ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ཡུལ་ཤུལ( མཚོ་ཤར ) སློབ་འབྲིང་གི་སློབ་མ་རྣམས་བདེ་ལེགས་ངང་ཁྱིམ་དུ་ལོག་སྟེ། ཁྱིམ་བདག་བརྒྱ་ཕྲག་ཁ་ཤས་ཀྱིས་ཁ་བཏགས་བཟུང་ནས་བསུ་བ་བྱས།

སྤེལ་དུས 2019-01-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། པད་མས་བསྒྱུར།
འདི་ནི་སློབ་མ་རྣམས་ཀྱིས་སློབ་གྲྭ་ལས་ཁ་མ་བྲལ་སྔོན་གྱི་སྔ་ཉིན་དུ་སློབ་གྲྭའི་སྒོ་ཁ་ནས་དགེ་རྒན་དང་སློབ་གྲྭར་གུས་འདུད་ཞུས་པ།
           ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན།  ཟླ1པོའི་ཚེས10 ཉིན་གྱི་དགོང་མོའི་ཆུ་ཚོད་23སྟེང་།   ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ཡུལ་ཤུལ( མཚོ་ཤར ) སློབ་འབྲིང་གི་སློབ་མ255འདྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དྲུག་དལ་གྱིས་ཡུལ་ཤུལ་ཁུལ་མི་རིགས་མཐོ་རིམ་སློབ་འབྲིང་བཞི་པའི་སློབ་རྭའི་ནང་དུ་བསྐྱོད་ཅིང་།  འདི་ནས་ཡུན་རིང་སྒུག་པའི་སློབ་མའི་ཁྱིམ་བདག་བརྒྱ་ལྷག་གིས་སེམས་འགུལ་ཚད་མེད་ངང་ཁ་བཏགས་གཡུགས་ཏེ་སློབ་ཕྲུག་ཚོ་ཡུལ་དུ་ལོག་པར་དགའ་བསུ་ཞུས།

འདི་ནི་དགེ་རྒན་གྱིས་སློབ་མར་རྡོག་ཁྲེས་འཁུར་རོགས་བྱེད་པའི་རྣམ་པ་རེད།
           མཐོ་རིམ་དང་པོའི་སློབ་མ་བཀྲ་ཤིས་ཀྱིས་བཤད་རྒྱུར། “ ང་ཚོ་སློབ་གྲྭ་ནས་མ་སོང་གོང་དུ་སློབ་གྲྭའི་འགོ་ཁྲིད་དང་དགེ་རྒན་ཚོས་ང་ཚོར་དངོས་པོ་བསྡུ་གསོག་རྒྱག་རོགས་བྱས་པ་དང་། ང་ཚོར་གསོ་རླུང་མི་འདང་བ་དང་མགོ་ཡུ་འཁོར་བ། ཆམ་པ་ཕོག་པ་སོགས་སྔོན་འགོག་བྱ་བའི་སྨན་རྫས་ཉོས་པ་དང་། ང་ཚོས་གུང་གསེང་དུ་ངེས་པར་དུ་དགེ་རྒན་གྱིས་བཀོད་སྒྲིག་བྱས་པའི་ལས་བྱ་ལེགས་འགྲུབ་བྱ་རྒྱུ་དང་། ཁྱིམ་མིར་ལས་རོགས་བྱས་ཏེ་ང་ཚོའི་འགྱུར་བ་མཐོང་དུ་འཇུག་རྒྱུ་ཡིན། ངས་ལོ་ཕྱེད་འདིའི་རིང་གི་སློབ་གྲྭའི་སློབ་སྦྱོང་དང་། འཚོ་བའི་གནས་ཚུལ་གྲོགས་པོ་རྣམས་དང་ “སྙན་སེང”ཡག་པོ་བྱ་རྒྱུ་ཡིན་ཞེས་བཤད།

འདི་ནི་སློབ་མ་རྣམས་ཀྱིས་དངོས་པོ་བཟུང་ནས་འགྲོ་གྲབས་བྱེད་པའི་རྣམ་པ་རེད།
           སློབ་མའི་ཁྱིམ་བདག་བློ་བཟང་གིས་བཤད་རྒྱུར། “ གཟའ་འཁོར་རེའི་གཟའ་ཉི་མར་ཕྲུ་གུས་བསྐུར་ཡོང་བའི་པར་དང་། བརྙན་ལམ་ཐོག་ནས་ང་ཚོས་བྱིས་པ་སློབ་གྲྭ་བཟང་བོ་ཞིག་ཏུ་བསྐྱལ་ཡོད་པར་བསམས་ཡོད། ང་ཚོས་ཀྱང་སློབ་གྲྭར་རམ་འདེགས་བྱས་ནས་བྱིས་པར་སློབ་གསོ་ཡག་པོ་གཏོང་རྒྱུ་ཡིན”ཞེས་བཤད།

