ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > བོད་སྨན་ཁང་།

བོད་ཀྱིས་བོད་ལུགས་གསོ་རིག་གི་བདེ་ཐང་ཐོན་ལས་ཆེན་པོ་འཕེལ་རྒྱས་མགྱོགས་སུ་གཏོང་རྒྱུ་ཡིན་པ།

སྤེལ་དུས 2019-01-21 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          བོད་ཀྱི་སྡེ་ཚན་མང་པོས་ཉིན་ཤས་གོང་མཉམ་འབྲེལ་ཐོག《བོད་རང་སྐྱོང་ལྗོངས་ཀྱི་གསོ་རིག་བཟོ་ལས་འཕེལ་རྒྱས་ཀྱི་འཆར་འགོད(2017—2025ལོ)》བཏོན་ནས་ཀྲུང་ལུགས(བོད་ལུགས)སྨན་རྫས་གོང་འཕེལ་ཤུགས་ཆེན་བཏང་སྟེ་གསོ་རིག་གི་བདེ་ཐང་ཐོན་ལས་ཆེན་པོ་གོང་འཕེལ་ཧུར་ཐག་གཏོང་རྒྱུ་ཡིན་པ་ཁ་གསལ་བཟོས་ཤིང་། 2025ལོར་སླེབས་སྐབས་ལྗོངས་ཡོངས་ཀྱི་བོད་སྨན་རྒྱུ་ཆ་ཚད་ལྡན་ཅན་གྱི་འདེབས་འཛུགས་རྟེན་གཞིའི་རྒྱ་ཁྱོན་མུའུ་ཁྲི་3ཡན་ཟིན་རྒྱུ་དང་། གསོ་རིག་བཟོ་ལས་ཀྱི་ཐོན་རྫས་རིན་ཐང་ལོར་ཆ་སྙོམས་འཕར་ཚད་12%ཡན་རྒྱུན་འཁྱོངས་ཐུབ་རྒྱུ་རེད།
          གསར་འགོད་པས་ཚེས་11ཉིན་བོད་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། སླད་ཕྱིན་བོད་ཀྱི་གསོ་རིག་བཟོ་ལས་ཀྱི་སྤྱིའི་ཁ་ཕྱོགས་ནི་ཀྲུང་ལུགས(བོད་ལུགས)སྨན་རྫས་གོང་འཕེལ་ཤུགས་ཆེན་གཏོང་བ་དང་། གསོ་རིག་གི་བདེ་ཐང་ཐོན་ལས་ཆེན་པོ་གོང་འཕེལ་ཧུར་ཐག་གཏོང་བ། སྐྱེ་དངོས་ཀྱི་སྨན་བཟོ་གསར་གཏོད་དང་གོང་འཕེལ་གཏོང་བ། གསོ་རིག་བཟོ་ལས་ཀྱི་བཀོད་ཇུས་ལེགས་སྒྲིག་བྱེད་པ་སོགས་རེད། བོད་ཀྱིས་བོད་ལུགས་གསོ་རིག་གི་ཁྱད་ལྡན་རིག་གནས་ལ་བརྟེན་ནས་བོད་སྨན་གྱི་རྒྱུ་ཆ་ལས་སྣོན་གོང་འཕེལ་ཤུགས་ཆེན་བཏང་ཐོག་ཐོན་ལས་འཁོར་འབྲེལ་སྣུར་སྲིང་བྱ་རྒྱུ་རེད།
          བོད་རང་སྐྱོང་ལྗོངས་བཟོ་འཕྲིན་ཐིང་གི་ཐིང་ཀྲང་ཞུས་ཧྥེས། བོད་སྨན་རྒྱུ་ཆ་སྲུང་སྐྱོང་དང་། གསར་སྤེལ། འདེབས་འཛུགས། དེ་བཞིན་བོད་སྨན་གྱི་སྣ་ཁ་མང་གཏོང་དང་། སྤུས་ཀ་ལེགས་གཏོང་དང་སྤུས་རྟགས་གཏོད་པ་བཅས་ལ་ཕན་འབྲས་ཐོན་རྒྱུ་དང་། རྒྱལ་ནང་དུ་ཤུགས་རྐྱེན་ནུས་པ་ངེས་ཅན་ལྡན་པའི་མི་རིགས་གསོ་རིག་བཟོ་ལས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་ཞིག་ཧུར་ཐག་བསྐྲུན་ནས་གསོ་རིག་བཟོ་ལས་ཉིད་འདེགས་སྐྱོར་ཐོན་ལས་གལ་ཆེན་དུ་འགྱུར་བར་བྱ་རྒྱུ་ཡིན་ཞེས་བཤད།
