཡིན་པ་མ་ཟད།དེའི་ནང་གི་ལྔ་བཞིའི་སྙིང་སྟོབས་ལ་དེ་བས་ཀྱང་སློབ་སྦྱོང་བྱ་དགོས། དུས་ཡུན་ཆུ་ཚོད་གཉིས་རིང་གི་རིག་རྩལ་འཁྲབ་སྟོན་བྱས་པ་དེས་རྒྱ་ཆེའི་གུང་གཞོན་ཚོགས་པའི་ཚོགས་མི་དང་གཞོན་ནུ་ཚོས་མེས་རྒྱལ་ལ་དགའ་ཞེན་དང་ཕ་ཡུལ་ལ་དགའ་ཞེན་བྱེད་པའི་བརྩེ་སེམས་སྐུལ་སློང་ཡང་གནང་ཡོད་པ་རེད།ད་ཆ་སློབ་མ་ཞིག་ཡིན་པའི་ངོས་ནས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱེད་པ་དང་ཡང་དག་པའི་འཇིག་རྟེན་གྱི་ལྟ་བ་དང་མི་ཚེའི་ལྟ་བ།རིན་ཐང་གི་ལྟ་བ་བཅས་ཚུགས་ནས་མཛེས་སྡུག་ལྡན་པའི་ལང་ཚོ་གཏོད་ཆེད་ཡར་བརྩོན་ཧུར་ཐག་བྱེད་དགོས་ཟེར།
             དཔའ་རིས་རྫོང་མི་རིགས་གླུ་གར་ཚོགས་པའི་ལས་བཟོ་ལིའུ་ཀྲེན་གྱིས“ལྔ་བཞིའི་ལས་འགུལ་ཚུན་གྱི་ཀྲུང་གོའི་གཞོན་ནུའི་བྱ་འགུལ་ལོ་རྒྱུས་ནི་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་མཉམ་སྒྲོག་རོལ་དབྱངས་ཁྲོད་ཀྱི་བརྗིད་ཉམས་ལྡན་པའི་ལང་ཚོའི་རོལ་དབྱངས་ཤིག་རེད། འདི་ནི་ཀྲུང་གོའི་གཞོན་ནུ་རྣམས་ཀྱིས་སྤོབས་ཉམས་སུ་བརྩིས་ཆོག་པའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་ཤིག་ཡིན་ལ།ཀྲུང་གོའི་གཞོན་ནུ་རྣམས་ཀྱིས་དུས་རབས་གསར་པར་ཡང་བསྐྱར་བྱས་རྗེས་ཆེན་པོ་འཇོག་པར་སྐུལ་མ་གཏོང་བའི་སྒུལ་ཤུགས་དྲག་པོ་ཞིག་ཀྱང་རེད། ལོ་ངོ100ཡི་རིང་གི་ལོ་རྒྱུས་ཐོག་ནས་གཞོན་ནུ་ནི་ཐོག་མཐའ་བར་གསུམ་དུ་ང་ཚོའི་སྤྱི་ཚོགས་ནང་ཧུར་བརྩོན་ཆེ་ཤོས་དང་།འཁྲུག་ཆ་དོད་ཤོས།སྐྱེ་སྟོབས་ཀྱི་དཔལ་འབར་བ་བཅས་ཀྱི་སྟོབས་ཤུགས་ཆ་ཤས་ཤིག་ཡིན་པར་ར་སྤྲོད་བྱུང་ཡོད། གཞོན་ནུའི་མི་རབས་ཤིག་ཡིན་པའི་ངོས་ནས་ལྔ་བཞིའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་།ལོ་རྒྱུས་ཀྱི་ལས་འགན་ཕྲག་ཏུ་འཁུར་བ།སྦྱོང་བརྡར་ཐེབས་པ།འཇོན་ཐང་ཆེ་རུ་འགྲོ་བ་བཅས་བྱས་ཏེ་མེས་རྒྱལ་ལ་ཞབས་འདེགས་ཞུ་བ་དང་མི་དམངས་ལ་ཞབས་འདེགས་ཞུ་བའི་ལག་ལེན་ཁྲོད་རང་ཉིད་ཀྱི་འཇོན་ཐང་དང་བློ་གྲོས་འདོན་སྤེལ་བྱེད་དགོས་ཟེར།
