གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་དང་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་བྱ་བར་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས།

སྤེལ་དུས 2018-07-19 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟླ་བདུན་པའི་ཚེས་བཅོ་བརྒྱད་ཉིན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་ལོ་སྟོད་ཀྱི་དཔལ་འབྱོར་གནས་སྟངས་ལ་དབྱེ་ཞིབ་དང་ཉིས་སྟོང་བཅོ་བརྒྱད་ལོའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལྟ་ཞིབ་ཆེན་མོའི་བྱ་བར་བཀོད་སྒྲིག་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཧྲིན་ཀྲང་ཝང་ཅན་ཅུན་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་འཛིན་དགོས་པ་དང་། བློ་ཐག་རྦད་ཆོད་སྒོས་ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་མཐར་ཕྱིན་བྱས་ཏེ། རྨང་རྐང་བརྟན་པོའི་སྒོ་ནས་ལོ་ཧྲིལ་བོའི་ལས་རིམ་ཁག་གི་དམིགས་འབེན་མངོན་འགྱུར་ཡོང་བར་བྱས་མཐར། ཤུགས་ཆེན་པོས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཞིབ་བཤེར་ཆེན་མོ་བསུ་བའི་ལས་དོན་བཟང་བོར་བསྒྲུབ་དགོས་ཟེར།
          ཝང་ཅན་ཅུན་གྱིས་བསྟན་དོན། ད་ལོའི་ལོ་སྟོད་ཀྱི་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་ལ་སྤྱིའི་ཆ་ནས་བརྟན་འཇགས་དང་བརྟན་འཇགས་ཀྱི་ཁྲོད་ནས་འཕེལ་རྒྱས་བྱུང་ལ། འཕེལ་རྒྱས་ཀྱི་ཁྲོད་ནས་རྣམ་པ་གསར་བ་མངོན་པར་མ་ཟད། རྣམ་པ་གསར་བའི་ཁྲོད་དུ་ཁྱད་ཆོས་འདུས་ཏེ། ལོ་ཧྲིལ་བོའི་དམིགས་འབེན་མངོན་འགྱུར་ཡོང་བར་རྨང་གཞི་བརྟན་པོ་བཏིངས་ཡོད། དུས་རབས་གསར་བར་ཁག་ཁུར་གསར་བ་དང་བྱེད་ཕྱོགས་གསར་བ་ཅིས་ཀྱང་ཡོད་དགོས་ལ། ཁག་ཁུར་ནི་ཐེག་ཚད་ཅིག་ཡིན་པ་དང་། ཡིད་ཆེས་ལྡན་ན་གཞི་ནས་བྱེད་ཕྱོགས་གསར་བ་འབྱུང་ཐུབ། དཔལ་འབྱོར་འཕེལ་རྒྱས་ནི་ཆོས་ཉིད་དང་ལྡན་པ་ཞིག་ཡིན་ལ། ཆེས་ལེགས་པའི་དཔལ་འབྱོར་མེད་པ་ནང་བཞིན་ཆེས་དམན་པའི་དཔལ་འབྱོར་ཟེར་བ་ཞིག་ཀྱང་མེད་པར། དཔལ་འབྱོར་གྱིས་ལེགས་པ་དང་དམན་པའི་བར་ནས་དོ་མཉམ་ཞིག་འཚོལ་བཞིན་ཡོད། མཚོ་སྔོན་གྱི་ལས་རིམ་ཁག་སོ་སོའི་བྱ་བ་དངོས་གཉེར་དམ་པོ་བྱས་པ་ཡིན་ན། དེ་བསྟུན