ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

བླ་རི་མགུལ་སྒར་རྙིང་དགའ་ལྡན་ཆོས་འཕེལ་གླིང་།

སྤེལ་དུས 2018-11-22 ཡོང་ཁུངས། མདོ་ལྷོ་དྲ་བ། རྩོམ་པ་པོ། མི་གསལ།
          བླ་རི་མགུལ(བླ་རི་མགོ)སྒར་རྙིང་དགའ་ལྡན་ཆོས་འཕེལ་གླིང་ནི། རྗེ་འཇམ་དབྱངས་བཞད་པ་སྐུ་ཕྲེང་དང་བོ་རབ་བྱུང༡༢པའི་ས་གླང་སྤྱི་ལོ༡༧༠༩ལོར་མདོ་སྨད་དུ་ཕྱག་ཕེབས་པའི་ལོ་བཞི་བ་འབྲུག་ལོར་རྐྱང་ཚའི་ཆབ་ཚན་སོགས་སུ་བྱོན་པའི་ཕྱི་ལོ། ཐང་དགེ་ལྷུན་གྲུབ་གཙོས་མི་ཆེན་ཁ་ཤས་དང་ཀུན་མཁྱེན་མཆོག་གི་ཐུགས་སྲས་དམ་པ་རང་སར་འཁྲུངས་པའི་གཞུངས་པ་རབ་འབྱམས་པ་བསྟན་པ་བཅས་ཀྱིས་སྡེ་འདིར་མཆོད་གཞིས་ཤིག་དགོས་པའི་སྙན་ཞུའི་གསོལ་བ་བཏབ་པ་ལ།  དགྱེས་བཞིན་ཞལ་གྱིས་བཞེས་ཏེ་དགོན་སར་གཟིགས་ཤིང་རབ་གནས་མཛད། ལོ་དེར་འདུ་ཁང་གི་རྨང་བཏིངས་པ་སོགས་གཞུང་བ་བསྟན་པས་བཏབ། འདི་ཀུན་མཁྱེན་མདོ་སྨད་དུ་བྱོན་ནས་དགོན་སར་འདེབས་ལ་ཞལ་བཀོད་གནང་བའི་ཨང་གཉིས་པར་མངོན། དེ་ནས་ལོ་བཞི་བ་ཤིང་ལུག (སྤྱི་ལོ༡༧༡༥)ལོར་སྐྱབས་མགོན་མཆོག་གི་བཀའ་བཞིན། བདེ་གསང་འཇིགས་གསུམ་གྱིས་བདག་འཇུག་གི་འདོན་རྟ་དབྱངས། ཐིག་རྡུལ་ཚོན། རྡུང་རོལ་མོ་སོགས་ཆོ་གའི་སྐོར་གཙང་གི་ཕྱག་ལེན་བཞིན་བཙུགས། རང་བྱུང༡༣པའི་ལྕགས་ལུག(སྤྱི་ལོ༡༧༥༡)ལོར་ཀུན་མཁྱེན་འཇིགས་མེད་དབང་བོ་ཕེབས་ནས་རྗེའི་ལྷ་ཁང་གསར་དགའ་བཞི་འཕྲུལ་གྱི་ལྷ་ཁང་གསར་བཞེངས་ཀྱི་ཞལ་བཀོད་བསྩལ། རིམ་གྱིས་ལམ་རིམ་གྱི་འཆད་ཉན་སོགས་ཆོས་སྤྱོད་ཀྱི་རིམ་པ་མང་པོ་ཚུགས། སྤྱི་ལོ༡༩༤༩ལོར་བླ་བྲང་ལྟར་གྱི་ཤ་འཆམ་བཙུགས། ཆོ་འཕྲུལ་སྨོནལམ་ཉིན་དགུ་སོགས་ཟླ་བ་བརྒྱད་པ་བར་ཟླ་རེའི་ཆོས་ཐོག་ཏུ་བདེ་གསང་སོགས་ཀྱི་བདགའཇུག་དང་། མ་ཎི་རིལ་སྒྲུབ། ལྔ་མཆོད་དང་། ལོ་རྙིང་དགུ་གཏོར། ཟླ་རེའི་དུས་བཟང་སོགས་འཆར་ཅན་གྱི་ཚོགས་ཉེན་བརྒྱ་དང་སུམ་ཅུ་རྩ་གྲངས་ལ་ཀུན་རིག་དང་ཆོས་སྤྱོད་བརྒྱད་ཅུ་སོགས་སྐབས་གང་བབས་ལ་འདོན་སྒྲིག་ལྟར་མ་ཆག་པ་བྱེད།
          དགོན་འདིའི་རྟེན་གཙོ་རྗེ་བཀྲ་ཤིས་དོ་ཁ་མི་ནི་ཕྱོགས་འདིའི་བླ་མ་འོད་ཟེར་བཟང་བོ་རབ་བྱུང༡༣པའི་མེ་རྟ(སྤྱི་ལོ༡༧༨༦)ལ་དབུས་སུ་བྱོན། དགའ་ལྡན་རྣམས་པར་རྒྱལ་པའི་གླིང་སོགས་སུ་བཤེས་གཉེན་བཅུ་ལྷག་བསྟེན་ཏེ་མཁས་གྲགས་རྒྱས། ཡོས་ལོར་མདོ་སྨད་དུ་འབྱོན་ཁར། རྒྱལ་དབང་འཇམ་དཔལ་རྒྱ་མཚོས་ཉིད་ཀྱི་དབུ་སྐྲ་ནང་གཞུག་ཏུ་ཕུལ་བ་བསྩལ།  རྒྱ་གར་ནས་གདན་དྲངས་པའི་ཐུབ་པ་ཆོས་འཁོར་ མ་དང་། སློབ་དཔོན་གསུང་འབྱོན། ཀུན་མཁྱེན་གཉིས་པས་གནང་བའི་རྗེའི་སྐུ་སོགས་རྒྱུ་སྣ་ཚོགས་ལས་བཞེངས་པའི་བྲིས་འབུར་མའི་སྐུ་བརྙན་ཤིན་ཏུ་མང་།
          བཀའ་འགྱུར་དང་། གཞན་གསུང་འབུམ། ཆོས་སྤྱོད་རིགས་ཀྱི་གླེགས་བམ་དུ་མ་བཞུགས། སྒྲ་དང་སྙན་ངག  རྩིས་ས་རིས་སོགས་རིག་གནས་སློབ་རྒྱུན་མ་ཉམས་པར་གནས། ཆོས་སྡེ་རང་ནས་གསུང་རྩོམ་ཉུང་ངུ་རེ་བཞུགས་པའི་མཁས་པ་ཁ་ཤས་ཕེབས་ཀྱང་ཕྱག་དཔེ་རྣམས་ལ་འཇིག་པས་ཞུ་རྔོ་མི་ཐོགས། ཁྲི་བ་བླ་བྲང་གིས་མངག་ལ། དགེ་བསྐོས་དབུ་མཛད། རྒན་པ་རྣམས་བཅས་ཀྱིས་རང་བབས་དགོན་པའི་དོན་བསྒྲུབ། རྒྱུད་གྲྭའི་འདུ་ཁང་། གནས་ཆུང་བཙན་ཁང་། བཀའ་འགྱུར་ཆོས་ཁང་། མ་ཎི་འཁོར་ཁང་། མཆོད་རྟེན་ཆེན་མོ། སྐུ་ཞབས་བླ་བྲང་དང་། གཙོས་གསེར་ཁྲི། བླ་མ་ཁ་ཆུ། དཔའ་རིས་པ། སངས་སང་ཚང་རྣམས་ལ་གཟིམས་ཁང་དང་། ༡༩༥༨ལོར་གྲྭ་བ་བརྒྱད་ཅུ་རྩ་གྲངས་བཞུགས་ཡོད་པ་འདྲ།