གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་སེམས་ཀྱི་ཉི་ཟླ་ནས་གཟབ་རྒྱས་ངང་འགོ་ཚུགས།

སྤེལ་དུས 2018-09-14 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
        ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ9པའི་ཚེས13ཉིན་གྱི་སྔ་དྲོར།   ཁམས་པའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་པ་དེ་བདེ་ཆེན་བོད་རིགས་རང་སྐྱོང་ཁུལ་གྱི་སེམས་ཀྱི་ཉི་ཟླའི་མི་རིགས་ལུས་རྩལ་ལྟེ་གནས་སུ་གཟབ་རྒྱས་ངང་འགོ་ཚུགས་པ་རེད། 
        ཡུན་ནན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུ་དང་། ཞིང་ཆེན་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་།  ཞིང་ཆེན་ཏང་ཨུའི་བོད་ཁུལ་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཙུའུ་ཀྲང་གཞོན་པ་དབྱང་ཉིང་གིས་སྒྱུ་རྩལ་དུས་ཆེན་འགོ་ཚུགས་པར་ཁྱབ་བསྒྲགས་གནང་བ་དང་།  ཡུན་ནན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཝང་ཧྲུའུ་ཧྥུན།         ཡུན་ནན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིང་ཀྲང་གཞོན་པ་ཝང་ཞན་ཀང་། ཡུན་ནན་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞུས་པིན།  ཡུན་ནན་ཞིང་ཨུའི་སྔོན་མའི་ཧྲུའུ་ཅི་གཞོན་པ་བསྟན་འཛིན།  ཡུན་ནན་ཞིང་ཆེན་དམག་ཁུལ་གྱི་སྔོན་མའི་སི་ལིང་ཡོན་གཞོན་པ་ཧོ་ཀྲི་ཀོང་སོགས་འགོ་ཚུགས་མཛད་སྒོར་ཞུགས།
        བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་དང་།  ཁུལ་མི་དམངས་འཐུས་མིའི་ཚོགས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཀུའུ་ཁུན་གྱིས་འགོ་ཚུགས་མཛད་སྒོའི་ཤིས་ཚིག་གནང་བ་དང་།   བདེ་ཆེན་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།  ཁུལ་དཔོན་ཆི་ཅན་ཞིན་གྱིས་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
        ཀུའུ་ཁུན་གྱིས་ཁུལ་རིམ་པའི་འགོ་ཁྲིད་དང་ཁུལ་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་རྒྱ་ཆེ་བའི་མགྲོན་པོ་རྣམས་ལ་དགའ་བསུ་ཞུས་བ་དང་།   ཁོང་གིས་བསྟན་དོན། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག   ཁམས་པའི་བུ་ཕྲུག་དག་གིས་ལས་ལ་བརྩོན་ནས་སྐྱེ་སྟོབས་འཕེལ་བའི་ཁྱིམ་གཞིས་བསྐྲུན་ཡོད་པ་དང་། ཁྱད་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་ཚུན་དུ། ཁམས་པའི་ས་ཁུལ་གྱི་དཔལ་འབྱོར་ལ་མཆོང་སྐྱོད་དར་འཕེལ་བྱུང་བ་དང་།  རྨང་གཞིའི་སྒྲིག་བཀོད་ཕྱོགས་ཡོངས་ནས་ཇེ་བརྟན་དུ་བཏང་བ།  ཐོན་ལས་འཛུགས་སྐྲུན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། སྐྱེ་ཁམས་ཁོར་ཡུག་མངོན་གསལ་གྱིས་ལེགས་སུ་བཏང་བ། མི་དམངས་ཀྱི་འཚོ་བའི་ཆ་རྐྱེན་གོང་དུ་བཏང་བ། མི་རིགས་སོ་སོའི་མི་དམངས་དག་འཆམ་མཐུན་མཉམ་གནས་བྱེད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། སྤྱི་ཚོགས་དེ་བས་འཆམ་མཐུན་བརྟན་བརླིང་བྱུང་བ་དང་ཏང་གི་སྲིད་འཛིན་རྨང་གཞི་དེ་བས་སྲ་བརྟན་བྱུང་བ།  ཤམ་བྷ་ལ་ཞེས་པའི་འཇིག་རྟེན་དེ་རྨི་ལམ་ནས་དོན་དངོས་སུ་གྱུར་ཡོད།
