ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

བོད་ཀྱི་ཐང་གར་བརྟེན་ནས་བོད་ཀྱི་གསོ་རིག་བསྟན་བཅོས་རྒྱུན་འཛིན་བྱས་པ།

སྤེལ་དུས 2018-12-13 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                 ཀྲུང་གོའི་གསར་འགྱུར་དྲ་བའི་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། གནའ་གྲོང་ལྷ་སའི་བར་སྐོར་གྱི་བཟོ་བཀོད་རྙིང་པའི་སྒོ་རའི་ཟུར་ཞིག་ཏུ་འཇིགས་མེད་དང་ཁོང་གི་མཆེད་གྲོགས་སྐྱིལ་ཀྲུང་དུ་བསྡད་ནས་བློ་རྩེ་རས་གཞིར་གཏད་པ་དང་། 《གསོ་རིག་རྒྱུད་བཞིའི་སྨན་ཐང་ཀུན་འདུས》ལ་ཡང་ཡང་ལྟ་བཞིན་བྲིས་པའི་བོད་ཀྱི་གསོ་རིག་བསྟན་བཅོས་ནང་གི་མི་ལུས་ཀྱི་རུས་སྒྲོམ་དང་དབང་རྩ་རྣམས་ཁོ་ཚོའི་སྨྱུག་རྩེའི་འོག་ཤིན་ཏུ་གསོན་ཉམས་དོད།
                 ལྷ་ས་ནས་ཡོང་བའི་འཇིགས་མེད་ཀྱིས་ལོ་ན་17ནས་གཙང་གི་ལྷ་བྲིས་པ་དཀའ་ཆེན་ངག་དོན་སློབ་དཔོན་ལ་བསྟེན་ནས་སྨན་གསར་ལུགས་ཀྱི་ཐང་ག་སྦྱངས། “ད་ཆར་མི་ཕལ་ཆེར་ལ་མཚོན་ན། ཆོས་ལུགས་ཀྱི་མཚོན་དོན་ལྡན་པའི་ཐང་ག་སྐད་གྲགས་ཅུང་ཆེ་བ་ཡོད”བོད་ཀྱི་གནའ་བོའི་གསོ་རིག་སྨན་ཐང་ལའང་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་པ་དང་ད་ཆར་རིག་གཞུང་ཞིབ་འཇུག་ཐད་སྤྱོད་ཀྱི་ཡོད་ཅེས་འཇིགས་མེད་ཀྱིས་བརྗོད།
                 ཤེས་རྟོགས་བྱུང་བ་ལྟར་ན། བོད་ཀྱི་གསོ་རིག་ཐང་ག་ནི་གསོ་བ་རིག་པའི་གཞུང《རྒྱུད་བཞི》ལ་འགྲེལ་བཤད་རྒྱག་ཆེད་བྲིས་པའི་ཚོན་ཐང་ཡིན་ལ་ཁྱོན་ཁག་80ལྷག་ཡོད་པ་དང་རི་མོ་ཆུང་ཆུང་5000ལྷག་གིས་གྲུབ་ཡོད། དེ་ནི་བོད་ཀྱི་གསོ་རིག་རྒྱུན་འཛིན་ཁྲོད་ཀྱི་གསོན་ཉམས་དོད་ཤོས་དང་སྣང་བརྙན་ཅན་གྱི་གསོ་རིག་སློབ་ཁྲིད་ཡོ་བྱད་ཅིག་ཡིན། འཇིགས་མེད་ཀྱིས། ང་ཚོས་བྲིས་པའི་ཐང་གའི་ནང་དོན་ནི《རྒྱུད་བཞིའི》ནང་འཁོད་པ་ལྟར་བྲིས་པ་ཡིན་ལ་རི་མོ་དང་ཡི་གེ་མཉམ་འཁོད་ངང་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་དང་ལག་ལེན་གྱི་ལག་རྩལ་ལ་འགྲེལ་བཤད་བརྒྱབ་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
