ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

དགའ་ལྡན་བྱང་རྩེ་གྲྭ་ཚང་།

སྤེལ་དུས 2019-02-25 ཡོང་ཁུངས། དགེ་ལུགས་པའི་དྲ་བ། རྩོམ་པ་པོ། དུང་དཀར་བློ་བཟང་འཕྲིན་ལས།
           གྲྭ་ཚང་དེ་ནི་རྗེ་ཙོང་ཁ་པའི་དངོས་སློབ་ཧོར་སྟོན་ནམ་མཁའ་དཔལ་བཟང་པོས་བཏབ་སྟེ་བླ་ས་བཟུང་ནས་ཆོས་ཟུར་འཆད་མཛད་པས་རྗེ་དགེ་འདུན་གྲུབ་པ་སོགས་མཁས་གྲུབ་མང་པོས་ཆོས་ཞུས་པ་སོགས་བྱུང༌། གྲྭ་ཁང་རྒྱབ་ངོས་ཐོག་བརྩེགས་བཞི་དང༌། མདུན་ངོས་ཉིས་ཐོག སྒོ་འཕྱོར་ཀ་བ་བརྒྱད། འདུ་ཁང་ཀ་རིང་བརྒྱད་དང་བཅས་ཀ་བ་བརྒྱད་ཅུ་རྒྱ་བཞི། འདུ་ཁང་ནང་རྟེན་གཙོ་ཐུབ་དབང་ཚུལ་ཁྲིམས་མ་དང༌། རྗེ་ཚུལ་ཁྲིམས་ཆོས་འཕེལ་གྱི་འདྲ་སྐུ་སོགས་སྐུ་གསུང་ཐུགས་རྟེན་དུ་མ། གྱང་ལྡེབས་སུ་གཞི་སེར་པོར་མཚལ་བྲིས་ཀྱི་ཚེ་དཔག་མེད་དང༌། སྒོ་འགྲམ་གཡས་གཡོན་དུ་ཞལ་ཡར་གཟིགས་སུ་ཆོས་སྲུང༌། གསེང་གཡབ་ཏུ་རྗེ་རིན་པོ་ཆེ་སོགས། སྒོ་འཕྱོར་དུ་རྒྱལ་ཆེན་བཞི་སོགས་ཀྱི་བྲིས་སྐུ། སྒོ་འཕྱོར་སྟེང་རབ་གསལ། གསེང་གཡབ་ཀྱི་ཁོར་ཡུག་དང༌། ཐོག་བརྩེགས་གསུམ་པ་ཡན་དཔེ་མཛོད་ཁང་དང་ལས་ཤག་ལེ་ལག་ཁག ཐོག་བརྩེགས་བཞི་པར་རྒྱལ་བའི་གཟིམ་ཆུང་སོགས་དང༌། གྲྭ་ཁང་གི་ཕྱིའི་ལྷོ་ནུབ་མཚམས་སུ་ཆོས་ར་བཅས་ཡོད། གྲྭ་ཁང་རྙིང་པ་འདུ་ཁང་ཀ་རིང་བཞི་དང་བཅས་ཀ་བ་སུམ་ཅུ་དང༌། འདུ་ཁང་ནང་གནས་བརྟན་བྲག་རིའི་འཇིམ་བརྙན་བྱོན་ལེགས། ལྷ་མོ་ཁང་དུ་དཔལ་ལྡན་ལྷ་མོ་སོགས་ཀྱི་སྐུ་བརྙན། ཡང་སྟེང་དུ་མཁན་པོའི་བཞུགས་ཁང་སོགས་ཡོད། ཧོར་སྟོན་ནམ་མཁའ་དཔལ་ནས་བཟུང་དོན་གྲུབ་རྒྱ་མཚོ་བར་བེ་སེར་ནང་མཁན་རབས་ཉི་ཤུ་རྩ་དགུའི་མཚན་གསལ་བ་དང༌། རབ་བྱུང་བཅུ་དྲུག་པའི་ས་ཕག་ལོ་མཁན་པོ་ལས་ཐོག་གོ་བོ་ཡེ་ཤེས་དགའ་བ་ཡིན། རྒྱུན་དུ་འཆད་ཉན་ཡིག་ཆ་གཙོ་བོ་རྗེ་ཡབ་སྲས་དང༌། སེ་ར་རྗེ་བཙུན་པའི་ཡིག་ཆ་རྣམས་ཡིན། སྲུང་མའི་གཙོ་བོ་དཔལ་ལྡན་ལྷ་མོ་བསྟེན། སྟག་རྩེ་སྒྲུབ་མཆོད་སྐབས་འདོན་བཟང་པ་རྣམས་ནས་གསང་འདུས་མི་བསྐྱོད་པའི་རྡུལ་ཚོན་སྒྲུབ་མཆོད་ཚུགས་སྲོལ།