གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་སྣེ་ཁྲིད་དེ་མཚོ་སྔོན་གྱི་བྱ་བར་རྟོག་ཞིབ་བྱས།

སྤེལ་དུས 2018-07-16 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས11ཉིན་ནས་ཚེས14ཉིན་བར་དུ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཀྲང་ཁྲུན་ཞན་གྱིས་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་འཛིན་ཞིབ་བཤེར་ཚན་ཁག་གི་སྣེ་ཁྲིད་དེ། མཚོ་སྔོན་གྱིས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཁྲིམས་ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་དང་སྲོག་ཆགས་ཀྱི་རིམས་འགོག་ཁྲིམས་ལག་བསྟར་བྱས་པའི་གནས་ཚུལ་ལ་ཁྲིམས་འཛིན་རྟོག་ཞིབ་བྱས། ཞིབ་བཤེར་ཚན་ཁག་གིས་རྟོག་ཞིབ་བྱེད་སྐབས་མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་ཉན་པ་ལས་གཞན་བཞུགས་མོལ་བྱས།
            ཀྲང་ཁྲུན་ཞན་གྱིས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱིས་བླངས་པའི་གྲུབ་འབྲས་ལ་ཁས་ལེན་ཡང་དག་བྱས་ཤིང་། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཁྲིམས་ལག་བསྟར་དངོས་འབེབས་བྱས་པ་དང་། སྲོག་ཆགས་ཀྱི་རིམས་འགོག་ཁྲིམས་ལག་བསྟར་བྱས་ཏེ་ཕན་འབྲས་ངེས་ཅན་བླངས་པར་ཁས་ལེན་བྱས། ཁོས་བསྟན་དོན། ཉེ་བའི་ལོ་འདི་འགར། མཚོ་སྔོན་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་ལས་བྱེད་མང་ཚོགས་ཚང་མ་མཐུན་སྒྲིལ་སྒོས་སྣེ་ཁྲིད་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་འཛིན་པ་རྒྱུན་འཁྱོངས་དང་། སྒྱུར་བ་བཞི་ལ་བརྟེན་ནས་ཏན་ཏན་ཏིག་ཏིག་བཞིའི་བླང་བྱ་གལ་ཆེན་དངོས་འབེབས་བྱས་པ་ལས་གཞན། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་འཕེལ་རྒྱས་གསར་བ་བྱུང་བར་མ་ཟད། དཔལ་འབྱོར་བརྟན་འཇགས་ངང་འཕར་སྣོན་བྱུང་ལ། རྨང་གཞིའི་སྒྲིག་ཆས་ལ་བར་བརྒལ་གསར་བ་བྱུང་ཞིང་། དམངས་ཚིས་ལས་དོན་ལ་འཕེལ་རྒྱས་ཚད་མཐོན་པོ་བྱུང་ཡོད། མཚོ་སྔོན་ཞིང་ཆེན་གྱིས་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཁྲིམས་ལག་བསྟར་དངོས་འབེབས་དང་དྲིལ་སྒྲོག་ནན་མོ་བྱས་ཏེ། འགོ་ཁྲིད་ཀྱིས་ལས་དོན་དེར་མཐོང་ཆེན་བྱས་པ་དང་རྩ་འཛུགས་བྱས་པ་སྟོབས་དང་ལྡན་པར་མ་ཟད། ཐོན་སྐྱེད་བྱེད་སའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་དོན་བཟང་བོར་བསྒྲུབས་ཏེ། ཞིང་ཆེན་དང་གྲོང་ཁྱེར། རྫོང་། ཞང་བཅས་ཀྱི་ཚད་ལེན་མ་ལག་བཙུགས་ནས། འགོ་ཁུངས་ལ་གཏུགས་པའི་བྱ་བ་བཟང་བོར་བསྒྲུབས་པ་རྒྱུན་འཁྱོངས་དང་། ཐོན་སྐྱེད་བྱ་བར་དོ་དམ་ནན་མོ་བྱས། དེ་མིན་ད་དུང་འོས་འགན་ཞིབ་གསལ་དང་དངོས་འབེབས་དོན་གནས་བྱས་མཐར། ཁྲིམས་ལྟར་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་ལྟ་སྐུལ་བྱེད་པའི་བྱེད་ཕྱོགས་དང་ཕན་འབྲས་མངོན་གསལ་གྱིས་ཇེ་ལེགས་སུ་སོང་ཟེར།