                 འཇིགས་མེད་ཀྱི་མཆེད་གྲོགས་ཟླ་བ་དོན་གྲུབ་ཀྱིས་ངོ་སྤྲོད་བྱས་པ་ལྟར་ན། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་རིག་གཞུང་ལས་དོན་གྱི་དགོས་མཁོའི་རྐྱེན་གྱིས་2017ལོའི་ཟླ་10པར་སྨན་ཁང་དེ་གའི་མངག་བཅོལ་ལྟར་འགྲེམས་སྟོན་དང་སློབ་ཁྲིད་ཐད་སྤྱོད་རྒྱུར་ང་ཚོས《རྒྱུད་བཞིའི》ཐང་ག་འབྲི་འགོ་བརྩམས་པ་ཡིན། “དེ་གོང་ང་ཚོར་བོད་ཀྱི་གསོ་རིག་ཐང་ག་འབྲི་བའི་ཉམས་མྱོང་ཡོད་པར་བརྟེན། སྨན་རྩིས་ཁང་གིས་ལྷ་བྲིས་པ་ཕུལ་བྱུང་མང་པོའི་ནང་ནས་ང་ཚོ་བདམས་པས་ཧ་ཅང་དགའ་པོ་བྱུང”ཞེས་བཤད།
                 ཟླ་བ་དོན་གྲུབ་ཀྱིས། རང་ཉིད་ཀྱི་ཐང་ག་འབྲི་རྩལ་ལ་བརྟེན་ནས་བོད་ཀྱི་གསོ་རིག་བསྟན་བཅོས་རྒྱུན་འཛིན་ཐུབ་པ་ནི་ངའི་མི་ཚེ་ནང་གི་ཚོགས་གསོག་བྱ་བ་ཅིག་ཡིན། “ཐང་ག་འདི་དག་ནི་བོད་ཀྱི་གསོ་རིག་མཁས་པ་དང་ཐང་གའི་རིགས་གཅིག་མཁས་ཅན་མང་པོར་སྟོན་དགོས་པས། ང་ཚོས་བརྩམས་ཆོས་ཚང་མར་གཟབ་ནན་བྱས་ཏེ་ཞིབ་ཆ་རེ་རེའི་སྤུས་ཚད་ལ་འགན་ལེན་བྱེད་དགོས”ཞེས་བརྗོད་པ་རེད།
                 མིག་སྔར་འཇིགས་མེད་དང་ཟླ་བ་དོན་གྲུབ་ལ་རང་ཉིད་ཀྱི་ཐང་ག་ལས་སྒྲུབ་ཁང་ཡོད་པ་དང་། དགེ་ཕྲུག་བསྐྱངས་ནས་རང་ཉིད་ཀྱི་ཐང་ག་འབྲི་རྩལ་རྒྱུན་འཛིན་བྱེད་ཀྱི་ཡོད་པ་རེད། འཇིགས་མེད་ཀྱིས་ང་དང་མཆེད་གྲོགས་ཀྱིས་དགེ་ཕྲུག་7ལ་མཛུབ་ཁྲིད་བྱེད་ཀྱི་ཡོད་པ་དང་ཁོ་ཚོ་ཕལ་ཆེ་བ་ནི་གཞིས་རྩེ་རྣམ་གླིང་རྫོང་གི་དུད་ཚང་དབུལ་པོའི་ཕྲུ་གུ་རེད། “ད་ཆར་ཁོ་ཚོའི་ནང་ནས་མི་4སློབ་མཐར་ཕྱིན་ནས་ཡོང་འབབ་གསོག་གི་ཡོད་པས་ཁྱིམ་ཚང་གི་འཚོ་བ་གང་ཅིར་ལེགས་སུ་ཆེན་པོ་ཕྱིན་ཡོད”ཅེས་ངོ་སྤྲོད་བྱས་ནས་བཤད་བྱུང་།