འདི་ནི་དུས་ཚོད་རིང་པོར་ངང་སྒུག་བྱས་པའི་ཁྱིམ་བདག་བརྒྱ་ཕྲག་ལྷག་གིས་ལག་ཏུ་ཁ་བཏགས་བཟུང་ནས་བྱིས་པ་ཚོ་ཁྱིམ་དུ་ལོག་པར་བསུ་མ་བྱེད་པ།
           རྒྱུས་ལོན་བྱུང་བ་ལྟར་ན། སློབ་མ་རྣམས་ཀྱིས་ཁྱིམ་ནས་སྤྲོ་སྐྱིད་ལྡན་པའི་གུང་གསེང་ཞིག་ལ་རོལ་ཆེད། སློབ་གྲྭས་ཀྱང་སྔ་མོ་གྲ་སྒྲིག་བྱས་ཏེ་ཞིབ་ཚགས་ལྡན་པའི་བྱ་བ་མང་པོ་བསྒྲུབས་པ་སྟེ། དཔེར་ན་གཟའ་འཁོར་གཉིས་ཀྱི་སྔོན་དུ་དགེ་རྒན་ལ་སློབ་གྲྭའི་གུང་གསེང་གི་ལས་བྱ་སྒྲིག་འབྲི་བྱ་བར་བཀོད་སྒྲིག་བྱས་པ་དང་། བསླབ་ཚན་སོ་སོའི་དགེ་རྒན་རྣམས་ལ་སློབ་མས་གུང་གསེང་གི་ལས་བྱ་ལེགས་འགྲུབ་ཡོང་བར་ངེས་པར་དུ་འཁྱེར་དགོས་པའི་དཔེ་དེབ་རྒྱུ་ཆའི་དཀར་ཆག་གཏན་ཁེལ་བྱེད་དུ་བཅུག  དེ་ལས་གཞན།  སློབ་གྲྭས་ད་རུང་སློབ་མ་རེ་རེར་ནང་སྦྱོང་འབྲི་དེབ་བཀོད་སྒྲིག་བྱས་པར་མ་ཟད། གུང་གསེང་ལས་བྱའི་སྟེང་ཟླ་ཚེས་གསལ་བོར་བཀོད། འཛིན་གྲྭའི་འཛིན་བདག་དགེ་རྒན་ཁག་གིས་སློབ་མའི་ཁྱིམ་ཚང་གི་བར་ཐག་ལ་གཞིགས་ནས་སློབ་སྦྱོང་ཚོ་ཆུང་བསྐྱར་འཛུགས་བྱས་ཏེ་ཁྱིམ་ཚང་གི་བར་ཐག་ཅུང་ཉེ་བའི་སློབ་མ་རྣམས་སློབ་སྦྱོང་ཚོ་ཆུང་གཅིག་བཙུགས་ནས་མཉམ་དུ་སློབ་སྦྱོང་དང་། ཐུན་མོང་གིས་གུང་གསེང་ལས་བྱ་ལེགས་འགྲུབ་ཡོང་བར་བྱས། སློབ་མ་རྣམས་ཕྱིར་རང་ཡུལ་དུ་མ་ལོག་གོང་། སློབ་གྲྭས་ད་དུང་སློབ་མ་མི་རེར་འཐུང་ཆུ་དང་། ཟས་རིགས། སྨན་རྫས་སོགས་ཐག་རིང་གི་ཡུལ་སྐོར་གྱི་ངེས་མཁོའི་ཅ་དངོས་ཉོས་པ་རེད།
           སློབ་གྲྭ་དང་དགེ་རྒན་གྱི་ཐུགས་ཁུར་གྱིས་སློབ་མ་རྣམས་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག་ཅིང་། ཁོ་ཚོ་སློབ་ཁང་གི་ནག་པང་སྟེང་དུ “ དགེ་རྒན་ལགས། ཁྱེད་ཚོས་སྐུ་ལས་ཁག་སོང་།” “དགེ་རྒན་ལགས། རྗེས་སུ་མཇལ་ཡོང་། ” “ དགེ་རྒན་ལགས། དཔྱིད་གསར་དུས་ཆེན་སྤྲོ་པོ་ཡོང་བར་ཤོག”སོགས་བྲིས་པ་དང་། འཛིན་གྲྭ་ལ་ལས་ཐུན་མོང་སྡེ་ཚན་བྱས་པའམ་ཡང་ན་སློབ་མ་གཉིས་གསུམ་གྱིས་མཉམ་གཅིག་ཏུ་ཁ་པར་གྱིས་རང་ཉིད་ཀྱིས་བཤད་འདོད་པའི་སྐད་ཆ་རྣམས་སྒྲ་ཕབ་བྱས་ཏེ་རང་ཉིད་ཀྱི་དགེ་རྒན་དང་སློབ་གྲྭའི་འགོ་ཁྲིད་རྣམས་ལ་བསྐུར་ཞིང་། ཆེས་བབ་ཆགས་པའི་སྐད་ཆས་ཁོ་ཚོས་དགེ་རྒན་ལ་བཅངས་པའི་བཀྲ་ཤིས་སྨོན་འདུན་མཚོན་པར་བྱས།