            ཀྲང་ཁྲུན་ཞན་གྱིས་ནན་གྱིས་བསྟན་དོན། མིག་སྔར་རང་རྒྱལ་ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་རྣམ་པ་སྔར་བཞིན་གཟབ་ནན་གྱི་སར་གནས་པས། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ལ་ལྟ་སྐུལ་དོ་དམ་བྱེད་པ་དང་། ཞིང་ལས་ཐོན་རྫས་ཀྱི་ཐོན་སྐྱེད་བྱེད་ཡུལ་ཁོར་ཡུག་ལ་ལེགས་སྒྲིག་བྱེད་པ། གཞི་རིམ་རྒྱུ་སྤུས་བདེ་འཇགས་ལྟ་སྐུལ་འོས་འགན་ལག་བསྟར་བྱེད་པ་སོགས་ཀྱི་གནད་དོན་ལ་མཐོང་ཆེན་བྱས་ཏེ། ཞིང་ལས་ཐོན་རྫས་ཀྱི་རྒྱུ་སྤུས་བདེ་འཇགས་ཁྲིམས་ལག་བསྟར་དངོས་འབེབས་བྱེད་པའི་ཁྲོད་གནས་པའི་གནད་དོན་འབུར་ཐོན་ཐག་གཅོད་བྱེད་དགོས་ཟེར།
            རྟོག་ཞིབ་བྱེད་སྐབས་ཞིབ་བཤེར་ཚན་ཁག་གིས་སྔ་གཞུག་ཏུ་ཟི་ལིང་གྲོང་ཁྱེར་མཁར་བྱང་ས་ཁུལ་དང་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་། མདའ་བཞི་རྫོང་། གུང་ཧོ་རྫོང་། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་བཅས་སུ་སོང་ནས། ས་གནས་དེ་དག་གི་ཞིང་ཞོར་ཐོན་རྫས་གཅིག་བསྡུས་སིལ་ཚོང་ལྟེ་གནས་དང་། དམར་ཟས་བཤའ་གཏུབ་ལས་སྣོན་ཁེ་ལས། གསོ་སྤེལ་བཟོ་གྲྭ། ཕྱུགས་སྨན་ས་ཚིགས། འདེབས་འཛུགས་རྟེན་གནས། ཞིང་ལས་ཐོན་རྫས་རྒྱུ་སྤུས་བདེ་འཇགས་ཚད་ལེན་ལྟེ་གནས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས་ཏེ། འབྲེལ་ཡོད་བྱ་བའི་སྙན་ཞུར་ཉན་པར་མ་ཟད། དེ་འབྲེལ་གྱི་བསམ་འཆར་བཏོན།
            རྒྱལ་ཡོངས་དམངས་ཆེན་ཞིང་ལས་དང་ཞིང་སྡེ་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་ཏུའུ་ཏི་ཡཱིན་དང་། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཏིན་ཞིག་ཞིན་དང་མཱ་ཀྲུང་ཧྭ། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་པིས་ཧྲེང་ཀྲུང་། ཝུའུ་དབྱིན་པཱོ་སོགས་ཁྲིམས་འཛིན་ཞིབ་བཤེར་བྱ་བའི་ཁྲོད་ཞུགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅོན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་། ཞིང་ཆེན་གྱི་འགོ་ཁྲིད་ཝང་ཞའོ་དང་ཝང་ཡུས་པོ། ཡན་ཅིན་ཧེ། ཡུས་ཚུང་ལི། ཀྲང་ཀོང་རུང་། ཉིའོ་ཁྲང་ཡོན། ཝུའུ་ཧེ་ཁོན་སོགས་སོ་སོར་གོང་གསལ་འབྲེལ་ཡོད་བྱ་འགུལ་ལ་ཞུགས།