             “རྒྱལ་གཅེས་དང་ཡར་ཐོན།དམངས་གཙོ།ཚན་རིག”བཅས་ཀྱི“ལྔ་བཞིའི”སྙིང་སྟོབས་གཅིག་རྒྱུན་གཅིག་འཛིན་དང་ཡུན་རིང་གསར་སྤེལ་བྱེད་དགོས་ཤིང་། དཔའ་རིས་རྫོང་གི་རིམ་པ་ཁག་གི་གུང་གཞོན་ཚོགས་པ་རྩ་འཛུགས་ཀྱིས་གུང་གཞོན་ཚོགས་པའི་འགན་ནུས་ནན་ཏན་ངང་སྒྲུབ་པ་དང་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་སྟེ་རྫོང་ཨུད་ཀྱིས་གཏན་འཁེལ་གནང་པའི“དབུལ་ཐར་འགག་སྒྲོལ་དང་སྣོད་བཅུད་ཤེས་དཔལ།གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན།རིག་གནས་ཡུལ་སྐོར།ཞི་མཐུན་བརྟན་ལྷིང་།ལས་བྱེད་པའི་སྤྱོད་ཚུལ”བཅས་ཀྱི་གཙོ་གནད་ལས་དོན་ཁག་དྲུག་ལ་དམ་པོར་དམིགས་ཏེ། སྣོད་བཅུད་མཛེས་པ་དང་ཐོན་ལས་ལེགས་པ།མང་ཚོགས་ཕྱུག་འགྱུར་བཅས་ཀྱི་ཞི་མཐུན་དཔའ་རིས་རྣམ་པར་བསྐྲུན་རྒྱུ་དེ་རང་འཁྲིའི་འགན་འཁྲིར་བརྩིས་ནས། དབུལ་ཐར་འགག་སྒྲོལ་ལ་རོགས་སྐྱོར་དང་། སྦགས་བཙོག་འགོག་བཅོས་དང་སྣོད་བཅུད་འཛུགས་སྐྱོང་ལ་སྐུལ་འདེད་བྱེད་པ།གཞོན་ནུ་དང་བླངས་པའི་ཞབས་ཞུའི་བྱ་སྤྱོད་གཏིང་ཟབ་ཏུ་གཏོང་བ།ཚོགས་པ་བཅོས་སྐྱོང་ནན་པོ་བྱ་རྒྱུར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། རྒྱ་ཆེའི་གཞོན་ནུ་ཚོས་རྫོང་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་རང་ངོས་ལས་དོན་གྱི་འགོ་འཛུགས་ས་དང་ཟུང་འབྲེལ་བྱེད་ས་ནོར་མེད་འཚོལ་བ་དང་ཏང་གིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ཕྲག་ཏུ་ལེན་དགོས་ཤིང་།ཁོང་ཚོས་དཔའ་ངར་ཆེར་སྐྱེད་ཀྱི་བློ་སྟོབས་དང་དངོས་སྒྲུབ་ཀྱི་སྤྱོད་ཚུལ།ལས་དོན་ཏན་ཏིག་བཅས་ཀྱི་ཐོག་ནས་དཔའ་རིས་རྫོང་གི་དབུལ་ཞྭ་ཕུད་པ་དང་བོད་རིགས་ས་ཁུལ་འཕེལ་རྒྱས་ཀྱི་གྲལ་མགོར་འགྲེངས་ཆེད་རྔམ་བརྗིད་ལྡན་པའི་ལང་ཚོའི་གླུ་གཞས་བརྩམས་ཡོད།