           ཚེས9 ཉིན་གྱི་སྔ་དྲོ། སློབ་གྲོགས་ཚོས་ཞོགས་ཇ་འཐུངས་རྗེས་འཕྲོད་བསྟེན་ལ་གད་རྒྱག་བྱས་ཤིང་། ཁོ་ཚོས་བཤད་རྒྱུར། “ སློབ་གྲྭ་ནི་རང་ཉིད་ཀྱི་ཁྱིམ་དང་འདྲ་བས་མ་ཡུམ་སློབ་གྲྭ་དེ་བས་དག་གཙང་ཞིག་ཏུ་གཏོང་དགོས”ཞེས་བཤད། ཚེས10 ཉིན་གྱི་ཞོགས་པའི་ཆུ་ཚོད་ལྔ་པའི་སྟེང་། སློབ་གྲོགས་ཚོ་སྔ་མོ་ནས་ཡར་ལངས་ཏེ་ཉལ་ཁྲི་བསྡུ་གསོག་བྱས་པ་དང་། དེ་ནས་ཡང་རང་ཉིད་ཟླ་བ་བཞི་ཙམ་ལ་བསྡད་པའི་ཉལ་ཁང་གཙང་སྦྲ་ལེགས་པར་བྱས་ཏེ་ཅ་ལག་སྟབས་བདེ་ཞིག་འཁྱེར་ནས་ཉལ་ཁང་གི་ཐོག་ཁང་ལས་མར་བབས། སློབ་མ་བསུ་སྐྱེལ་བྱེད་པའི་རླངས་འཁོར་ནི་རེ་རེ་བཞིན་བསྒྲིགས་ཏེ་ དགེ་རྒན་རྣམས་ཀྱིས་རླངས་འཁོར་འདུག་པའི་ཚོ་ཆུང་གི་ཨང་རྟགས་ཡར་བཀྱགས་ནས་རླངས་འཁོར་གྱི་སྒོའི་གཡས་གཡོན་དུ་ངང་སྒུག་བྱས་ཡོད་པ་དང་། སློབ་མ་རྣམས་ཀྱིས་རྡོག་ཁྲེས་དྲུད་ནས་ཉལ་ཁང་གི་ཐོག་ཁང་ལས་ཐོན་པ་མཐོང་སྟེ་དགེ་རྒན་རྣམས་སྔོན་དུ་སོང་ནས་སློབ་མ་རྣམས་ཀྱིས་རྡོག་ཁྲེས་རླངས་འཁོར་སྟེང་འཇོག་རོགས་བྱས་པ་དང་། ཁོ་ཚོས་ཞེན་ཆགས་དང་བཅས་མི་འདོད་པའི་ངང་སློབ་མ་རྣམས་དང་གྱེས་ཕྱག་ཕུལ། 
           རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་ཡུལ་ཤུལ( མཚོ་ཤར ) སློབ་འབྲིང་ནི་མཚོ་སྔོན་ཞིང་ཆེན་མཚོ་ཤར་གྲོང་ཁྱེར་གྲོ་ཚང་ཆུས་ཀྱི་ཙོང་ཆུའི་རྒྱུགས་ཆུའི་ལྷོ་ངོས་སུ་ཆགས་ཤིང་།  ས་བཟུང་གི་རྒྱ་ཁྱོན་ལ་མུའུ་ཁྲི189 ཡོད་པ་དང་། འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་ངོས་གྲུ་བཞི་མ་ཁྲི4ཡིན། དེ་ནི་ཡུལ་ཤུལ་ཁུལ་ཨུད་དང་ཁུལ་སྲིད་གཞུང་གིས་ཁུལ་མཐོ་རིམ་སློབ་འབྲིང་གི་ཐོན་ཁུངས་མི་འདང་བ་དང་། ས་ཁུལ་གྱི་སློབ་གསོའི་ཧེ་བག་ཆུང་དུ་གཏོང་བའི་གནད་དོན་ཐག་གཅོད་བྱ་ཆེད། ས་གནས་གཞན་དུ་འཛུགས་སྐྲུན་དང་། སློབ་གྲྭ་གྲགས་ཅན་ལ་མངགས་བཅོལ་དོ་དམ་བྱས་པའི་ཁྱོན་ནས་ཞག་སྡོད་ལམ་ལུགས་བྱས་པའི་སློབ་གྲྭ་ཞིག་ཡིན། 2018ལོའི་དབྱར་ཁ་དང་སྟོན་ཀའི་བར་མཚམས་སུ། སློབ་གྲྭས་སྐབས་དང་པོའི་མཐོ་རིམ་འཛིན་གྲྭ་དང་པོའི་སློབ་མ200དང་། དམའ་འབྲིང་དང་པོའི་སློབ་མ་གསར་པ100བསུ་བ་བྱས།