གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་གྱི་སྤྱི་ཕན་བྱེད་སྒོ་ཆེན་མོ་ཞིག་མཚོ་སྔོན་ཡུས་ཧྲུའུ་རུ་སྤེལ།

སྤེལ་དུས 2018-09-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
           ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་ཀྱི་གསར་འགོད་པ་རྡོ་ཐར་གྱིས་མཚོ་སྔོན་ཟི་ལིང་ནས་སྤེལ་བའི་གནས་ཚུལ། ཉེ་དུས་ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་གྱི་བརྩེ་བ་གྲོང་གསེབ་ལ་བཅངས་ཞེས་པའི་མུ་འབྲེལ་སྤྱི་ཕན་བྱེད་སྒོ་ཞིག་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནང་ཆེན་རྫོང་དུ་སྤེལ་ཏེ། ས་གནས་དེ་གའི་མང་ཚོགས་ལ་ཞིང་ལས་ལག་རྩལ་མཛུབ་སྟོན་དང་སྨན་བཅོས་ཞབས་ཞུ། དེ་མིན་རིག་རྩལ་འཁྲབ་སྟོན་སོགས་བྱས་ཡོད་པ་རེད།
བྱེད་སྒོའི་ཡུལ་དངོས།
           ཐེངས་འདིའི་བྱེད་སྒོ་ནི་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག ཀྲུང་གུང་ནང་ཆེན་རྫོང་ཏང་ཨུད་དང་ནང་ཆེན་རྫོང་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་སྒྲུབ་བྱས་པ་དང་། ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་མཚོ་སྔོན་གསར་འགོད་པའི་ས་ཚིགས་དང་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་ལམ་ཆེན་ལེ་ཚན་ཚན་ཁག་ནས་རོགས་སྒྲུབ་བྱས་པ་ཞིག་རེད།
           སྤྱི་ཕན་བྱེད་སྒོ་འདི་ནི་སྤྱི་ལོ་༢༠༡༢ལོའི་ཟླ་༡༢པར་འགོ་བརྩམས་པ་དང་། དེ་ནི་ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་གྱིས་རྒྱལ་ནང་གི་སྨན་བཅོས་དང་ཞིང་ལས་ལག་རྩལ་མཁས་ཅན། རིག་རྩལ་ལས་རིགས་མི་སྣ་ཁག་ཅིག་སྒྲིག་འཛུགས་བྱས་ཏེ་ས་གནས་པར་མཉམ་འབྲེལ་སྒོས་གྲོང་གསེབ་དུ་བསྐྱོད་པའི་སྤྱི་ཕན་བྱེད་སྒོ་ཆེན་མོ་ཞིག་ཡིན་པ་མ་ཟད། བྱེད་སྒོ་འདི་སྤེལ་བའི་ཚུན་ལ་སྔ་རྗེས་སུ་ཧྲན་ཏུང་དང་ཧོ་པེ། ཧའེ་ནན། ཅང་སུའུ། ཉིང་ཤ། ཡུན་ནན། ནང་སོག ཨན་ཧུའེ། སི་ཁྲོན་སོགས་སུ་བྱེད་སྒོ་ཐེངས་བཅུ་ལྷག་སྤེལ་བས་ས་གནས་དེ་གའི་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།
ཕྱུགས་ཟོག་གསོ་བའི་ལག་རྩལ་མཛུབ་སྟོན་གནང་བཞིན་པ།
གདན་ཞུས་སྐུ་མགྲོན་སུང་ཧྲི་ཏེ།
           ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་གྱི་ཐེངས་འདིའི་ཡུས་ཧྲུའུ་ནང་ཆེན་དུ་བསྐྱོད་པའི་བྱེད་སྒོའི་ཁྲོད་ཡུས་ཧྲུའུ་ཁུལ་ཕྱུགས་ཟོག་ལས་དོན་ས་ཚོགས་ཀྱི་འགོ་གཙོ་སུང་ཧྲི་ཏེ་གདན་ཞུ་གནང་སྟེ་ས་གནས་འབྲོག་པ་རྣམས་ལ་འབྲི་གཡག་གསོ་བའི་འབྲེལ་ཡོད་ལག་རྩལ་ཐད་ནས་མཛུབ་སྟོན་གནང་བ་མ་ཟད། ཡུས་ཧྲུའུ་འབྲི་གཡག་གི་གོང་འཕེལ་སྒུག་ཤུགས་དང་ཐོན་ཁུངས་གསར་སྤེལ། བེད་སྤྱོད། དེ་མིན་ཕྱུགས་ཟོག་འགོས་ནད་བཅས་ཀྱི་ཐད་ལ་དོ་སྣང་བྱེད་དགོས་པའི་བླང་བྱ་ཁག་ངོ་སྤྲོད་གནང་ཡོད་པ་རེད། གཞན་པེ་ཅིན་ཧྲི་ཅེ་ཐན་སྨན་ཁང་གི་སྨན་པ་ཀྲའོ་ཅིན་སུང་ཡང་གདན་ཞུ་གནང་བ་ལྟར་ནང་ཆེན་རྫོང་མི་དམངས་སྨན་ཁང་དུ་ཕེབས་ཏེ་བརྩེ་བ་གྲོང་གསེབ་ལ་བཅངས་པའི་རིན་མེད་ཞབས་ཞུའང་གནང་ཡོད་པ་རེད།
རླུང་འཕྲིན་བརྒྱུད་གཏོང་ཡི་གེར་མིང་རྟགས་བཀོད་པ།
མིང་རྟགས་བཀོད་པར་བདེན་དཔང་གནང་བ།
           ཐེངས་འདིའི་བྱེད་སྒོའི་ཁྲོད་ཀྱི་ལས་དོན་གཙོ་བོ་ཞིག་ནི་ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་ཡུས་ཧྲུའུ་ནང་ཆེན་དུ་གཏོང་འགོ་ཚུགས་པ་དེ་རེད། ཟླ་༩པའི་ཚེས་༡༤ཉིན་ཀྲུང་དབྱང་རླུང་འཕྲིན་ལས་ཁུངས་སྤྱི་ཚོགས་སློབ་གསོ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཐའོ་ཝེ་དང་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་སྤྱི་ཁྱབ་རུ་ཁག་གི་འགོ་གཙོ་གཞོན་པ་ཐེན་ལེ། ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་གི་རྒྱུན་ལས་རྫོང་དཔོན་གཞོན་པ་བཀྲ་ཤིས་ནོར་བུ་བཅས་ནས་རླུང་འཕྲིན་བརྒྱུད་གཏོང་གི་གན་རྒྱར་མིང་རྟགས་བཀོད་པ་རེད།
           ཤེས་རྟོགས་བྱུང་བ་ལྟར་ན། ཟླ་༩པའི་ཚེས་༡༥ཉིན་ནས་བཟུང་ཀྲུང་གོའི་གྲོང་གསེང་རླུང་འཕྲིན་གྱི་དུས་ཡུན་ཆུ་ཚོད་བཅོ་བརྒྱད་རིང་གི་ལེ་ཚན་ཁག་ནང་ཆེན་རྫོང་རྒྱང་སྒྲོག་ལས་ཁུངས་ཀྱི་FM95.5བརྒྱུད་ནས་བརྒྱུད་གཏོང་བྱེད་རྒྱུ་རེད།
འབྲེལ་ཡོད་འགོ་ཁྲིད་ནས་སྒོ་བྱང་གནང་བཞིན་པ།