          ངོ་སྤྲོད་བྱས་པར་གཞིགས་ན། བོད་ཀྱིས་བོད་སྨན་རྒྱུ་ཆ་ཐོན་སྐྱེད་ཀྱི་རྟེན་གཞི་བསྐྲུན་མགྱོགས་སུ་བཏང་སྟེ“ཁེ་ལས+ཚན་ཞིབ+མཉམ་ལས་ཁང+ཞིང་དུད”བཅས་ཀྱི་རྣམ་པར་བརྟེན་ནས་གཙོ་གནད་ཐོག་སྲོ་ལོ་དམར་པོ་དང་ཤ་ཕོ་རུ་རྟ་སོགས་རྒྱུན་སྤྱོད་བོད་སྨན་གྱི་རྒྱུ་ཆ་དང་སྟོངས་ལ་ཉེ་བའི་རི་སྐྱེས་སྨན་རྒྱུ་འདེབས་གསོར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་དང་། དེ་དང་ཆབས་ཅིག་མི་ཐབས་ལ་བརྟེན་པའི་སྨན་རྒྱུ་རྟེན་གཞི་ཚད་ལྡན་ཅན་དུ་འགྱུར་བའི་འདེབས་གསོར་ཤུགས་སྣོན་རྒྱག་པ་དང་། རི་སྐྱེས་བོད་སྨན་རྒྱུ་ཆའི་ཐོན་ཁུངས་ཡོངས་བཤེར་གྱི་དཀར་ཆག་དང་སྲུང་སྐྱོང་གསར་སྤེལ་ལ་ཤུགས་སྣོན་རྒྱག་རྒྱུ་རེད།
          གཞན་ཡང་། འཆར་འགོད་ནང་བོད་སྨན་དང་ཐང་སྨན་ཞིབ་བཟོ་དང་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་རྒྱུ་མ་ཟད། ལས་རིགས་སྡེ་ཚན་དང་ཁེ་ལས་ཀྱིས་ད་ཡོད་ཀྱི་སྣ་ཁ་སྤུས་ལེགས་ལ་གསར་སྤེལ་ཐེངས་གཉིས་པ་གང་མགྱོགས་བྱས་ཏེ་ནད་ཐོག་སྨན་བཅོས་ཁྱབ་ཁོངས་སུ་ལེགས་ཆ་ཆེ་ཙམ་ལྡན་པ་དང་། སྨན་པ་དང་ནད་པའི་གདེང་འཇོག་ཡག་ཁར་སྨན་རྒྱུའི་ཐོན་ཁུངས་ཀྱི་རྒྱུ་ཆ་འགན་ལེན་བྱེད་པ་བཅས་ཀྱི་བོད་སྨན་སྣ་ཁའི་ཐད་གཙོ་གནད་ཐོག་གོང་འཕེལ་གཏོང་རྒྱུ་ཡིན་པ་ཁ་གསལ་བཟོས་ཡོད་པ་རེད།
          བོད་ལ་སྨན་གྱི་ནང་སྤྱོད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་དང་དེ་བཞིན་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པ་དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྨན་གཞུང》ནང་བཀོད་པའི་སྣ་ཁ་188ལྷག་ཟིན་ཡོད། འཛིན་སྐྱོང་སྤེལ་གསུམ་གྱི་ལོ་རྒྱུས་ལོ་ངོ་སྟོང་ཕྲག་ལྡན་པའི་བོད་ཀྱི་གསོ་རིག་ནི་2006ལོར་རྒྱལ་ཡོངས་སུ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་ཐོག་མར་འཁོད་པའི་གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པ་འབའ་ཞིག་ཏུ་གྱུར་པ་དང་། རིགས་པའི་གཞུང་ལུགས་ཀྱི་མ་ལག་འཐུས་ཚང་དང་ནད་ཐོག་སྨན་བཅོས་ཀྱི་ལག་ལེན་དང་ཉམས་མྱོང་ཕུན་སུམ་ཚོགས་པོ་ལྡན་ཡོད་པ་རེད།