གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་བོད་ཁུལ་གྱི་མཁར་གྲོང་གཙོ་བོ་བཅུ་རུ་ལྕགས་རྟའི་ལམ་འཛུགས་སྐྲུན་བྱ་རྒྱུ་རེད།

སྤེལ་དུས 2018-09-06 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་དགུ་བའི་ཚེས་བཞི་ཉིན།   གསར་འགོད་པས་ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན།  མཚོ་སྔོན་ཞིང་ཆེན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ ཁུལ་དང་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ།  མཚོ་བྱང་བོད་རིགས་རང་སྐྱོང་ཁུལ།  རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་བཅས་ཀྱི་མཁར་གྲོང་གཙོ་བོ་བཅུ་ནས་ལྕགས་རྟའི་ལམ་དང་མི་བགྲོད་ལམ་ཟུང་སྦྲེལ་བྱས་པའི་མཁར་གྲོང་གི་དལ་བགྲོད་ཚོད་ལྟའི་འགྲིམ་འགྲུལ་མ་ལག་འཆར་འགོད་འཛུགས་སྐྲུན་བྱ་རྒྱུ་རེད།
            སྐྱེ་ཁམས་སྲུང་སྐྱོབ་སྔོན་དུ་འགྲོ་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ།  སྤུས་ཀ་ལེགས་པའི་འཚོ་བ་གསར་སྐྲུན་བྱེད་པ་བཅས་ཀྱི་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱེད་པ་དང་མཚོ་སྔོན་བོད་ཁུལ་གྱི་མཁར་གྲོང་གཙོ་བོའི་ནུས་པ་ཁྱོན་ཡོངས་ནས་མཐོར་འདེགས་བྱེད་པ།   ཕྱོགས་བསྡུས་འགྲིམ་འགྲུལ་འཛུགས་སྐྲུན་ཇེ་མགྱོགས་སུ་གཏོང་བ།   ལྷག་པར་དུ་ལྕགས་རྟའི་ལམ་དང་མི་བགྲོད་ལམ་སོགས་དལ་བགྲོད་འགྲིམ་འགྲུལ་མ་ལག་འཛུགས་སྐྲུན་ཐད་ཤུགས་སྣོན་ཆེད།  ཞིང་ཆེན་འཕེལ་རྒྱས་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་ཞིང་སྡེའི་འཕེལ་རྒྱས་མཛུབ་སྟོན་ཞབས་ཞུ་ལྟེ་གནས་ཀྱིས་མཚོ་སྔོན་བོད་ཁུལ་གྱི་མཁར་གྲོང་གཙོ་བོའི་དལ་བགྲོད་འགྲིམ་འགྲུལ་མ་ལག་ཆེད་དམིགས་འཛུགས་སྐྲུན་འཆར་འགོད་སྒྲིག་བཟོ་ཡོངས་གྲུབ་བྱས།
            འཆར་འགོད་ཀྱིས་ཁུལ་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་དམངས་ཚིས་སྤུས་ཚད་མཐོར་འདེགས་ལ་སྐུལ་འདེད་གཏོང་བ།  བདེ་ཐང་དཔལ་ཡོན་གྱི་འཚོ་བའི་བྱེད་ཐབས་དར་སྤེལ་གཏོང་བ།  བདེ་ཐང་མཚོ་སྔོན་འཛུགས་སྐྲུན་བྱེད་པ་ནས་མགོ་བརྩམས་ཏེ།  མིག་སྔའི་མཚོ་སྔོན་བོད་ཁུལ་གྱི་འཚོ་བའི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཡོད་པ་དང་།   ལྗང་མདོག་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་དང་མཚོ་སྔོན་བོད་ཁུལ་མི་དམངས་ཀྱི་བདེ་ཐང་འཚོ་བ་འཛུགས་སྐྲུན་བྱེད་པའི་དགོས་མཁོ་སྐོང་རྒྱུ་དམིགས་འབེན་དུ་བྱས་ཏེ་གོ་རིམ་ཡོད་པའི་སྒོ་ནས་སྐུལ་འདེད་གཏོང་བ་དང་རིགས་བགར་ཏེ་ལག་བསྟར་བྱེད་པའི་རྩ་དོན་ལྟར།   འཛུགས་སྐྲུན་ཆ་རྐྱེན་བཟང་བའི་མཚོ་སྔོན་བོད་ཁུལ་གྱི་མཁར་གྲོང་གཙོ་བོ་བཅུ་བདམས་ཡོད།    ལྕགས་རྟའི་ལམ་དང་མི་བགྲོད་ལམ་ཟུང་སྦྲེལ་བྱས་པའི་མཁར་གྲོང་གི་དལ་བགྲོད་འགྲིམ་འགྲུལ་མ་ལག་ལ་སྤྱི་ལེ་བརྒྱ་དང་བརྒྱད་ཅུ་ལྷག་ཡོད།