གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་དང་སྐབས་གསུམ་པའི་ཉག་ཆུ་རྫོང་གི་བེ་ཤ་དུས་ཆེན་གཏོང་འགོ་འཚུགས།

སྤེལ་དུས 2018-09-18 ཡོང་ཁུངས། ཁམས་པའི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
          ཉེ་སྔོན། ཀྲུང་གོའི་བེ་ཤའི་ཆོལ་ཁ་ཞེས་མཚན་སྙན་ཡོད་པའི་ཉག་ཆུ་རྫོང་དུ་གླུ་གར་གྱི་ཁྲོད་དུ་དཀར་མཛེས་ཁུལ་གྱི་རི་ཀླུང་ཡུལ་སྐོར་དུས་ཆེན་དང་སྐབས་གསུམ་པའི་ཉག་ཆུ་རྫོང་གི་བེ་ཤ་དུས་ཆེན་གྱི་རིག་རྩལ་བྱེད་སྒོ་རབ་དང་རིམ་པ་རྫོང་གི་སློབ་འབྲིང་དུ་གཏོང་འགོ་ཚུགས་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཡུན་ཉིན་གཉིས་ཀྱི་བེ་ཤ་དུས་ཆེན་ནང་ཉག་ཆུ་རྫོང་གིས་འགོ་ཚུགས་མཛད་སྒོ་དང་ཉག་ཆུ་རྫོང་གི་སྐོར་བྲོ་འཁྲབ་སྟོན་འགྲན་བསྡུར། ཐང་ཆེན་སྐོར་བྲོ་འགྲན་བསྡུར། བེ་ཤ་རྟགས་མའི་གླུ་འགྲན། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་འཁོར་བར་དྲན་གསོ་ཞུ་བའི་རིག་གནས་དམངས་ཕན་འཁྲབ་སྟོན་དང་བྱ་དགའ་སྤྲོད་པའི་དགོངས་ཚོགས་སོགས་བྱེད་སྒོ་ཆེན་པོ་བཞི་གྲ་སྒྲིག་བྱས་ཡོད་པ་རེད། བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་མི་ཉག་རིག་གནས་དང་འདྲ་པའི་རིག་གནས། ཁམས་པའི་ཕོ་རྒོད་རིག་གནས། བེ་ཤ་རིག་གནས། ཚོང་འདྲེན་བརྡལ་ལམ་རིག་གནས་སོགས་ལོ་རྒྱུས་རིག་གནས་གཏིང་ཟབ་སྟོན་ལ་བྲོ་གར་གྱི་རྣམ་པའི་ཐོག་ནས་ཉག་ཆུ་རྫོང་གི་རིག་གནས་དང་དཔལ་འབྱོར། སྤྱི་ཚོགས་འཕེལ་རྒྱས་ཡོང་བའི་རྣམ་པ་མངོན་སྟོན་བྱས་པ་རེད།
          ཞིན་ཧྭ་གསར་འགྱུར་ཁང་དང་རྒྱལ་སྤྱིའི་ཐད་གཏོང་། སི་ཁྲོན་བརྙན་འཕྲིན་ས་ཚུགས། སི་ཁྲོན་གསར་འགྱུར་དྲ་བ་། དཀར་མཛེས་ཉིན་རེའི་ཚགས་པར་སོགས་སྨྱན་སྦྱོར་གྱིས་ཐེངས་འདིའི་འགོ་ཚུགས་མཛད་སྒོའི་གནས་ཚུལ་དྲིལ་བསྒྲགས་བྱས་པ་རེད། ངེད་གསར་འགྱུར་ཁང་གིས་གསར་འགྱུར་སྨྱན་སྦྱོར་གསར་པ་ཁམས་པའི་བོད་ཡིག་འཕྲིན་སྦྱོར་དང་ཉག་ཆུ་རྫོང་ཏང་ཨུའི་དྲིལ་བསྒྲགས་པུའུ་ཡིས་རྒྱ་བོད་སྐད་གཉིས་ཐོག་ནས་ཐད་གཏོང་བྱས་པ་རེད།