ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

ཀླུ་ཆུང་སྟག་ཚང་དགོན་དགའ་ལྡན་ཕུན་ཚོགས་གླིང་།

སྤེལ་དུས 2018-11-19 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མི་གསལ།
            ཀླུ་ཆུང་སྟག་ཚང་དགོན་དགའ་ལྡན་ཕུན་ཚོགས་གླིང་ནི། སྔོན་བོན་དར་སྐབས་རླང་ཞིག་རྒྱལ་བ་བློ་གྲོས་དང་། སྣང་ཞིག་གི་དབང་བོ་རྒྱལ་བོ་(འདི་རྔ་བའི་བོན་དགོན་སྒང་ལེབ་ཀྱི་སྣང་ཞིག་རྟོགས་ལྡན་པ་ལས་མཆེད་པ་མདོ་སྨད་ཆོས་འབྱུང་དུ་བཤད།)རྩེ་ཞིག་སྟོང་ཉིད་ཡེ་ཤེས(འདི་རྒན་གྱའི་རྩེ་དབུ་མགོན་འདེབས་པ་བོ་སྟོང་ཉིད་ཞྭ་སེར་ཡིན་པ་འདྲ)ཁྲོ་གཤེན་སྤྲུལ་སྐུ་རྒྱལ་མཚན་གཉིས་ཀྱི་སྤྱི་དགོན་གྱི་སྐབས། འགྲོ་མགོན་འཕགས་པའི་བཀས(དུས་རབས་བཅུ་གསུམ་པའི་སྨད)གྲྭ་ཆེན་རྣམས་ཀྱིས་བོན་བསྒྱུར་སྐབས་གོང་སྨྲས་བོན་རྣམས་རྩོད་འདུན་གྱིས་འོངས། ཏཱ་དབོན་པོས་བྱམས་སྨོན་དང་བཟང་སྤྱོད་ཀྱི་ལུང་གནང་བའི་གསུང་བཤད་ཀྱིས་སྤོབས་པ་ཞུམ་སྟེ། བན་དེ་བྱེད་པར་ཁས་བླངས། དགོན་པ་རང་རང་གི་གྲྭ་ཁང་རྣམས་ཕུལ། ཏཱ་དབོན་པས་ཐུབ་སྐུ་གླང་དར་ཁྲིམས་ཕོག་མ་རྟེན་སྐལ་དུ་གནང་བ་ད་ལྟ་རྩེ་དབུས་རི་ཁྲོད(རྩེ་དབུས་གྲགས་པ་བཟང་བོས་བཏབ་པ་དགེ་འཕེལ་བསམ་གཏན་གླིང་ངམ་བདེ་ཆེན་བསམ་ གཏན་གླིང)དུ་བཞུགས་པ་དེ་ཡིན་ནམ་སྙམ་ཞེས་མདོ་སྨད་ཆོས་འབྱུང་དུ་གསུངས། རབ་བྱུང༡༢པའི་ས་འབྲུག(སྤྱི་ལོ༡༦༨༨)ལོར་ཅོ་ནེ་དཔོན་པོ་བློ་བཟང་དོན་ གྲུབ་དང་། བདེ་ཐང་མཁན་པོ་ཚངས་དབྱངས་པ་གཉིས་ཀྱིས་དགེ་ལུགས་སུ་བསྒྱུར་ཏེ་མཚན་དགའ་ལྡན་ཕུན་ཚོགས་གླིང་ཞེས་བཏགས། ཆས་པ་ཀླུ་ཆུང་དགོན་ཡང་ཟེར། རྒྱུད་གྲྭ་བཙུགས་པར་བདེ་གསང་འཇིགས་གསུམ་སོགས་དང་། ཚོགས་ཆེན་བཙུགས་པར་སྨན་བླ་ཀུན་རིག་སོགས་ཚོགས་འདོན་དང་། ལམ་རིམ་དང་། སྨན་རྩིས་སོགས་རིག་གནས་སྦྱོང་སྲོལ་ཚུགས། རབ་བྱུང༡༦པའི་ཤིང་ སྦྲུལ(སྤྱི་ལོ༡༩༥༤)ལོར་དགོན་གནས་ད་ལྟའི་གནས་འདིར་སྤོས་པ་ནས་ཆས་པ་སྟག་ཚང་དགོན་ཞེས་མིང་ཆགས། སྨན་བླ་གསུང་འབྱོན་དང་། བྱམས་པ་སྐོར་འབྱོན། བྱམས་སྐུ་ཁྲུ་བཅུ་ དྲུག་ལོངས་པའི་རྟེན་བྱིན་ལྡན་སོགས་འབག་ཐང་མི་ཉུང་བ་བཞུགས། གསུང་གི་སྐོར་ལ། བཀའ་འགྱུར་ཚར་བཞི་དང་། བསྟན་འགྱུར་ཚར་གསུམ། ཡུམ་འབུམ་པ་གསེར་སྣག་གིས་བཞེངས་པ་ཚར་གཉིས་དང་གསུང་འབུམ་ཁ་ཤས། ལོར་རེར་དུས་བཞིར་ཆོས་ཐོག སྨོན་ལམ། གཏོར་སྒྲུབ། ལྕགས་མཁར། ལྔ་མཆོད་བཅས་བསྡོམས་ཉིན་དོན་དགུ་ལ་རྒྱུན་བསྟར་ཆོས་སྤྱོད་ ཀྱི་བྱ་བ་བཙུགས་ཤིང་ལོ་སར་འཆམ་ཆེན་དང་ཤ་འཆམ་དར། རྒྱུད་གྲྭར་རྒྱུད་པའི་བླ་མ་དང་། ཁྲི་བ། དགེ་བསྐོས། དབུ་མཛད་བཅས་བཞི་དང་། ཚོགས་ཆེན་ལ་ཁྲི་བ། དགེ་བསྐོས། དབུ་མཛད། སྒྲིག་བདག་བཅས་བཞི་སོ་སོར་གྲྭ་ཚང་གི་ལས་ཀུན་ཡལ་བར་མི་འདོར་བ་བྱེད། སྣང་ཞིག བྲག་སྒོམ་པ། བྲག་དཀར་དཀོན་མཆོག་སེང་གེ རི་ལ་ཞབས་དྲུང་བླ་མ་ཐུབ་བསྟན་བཅས་ཀྱི་གཟིམ་ཁང་དང་གུར་ཡག་ཚང་གི་ནང་ཆེན། དགོན་པ་གོང་མའི་སྐབས་གྲྭ་ཁང་བརྒྱ་ལྷག་དང་གྲྭ་བ་མང་རབས་ཟེར་ལ། ༡༩༢༨ལོར་ཀཱ་ཟི་ལེན་ཇག་ཚོགས་ཀྱི་གཏོར་བཅོམ་ཐེབས་པས༡༩༥༨ལོར་བླ་མ་སྣང་ཞིག་ཚང་། ཞབས་དྲུང་ཐུབ་བསྟན། རི་ལ་གསུམ་བཅས་དང་གྲྭ་བ༡༢༩བཞུག་ཡོད་པ་འདྲ།།