ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མཚོ་སྔོན་གྱི་སྤུས་རྟགས་ཚོང་ཁང་ཀྲེ་ཅང་དབྱི་ཝུའུ་རུ་གཞིས་ཆགས་པ།

སྤེལ་དུས 2018-11-07 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                རྒྱལ་ཁབ་ཀྱིས་དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་བླང་བྱ་དང་མཚོ་སྔོན་ཞིང་ཆེན་གྱི“རྩེ་གྲ་གཅིག་དང་མཐོ་བ་གཉིས”འཐབ་ཇུས་ཀྱི་སྤྱིའི་བཀོད་སྒྲིག་དང་། “རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་ཞབས་འདེགས་ཞུ་བ་དང་། སྤུས་རྟགས་མཚམས་སྦྱོར་ལམ་སྲོལ་ཟམ་མི་ཆད་པར་གསར་གཏོད་བྱེད་པ། ཁྱད་ལྡན་ཐོན་རྫས“ཕྱིར་གཏོང་ཐུབ་པའི”བྱེད་ཐབས་གལ་ཆེན་མཐའ་འཁྱོངས་བཅས་ཀྱི་བྱ་ཐབས་གལ་ཆེན་ལ་གཞིགས་ནས་ཉེ་ཆར་མཚོ་སྔོན་གྱི་སྤུས་རྟགས་ཚོང་ཁང“ཚོང་ཟོག་ཆུང་གྲས་ཀྱི་རྒྱལ་ཁབ”ཅེས་བརྗོད་པའི་ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་གྲོང་ཁྱེར་ཞིང་ཞོར་ཐོན་རྫས་གྲོང་དུ་དངོས་སུ་སྒོ་ཕྱེ་བ་རེད།
     ཚོང་ཁང་དུ་མཚོ་སྔོན་གྱི་ལུག་ཤ་དང་ཚགས་ཤ་དང་། དཀར་ཆུའི་ཐོན་རྫས། ནས་ཆང་། ཇ་སྲུབས་མ། སྦྲང་རྩི་སོགས་ཞིང་ཆེན་དེའི་ཁེ་ལས་99ཡིས་ཐོན་སྐྱེད་བྱས་པའི་ཚོང་ཟོག་སྣ་ཁ་300ལྷག་ཙམ་འགྲེམས་སྟོན་བྱས་པར་མཚོ་སྔོན་གྱི་ཐོན་རྫས་ཀྱི་ཐོན་ཁུངས་ལེགས་ཆ་དང་ས་མཐོའི་སྤུས་རྟགས་གང་ལེགས་མངོན་ནས་དབྱི་ཝུའུ་ཡི་འཛད་སྤྱོད་པ་མང་པོའི་ཡིད་དབང་བཀུག་ཡོད་པ་རེད།
     ཤེས་རྟོགས་བྱུང་བར་གཞིགས་ན། ཀྲེ་ཅང་ཞིང་ཆེན་དབྱི་ཝུའུ་ཞིང་ཞོར་ཐོན་རྫས་གྲོང་ནི་ལོར་ཉོ་ཚོང་བྱེད་ཚད་སྒོར་དུང་ཕྱུར་60ལྷག་ཙམ་ཟིན་པའི་ཞིང་ལས་ཐོན་རྫས་བསྡུ་འགྲེམས་ལྟེ་གནས་ཆེ་གྲས་ཤིག་ཡིན་ལ། ཀྲེ་ཅང་རྒྱལ་སྤྱིའི་ཁྲོམ་རའི་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཀྱང་རེད། མཚོ་སྔོན་གྱི་སྤུས་རྟགས་ཚོང་ཁང་གིས་རྒྱལ་སྤྱིའི་ཚོང་དོན་གྲོང་ཁྱེར་ཡིན་པའི་དབྱི་ཝུའུ་ཡི་མི་འགྲུལ་དང་། ཟོག་འགྲུལ། འཕྲིན་འགྲུལ། ཚོང་དོན་མཉམ་ལས་བཅས་ཀྱི་ལེགས་ཆར་བརྟེན་པ་དང་། དབྱི་ཝུའུ་ཞིང་ཞོར་ཐོན་རྫས་གྲོང་གི་ཕྱོགས་བསྡུས་རང་བཞིན་གྱི་ཉོ་ཚོང་ལས་སྟེགས་སྤྱད་དེ་མཚོ་སྔོན་གྱི་ཁྱད་ལྡན་ཐོན་ལས་ལེགས་ཆར་བརྟེན་ནས་དབྱི་ཝུའུ་རུ་མཚོ་སྔོན་གྱི་སྤུས་རྟགས་ཐོན་རྫས་གཅིག་འདུས་བྱེད་པ་དང་སྐད་གྲགས་ཆོད་པའི་མཚོ་སྔོན་གྱི་སྤུས་རྟགས་དང་ཀྲུང་གོའི་སྤུས་རྟགས་ཁག་གཅིག་བཏོད་དེ་མཚོ་སྔོན་ཞིང་ཆེན་གྱི་ཁྱད་ལྡན་ཐོན་རྫས་ས་མཐོ་ནས་ཕྱིར་སྐྱོད་ཐུབ་པ་དང་འཛམ་གླིང་ཡོངས་ལ་བསྐྱོད་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན་པ་རེད།