ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སི་ཁྲོན་དཀར་མཛེས་ཁུལ་གྱིས་ལྗོངས་རྒྱུའི་ཕན་བདེ་བསྐྲུན་པ་དང་མཛེས་ལྗོངས་ཁུལ་ཁག་མཉམ་འབྲེལ་སྒོས་ཁྲིན་ཏུའུ་ནས་ཁྱབ་སྤེལ་བྱས།

སྤེལ་དུས 2019-01-15 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། འབྲུག་རྒྱལ་མཁར་གྱིས་བསྒྱུར།
བསྟན་པ་མཛེས་མའི་ལུང་པའི་དཔྱིད་ཀའི་ཁ་བ།
             ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་1པའི་ཚེས་11ཉིན། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པ་དང་། ས་གནས་དེའི་མཛེས་ལྗོངས་ལྟེ་གནས་ཁ་ཤས་མཉམ་ཞུགས་བྱས་པའི་དཀར་མཛེས་ཀྱི་དགུན་དཔྱིད་ཡུལ་སྐོར་ཐོན་རྫས་ཆེད་འགྲེམས་ཁུལ་ཁྱབ་སྤེལ་ཚོགས་འདུ་ཁྲིན་ཏུའུ་གྲོང་ཁྱེར་ནས་འཚོགས། གློག་རྡུལ་ཚན་རིག་སློབ་ཆེན་དང་།  ཧྭ་ནུབ་སློབ་ཆེན།  སི་ཁྲོན་ཡུལ་སྐོར་སློབ་གླིང་། སི་ཁྲོན་རོལ་དབྱངས་སློབ་གླིང་སོགས་མཐོ་རིམ་སློབ་ཆེན་7དང་ཡུལ་སྐོར་ལ་ཁུངས། མགྲོན་ཁང་། སྐྱེལ་འདྲེན་ལས་རིགས་སོགས་འབྲེལ་ཡོད་ཡུལ་སྐོར་ཁེ་ལས་ཁྱབ་སྤེལ་ཚོགས་འདུ་དེར་ཞུགས་ཡོད།
             ཁྱབ་སྤེལ་ཚོགས་འདུའི་སྟེང་།  དཀར་མཛེས་ཁུལ་ཡུལ་སྐོར་འཕེལ་རྒྱས་ཨུ་ཡོན་ལྷན་ཁང་གིས་དགུན་དཔྱིད་ཡུལ་སྐོར་དམིགས་བསལ་སྲིད་ཇུས་བཞི་ཁྱབ་བསྒྲགས་དང་། དགུན་དཔྱིད་ཀྱི་ཡུལ་སྐོར་རྩེ་གྲས་ཀྱི་ལམ་ཐིག་བཞི་ཁྱབ་སྤེལ་བྱས། དམིགས་བསལ་གྱི་སྲིད་ཇུས་བཞི་དེ་འཛུལ་བྱང་དང་མགྲོན་ཁང་། འགྲིམ་འགྲུལ་སོགས་ཀྱི་ཆ་ལ་འབྲེལ་བ་ཡོད་པར་མ་ཟད།  ཚོགས་པའི་ཡུལ་སྐོར་བ་དང་ཚོགས་པ་མ་ཡིན་པའི་ཡུལ་སྐོར་བ་ཚང་མས་སྲིད་ཇུས་དེ་ལོངས་སུ་སྤྱད་ཆོག་པས།  ཡུལ་སྐོར་བས་དངུལ་ཕྱེད་ཀ་གྲོན་ཆུང་ཐུབ། ལམ་ཐིག་གི་ཁོངས་སུ་ལམ་ཐག་རིང་ཐུང་སྣ་ཚོགས་གི་ཕེབས་ཁུལ་དང་། མཚོ་ངོས་ལས་མཐོ་ཚད་འདྲ་མིན་སྣ་ཚོགས།  མཛེས་ལྗོངས་ཁྱབ་ཁུལ་གཙོ་བོ་བཅས་ཚུད་པས།  ཚོགས་པ་འདྲ་མིན་སྣ་ཚོགས་ཀྱི་སོ་སོའི་དགོས་མཁོ་སྐོང་ཆོག་ལ། ཡུལ་སྐོར་བར་ཡིད་དུ་འོང་བའི་མཛེས་ལྗོངས་དང་ཁྱད་ཆོས་ལྡན་པའི་རིག་གནས་ལོངས་སུ་སྤྱོད་དུ་འཇུག་ཆོག
