གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཟེངས་བསྟོད་ཚོགས་འདུ་སྐབས་ལྔ་བ་བསྡུས།

སྤེལ་དུས 2018-09-07 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
ཚོགས་རའི་ཡུལ་དངོས།
          ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། ཚེ་རིང་རྒྱ་མཚོ།ཚེ་མཁར་རྒྱལ། )ཟླ9པའི་ཚེས6ཉིན། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་གཟེངས་བསྟོད་ཚོགས་འདུ་སྐབས་ལྔ་བ་རྨ་ལྷོ་ཁུལ་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་དང་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཁས་པ། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཨུའུ་ཧྲུའུ་ཅི་ཝང་ཀྲིན་ཁྲང་། རྨ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀརྨ་ཕུན་ཚོགས། རྨ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོང་སོགས་ཚོགས་འདུར་ཞུགས།
མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའ་ཀྲང་མགོན་པོ་བཀྲ་ཤིས་ཀྱིས་གཏམ་བཤད་གནང་བཞིན་པ།
མཚོ་སྔོན་ཞིང་ཆེན་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་མཁས་པ། 
          ཉེ་བའི་ལོ་འདི་འགའི་རིང་། རྨ་ལྷོ་ཁུལ་གྱི་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ཁུལ་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གི་ཡང་དག་པའི་སྣེ་ཁྲིད་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་དང་མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གི་མཛུབ་སྟོན་འོག བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློའི་དགོངས་དོན་ལྟར། ཕྱོགས་ཡོངས་ནས་ཏང་གི་མི་རིགས་སྲིད་ཇུས་ལག་བསྟར་དོན་འཁྱོལ་བྱེད་པར་བརྩོན་ཀྱིན་ཡོད་པ་དང། རིགས་སོ་སོའི་མི་དམངས་ཀྱི་འབད་བརྩོན་ལ་བརྟེན་ནས་མཉམ་དུ་ཕྱུག་འགྱུར་གྱི་ལམ་དུ་སྐྱོད་བཞིན་ཡོད་ལ། སྔར་ལས་ལྷག་པའི་སྒོ་ནས་འདྲ་མཉམ་དང་མཐུན་སྒྲིལ། རོགས་རེས། འཆམ་མཐུན་བཅས་ཡིན་པའི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་སྟེ། རང་སྐྱོང་ཁུལ་གྱི་སྤྱི་ཚོགས་འཆམ་མཐུན་དང་མི་རིགས་མཐུན་སྒྲིལ། དཔལ་འབྱོར་འཕེལ་རྒྱས། རིག་གནས་དར་རྒྱས་སོགས་ཀྱི་ཐད་ལ་ནུས་པ་མི་དམན་པ་འདོན་བཞིན་ཡོད།
རྨ་ལྷོ་ཁུལ་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་གཏམ་བཤད་གནང་བཞིན་པ།
རྨ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཀརྨ་ཕུན་ཚོགས་ཀྱིས་གཏམ་བཤད་གནང་བཞིན་པ།
          ཐེངས་འདིའི་ཚོགས་འདིའི་སྟེང་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་རྫོང་ཁག་བཞིའི་ཁྲོད་ཐུན་རིན་རྫོང་གི་ཐོ་ཀྱཱ་གྲོང་རྡལ་སོགས་ཐུན་མོང་སྡེ་ཁག་ཉེར་དྲུག་དང་གཅན་ཚ་རྫོང་གི་སྣང་ར་ཞང་སོགས་ཐུན་མོང་སྡེ་ཁག་ཉེར་གསུམ། རྩེ་ཁོག་རྫོང་གི་རྡོ་དཀར་མོ་ཞང་ཏང་ཨུ་སོགས་ཐུན་མོང་སྡེ་ཁག་ཉེར་གཅིག ཧི་ནན་རྫོང་ཏང་ཨུའི་དྲིལ་སྒྲོག་པུའུ་སོགས་ཐུན་མོང་སྡེ་ཁག་བཅོ་བརྒྱད་ལ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་སྡེ་ཁག་གི་གཟེངས་རྟགས་གནང་ལ། དེ་མིན་རྫོང་ཁག་བཞིའི་མི་བརྒྱ་ལ་ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་གནང་། ཚོགས་འདུ་ལས་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་མཁན་དག་གིས་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་མགོ་ཁྲིད་འོག་མི་དམངས་མང་ཚོགས་ལ་མི་རིགས་སྒྲིལ་གྱི་གལ་ཆེན་རང་བཞིན་དང་དགོས་ངེས་རང་བཞིན་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། ཁུལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་གྱི་ཕྱོགས་ལ་ནུས་པ་ཆེན་པོ་གདོན་དགོས་པ་དང་། རྨ་ལྷོ་ཁུལ་མི་རིགས་མཐུན་སྒྲིལ་དཔེ་སྟོན་ཁུལ་དུ་གསར་འཛུགས་བྱེད་པར་བྱས་རྗེས་འཇོག་དགོས་པའི་ཐད་ལ་བླང་བྱ་ནན་མོ་བཏོན།
རྨ་ལྷོ་ཁུལ་ཨུའི་རྒྱུན་ལས་ཨུ་ཡོན་ནམ་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཁྲིན་རོང་གིས་གཏམ་བཤད་གནང་བཞིན་པ།
          མ་འོངས་པར་ཏང་གི་ཡང་དག་པའི་སྲིད་ཇུས་འོག་རྨ་ལྷོ་ཁུལ་གྱིས་སྔར་ལས་ལྷག་པའི་སྒོ་ནས་མི་རིགས་མཐུན་སྒྲིལ་གྱི་ཐད་ལ་ཤུགས་བསྣན་ནས་སྤྱི་ཚོགས་འཆམ་མཐུན་ངང་འཕེལ་རྒྱས་འགྲོ་རྒྱུར་ཁག་ཐེག་གང་ལེགས་བྱ་རྒྱུ་ཡིན་པ་དང་། ཁུལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་སྔོན་ཐོན་སྡེ་ཁག་དང་སྔོན་ཐོན་མི་སྒེར་གྱི་གཟེངས་རྟགས་ཐོབ་མཁན་རྣམས་མིག་དཔེར་བཟུང་ནས་རང་རྟོགས་སྒོས་མེས་རྒྱལ་གཅིག་གྱུར་ལ་སྲུང་སྐྱོབ་བྱེད་པ་དང་། རང་ཉིད་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་བརླིང་གི་ཐད་ལ་བྱས་རྗེས་འཇོག་ཕོད་པའི་གདོང་ལེན་པ་ཞིག་བྱེད་པར་ཧུར་བརྩོན་བྱ་རྒྱུ་ཡིན་་པ་མ་ཟད། སྤྱི་ཚོགས་འཆམ་མཐུན་ཡིན་པའི་རྨ་ལྷོ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་གདོན་རྒྱུ་རེད། དེ་མིན་སྔོན་འགྲོ་གཅིག་དང་སྤུས་ལེགས་གཉིས་ཀྱི་འཐབ་ཕྱོགས་དོན་འཁྱོལ་བྱེད་པ་དང་འཐབ་ཕྱོགས་ཆེན་པོ་གཉིས་ལག་བསྟར་བྱེད་པ། ཁུལ་གསུམ་འཛུགས་སྐྲུན་ལ་སྐུལ་འདེད་བྱེད་པ་བཅས་དམིགས་སུ་བཟུང་ནས་འཕོ་འགྱུར་ལྡན་པའི་རྨ་ལྷོ་མངོན་འགྱུར་བྱེད་པར་བརྩོན་རྒྱུ་རེད།