           བྱེད་སྒོ་མཇུག་བསྡུ་བའི་ལས་རིམ་ཁག་ཡུས་ཧྲུའུ་ཁུལ་ནང་ཆེན་རྫོང་གི་ལས་རྩལ་ར་བའི་ནང་སྤེལ་བ་དང་། ནང་སའི་གཞས་པ་ཡུ་ནའེ་ཅི་དང་སྤྱི་ལོ་༢༠༡༦ལོའི་ཀྲུང་དབྱང་བརྙན་འཕྲིན་ཁང་གི་སྐར་འོད་ལམ་ཆེན་གྱི་ལོ་དེའི་ཨང་དང་པོ་དཀོན་མཆོག་ཚེ་རིང་། སྤྱི་ལོ་༢༠༡༨ལོའི་ཟླ་༥པའི་ཟླ་དེའི་ཨང་དང་པོ་གཞས་མ་ནང་ས། དེ་མིན་ནང་ཆེན་རྫོང་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་བཅས་ཀྱིས་ས་གནས་མང་ཚོགས་རྣམས་ལ་རིག་རྩལ་འཁྲབ་སྟོན་གྱ་ནོམ་པ་ཞིག་གནང་ཡོད་པ་རེད།
ཚོགས་རའི་ཡུལ་དངོས།
བྱེད་སྒོའི་མདོ་འཛིན་པ།
རྒྱའི་གཞས་པ་ཡུ་ནའེ་ཅི།
དཀོན་མཆོག་ཚེ་རིང་།
སྔོན་གཟའ་ཚེ་རིང་དབྱངས་དཀར།
           གསར་འགོད་པས་ཡུལ་དངོས་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིའི་བྱེད་སྒོ་བརྒྱུད་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་དང་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་ཞིང་གྲོང་འབྲོག་ཁུལ་གྱི་འགྲིམ་འགྲུལ་བདེ་འཇགས་དྲིལ་སྒྲོག་སྒྲ་དུང་ཆེན་མོ་ཞེས་པའི་ལས་གཞི་སྤེལ་འགོ་ཚུགས་ཡོད་ལ། ལས་གཞི་དེ་མཚོ་སྔོན་ཞིང་ཆེན་གྱི་ཞིང་གྲོང་༤༨༡ལ་ཁྱབ་ཡོད་པ་དང་། མ་འོངས་པར་ས་ཁུལ་དེ་གའི་མང་ཚོགས་ནས་སྒྲ་དུང་ཆེན་མོ་བརྒྱུད་ནས་ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་གྱི་ལེ་ཚན་ཁག་ལ་གསན་ཐུབ་ཀྱི་ཡོད་པ་རེད།
གར་མའི་སྒེག་ཉམས།
ཁམས་པའི་ཕོ་རྒོད།
           ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་གཏོང་འགོ་ཚུགས་པ་ནས་བཟུང་། རླུང་འཕྲིན་གྱི་ཞིང་ལས་ལ་ཕན་པ་དང་བརྩེ་བ་གྲོང་གསེབ་ལ་བཅངས་ཞེས་པའི་མུ་འབྲེལ་སྤྱི་ཕན་བྱེད་སྒོ་སྤེལ་ནས་གཞི་རིམ་མང་ཚོགས་ལ་ཞིང་ཕྱུགས་ལས་རིགས་ཀྱི་ལག་རྩལ་དང་སྨན་བཅོས་ཞབས་ཞུ་མཁོ་སྤྲོད་བྱས་པ་མ་ཟད། ཀྲུང་གོའི་གྲོང་གསེབ་རླུང་འཕྲིན་ས་གནས་སུ་བརྒྱུད་གཏོང་བྱས་ཏེ་རླུང་འཕྲིན་ལེ་ཚན་ཞིང་འབྲོག་ས་ཁུལ་དུ་རྒྱ་བསྐྱེད་དུ་གཏོང་མུས་ཡིན་པ་རེད།
ཚོགས་ཞུགས་འབྲེལ་ཡོད་འགོ་ཁྲིད།
དྲན་རྟེན་མཉམ་པར་བསྐྱོན་པ།