        ཀུའུ་ཁུན་གྱིས་བདེ་ཆེན་མི་དམངས་ཀྱིས་ཐོག་མཐའ་བར་གསུམ་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ལམ་ཆེན་ཐོག་བསྐྱོད་བཞིན་ཡོད་ལ། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འཕེལ་ཕྱོགས་སུ་བརྒྱུད་དེ། མི་རིགས་ཁག་གི་བུ་ཕྲུག་དང་མཐུན་སྒྲིལ་ལག་གདང་སྦྲེལ་ནས། ཁམས་པའི་མི་རིགས་ཀྱིས་བདེ་ཆེན་གྱི་ལས་དོན་མཉམ་དུ་འཛུགས་སྐྲུན་དང་མཉམ་དུ་ལོངས་སྤྱོད་བྱས་ཏེ། ཁམས་པའི་འཕེལ་རྒྱས་དང་བརྟན་བརླིང་བྱ་གཞག་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ནས། ཁམས་པའི་ས་ཁུལ་གྱི་སྔར་བས་མཛེས་སྡུག་དང་འོད་སྟོང་འཕྲོ་བའི་འབྱུང་འགྱུར་མཉམ་དུ་བསུ། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ལེགས་འགྲུབ་ཡོང་བའི་སྨོན་འདུན་ཞུ་ཞེས་བསྟན་པ་རེད།
        གྲོས་ཚོགས་སུ་ཞུགས་པའི་འགོ་ཁྲིད་དང་མང་ཚོགས་ཀྱིས་རིག་རྩལ་འཁྲབ་སྟོན་ཆེ་གྲས《གནམ་ས་འབྲེལ་མཚམས》ཞེས་པར་མཉམ་རོལ་བྱས་པ་རེད། རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ནི་ཟླ9པའི་ཚེས13ཉིན་འགོ་ཚུགས་པ་དང་ཚེས15ཉིན་མཇུག་སྒྲིལ་རྒྱུ་རེད། སྒྱུ་རྩལ་དུས་ཆེན་གྱི་སྐབས་སུ་ཁྱོན་བསྡོམས་འཁྲབ་སྟོན་མི་སྣ5000ལྷག་འཁྲབ་སྟོན་དུ་ཞུགས་ཡོད་ལ། བསྡོམས་པས་ཆེད་དོན་འཁྲབ་སྟོན་ཐེངས12བཀོད་སྒྲིག་བྱས་ཡོད་པ་རེད།
        ཀྲུང་དབྱང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུ་དང་། ཡུན་ནན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག ཡུན་ནན་ཞིང་ཆེན་གྱི་སྤུན་ཟླའི་ཁུལ་དང་གྲོང་ཁྱེར། འབྲེལ་མཚམས་རྫོང་དང་གྲོང་ཁྱེར་གྱི་འགན་ཁུར་མི་སྣ། ཆབ་མདོ་གྲོང་ཁྱེར་དང་དཀར་མཛེས་ཁུལ། རྔ་བ་ཁུལ། མགོ་ལོག་ཁུལ། ཡུལ་ཤུལ་ཁུལ། ཀན་ལྷོ་ཁུལ། མཚོ་ནུབ་ཁུལ་གྱི་འཐུས་མི་ཚོགས་པ། ཞིང་ཆེན་ཕྱི་ནང་གི་ཁེ་ལས་ལས་རིགས་དང་། རིག་གནས་ལས་རིགས། ཡུལ་སྐོར་ལས་རིགས་ཀྱི་འཐུས་མི། བདེ་ཆེན་ཁུལ་གྱི་ད་བར་ལས་གནས་སུ་ཡོད་པའི་ཐིང་གཞོན་པ་ཡན་གྱི་འགོ་ཁྲིད་དང་། བདེ་ཆེན་ནས་ཡིན་པའམ་བདེ་ཆེན་དུ་བྱ་བ་བསྒྲུབས་མྱོང་བའི་འགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ། ཁུལ་ཡོངས་ཀྱི་རྫོང་དང་གྲོང་ཁྱེར། གསར་སྤེལ་ཆུས་ཀྱི་མི་རིགས་སོ་སོ་དང་ལས་རིགས་ཁག་གི་འཐུས་མི་འགོ་ཚུགས་མཛད་སྒོར་ཞུགས་པ་རེད།      
        དེ་མིན། ཐེངས་འདིའི་སྒྱུ་རྩལ་དུས་ཆེན་ཀྱི་རིང་ད་དུང་ཆེད་དོན་རིག་རྩལ་འཁྲབ་སྟོན་དང་། ཚོང་སྡུད་མ་འགུགས། ཁྱད་ལྡན་ཐོན་རྫས་འགྲེམས་འཚོང་། གེ་སར་མདའ་འཕེན་རིག་གནས་དུས་ཆེན། སེམས་ཀྱི་ཉི་ཟླའི་སྐབས་དང་པོའི་སྦྲ་གུར་རོལ་དབྱངས་དུས་ཆེན་སོགས་བྱེད་སྒོ་རབ་དང་རིམ་སྤེལ་རྒྱུ་རེད།