་གྱི་བློས་གཏོང་རིན་དོད་ཀྱང་ཆུང་བ་ཡིན། ཐབས་བརྒྱ་ཇུས་སྟོང་གིས་ཞིང་ཆེན་ཡོངས་ཀྱི་གོང་འོག་བར་གསུམ་ཚང་མའི་བརྩོན་སེམས་ལ་སྐུལ་ལྕག་བཏང་ནས། ཐོག་མཐའ་བར་གསུམ་ཀུན་ཏུ་བདེ་ཐང་དང་ཧུར་བརྩོན་གྱི་སེམས་ཁམས་ལེགས་པོ་ཞིག་རྒྱུན་འཁྱོངས་བྱས་ཏེ། དཔལ་འབྱོར་བྱ་བ་དངོས་གཉེར་དམ་འཛིན་བྱས་ནས་ཕན་འབྲས་ལོན་པར་འབད་དགོས་ཟེར།
          ཝང་ཅན་ཅུན་གྱིས་ནན་གྱིས་བསྟན་དོན། རྒྱལ་ཡོངས་ཀྱི་དཔལ་འབྱོར་གནས་སྟངས་ལ་བལྟས་ནས་བཤད་ན། དཔལ་འབྱོར་དུས་ཡུན་རིང་བོར་ལེགས་ལམ་ལ་འགྲོ་བའི་རྩ་བའི་རྣམ་པར་འགྱུར་བ་མི་བྱུང་ལ། ཁྲོམ་ར་ཅན་གྱི་བཅོས་སྒྱུར་ཁ་ཕྱོགས་ཀྱང་འགྱུར་མི་སྲིད། དེ་བཞིན་དུ་སྒོ་འབྱེད་རྒྱ་བསྐྱེད་ཀྱི་ཆོད་སེམས་ཀྱང་མི་འགྱུར་བས། ང་ཚོས་མི་འགྱུར་བ་གསུམ་ཡིད་ལ་དམ་པོར་ཉར་དགོས། མཚོ་སྔོན་གྱི་ཞིབ་ཕྲའི་གནས་ཚུལ་ལ་བལྟས་ན། དངོས་ཕུང་དཔལ་འབྱོར་ལ་དཀའ་ཉོག་མང་པོ་འཕྲད་ཀྱིན་ཡོད་ཅིང་། དངུལ་གཏོང་འཕར་ཚད་ཀྱི་འདེགས་སྐྱོར་མི་འདང་བ། ཉེན་ཁ་འགོག་སྲུང་དང་ཚོད་འཛིན་ལ་སྣང་ཆུང་གཏན་ནས་བྱེད་མི་རུང་བ་སོགས་ཀྱི་གནད་དོན་གནས་པས། ཁ་མིན་དོན་གྱིས་ཉེན་སེལ་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། ཚད་མཐའི་བསམ་བློ་དང་རྩོད་སྒྲུབ་བསམ་བློ་ལེགས་པོ་ཞིག་བཙུགས་ཏེ། ཚན་རིག་གི་ལམ་ནས་འཆར་འགོད་འཐེན་པ་དང་ཚན་རིག་གི་ལམ་ནས་ཇུས་ཆོད་བཟོ་བ། ལས་དོན་རེ་རེ་བྱས་ནས་བསྒྲུབ་མཐར། འགྱོད་སྣང་ཕྲན་ཙམ་ཡང་མེད་པར་བྱེད་དགོས་ཟེར།
          མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིག་ཉིང་གིས་ཐེངས་འདིའི་གྲོས་ཚོགས་ལ་འགོ་འཛིན་བྱས་པར་མ་ཟད། ཚོགས་འདུའི་དགོངས་དོན་ལག་ལེན་མཐར་ཕྱིན་ཡོང་བའི་ཐད་བླང་བྱ་ཞིབ་ཕྲ་བཏོན། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྒྱུན་ལས་ཧྲིན་ཀྲང་གཞོན་པ་ཝང་ཡུས་པོ་ཡིས་ཞིང་ཆེན་ཡོངས་ཀྱི་ལོ་སྟོད་དཔལ་འབྱོར་འཁོར་རྒྱུག་གནས་ཚུལ་སྙན་ཞུར་ཕུལ། ཐེངས་འདིའི་ཚོགས་འདུར་ཞུགས་པའི་མཚོ་སྔོན་གྱི་འགོ་ཁྲིད་ལ་ཡན་ཅིན་ཧེ་དང་ཡུས་ཚུང་ལི། ཝུའུ་ཧེ་ཁུན། ཧན་ཅན་ཧྭ། ཝང་ལིས་མེན། ཏུའུ་ཅེ་བཅས་ཡོད། དེ་མིན་ད་དུང་གྲོང་ཁྱེར་དང་ཁུལ་བརྒྱད་ཀྱི་འགན་ཁུར་བློ་མཐུན་གཙོ་བོས་ཚོགས་ཐོག་ནས་གཏམ་བཤད།