ཞོགས་རྫི། 
             གནས་ཚུལ་ཤེས་རྟོགས་ཐུབ་པ་ལྟར་ན། རྒྱ་ཆེ་བའི་ཡུལ་སྐོར་བ་རྣམ་པས་དཀར་མཛེས་ས་ཁུལ་གྱི་ཡུལ་སྐོར་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཞུ་ཆེད།  དཀར་མཛེས་ཁུལ་ཨུ་དང་། ཁུལ་སྲིད་གཞུང་གིས་ཁུལ་ཡོངས་ཀྱི་ཡུལ་སྐོར་ལས་རིགས་དང་འབྲེལ་ཡོད་སྡེ་ཁག་གིས་རྩ་འཛུགས་ཚོགས་པས་མཛད་སྤྱོད་དང་།  ཚོགས་པས་མཉམ་དུ་ལོངས་སྤྱོད་པའི་རྣམ་པ་རྩ་འཛུགས་བྱེད་པར་སྐུལ་འདེད་བྱས། 2019ལོའི་ཟླ་1པའི་ཚེས་2ཉིན་ནས་ཟླ་4པའི་ཚེས་20ཉིན་སྟེ།  དེ་ལས་རྒྱལ་ཁབ་ཀྱི་གཏན་འབེབས་ངལ་གསོ་མ་རྩིས་པའི་བར་འདིར་དམིགས་བསལ་གྱི་སྲིད་ཇུས་བཞི་ཁྱབ་བསྒྲགས་བྱས་ནས་རྒྱ་ཆེའི་ཡུལ་སྐོར་བར་ཕན་བདེ་བསྐྲུན། 
             དམིགས་བསལ་སྲིད་ཇུས་ཀྱི་ཁོངས་སུ་དཀར་མཛེས་ཁུལ་རྒྱལ་དབང་དང་རྒྱལ་དབང་མ་ཡིན་པའི་རིམ་པ་3Aཡན་གྱི་ལྗོངས་ཁུལ་གྱི་སྒོ་འཛིན་དང་ལྗོངས་སྐོར་འཇེམ་འཁོར། གློག་སྒུལ་འཇེམ་འཁོར། འབྲེང་ཟམ་འཛིན་བྱང་རིན་གོང་དེ་ཟོག་དངོས་གོང་གཅོད་སྡེ་ཁག་གིས་གཏན་ལ་ཕབ་པའི་རིན་གོང་གི་རྨང་གཞིའི་སྟེང་ནས་གོང་ཚད་ཕྱེད་ཀ་བཅག  དེ་དང་མཉམ་དུ། དཀར་མཛེས་ཁུལ་རྒྱལ་དབང་དང་རྒྱལ་དབང་མ་ཡིན་པའི་རིམ་པ་3Aཡན་གྱི་ཡུལ་སྐོར་ལྗོངས་ཁུལ་གྱིས་དེ་སྔ་ཡུལ་སྐོར་ཚོགས་པར་གནང་བའི་དམིགས་བསལ་གྱི་སྲིད་ཇུས་སྔར་ལྟར་མི་འགྱུར།  སྐར་མ་རྟགས་ཅན་གྱི་མགྲོན་ཁང་དང་།  རྟགས་མ་སྐད་གྲགས་ཅན་གྱི་མགྲོན་ཁང་། རྩེ་གྲས་མགྲོན་ཁང་སོགས་ཀྱི་རིན་གོང་དེ་དགུན་དུས་ཡུལ་སྐོར་ཉུང་དུས་ལས་ལྡབ་ཕྱེད་ཀ་ལྟར་ལག་བསྟར་བྱེད་རྒྱུ། ཁྲིན་ཏུའུ་ནས་དར་རྩེ་མདོའི་བར་གྱི་ཡུལ་སྐོར་ཚོགས་པའི་རླངས་འཁོར་སྟེ་མགྲོན་འཁོར་ཆེ་འབྲིང་གི་ལམ་ཐོག་རིན་གོང་ཕྱེད་ཀ་དཀར་མཛེས་ཁུལ་མི་དམངས་སྲིད་གཞུང་གིས་ཁུར་བ་སྟེ་གཙོ་བོ་ཡུལ་སྐོར་ལྗོངས་ཁུལ་གྱིས་རྩིས་རྒྱག་ཏུ་འཇུག་པ།  ཁྲོན་བོད་སྐྱེལ་འདྲེན་ལས་རིགས་ཀྱི་ཀུང་སིས་ཡུལ་སྐོར་ཚོགས་པར་རླངས་འཁོར་གླ་བར་ཡུལ་སྐོར་བ་ཉུང་དུས་ཡུལ་སྐོར་བ་མང་བའི་དུས་སྐབས་ཀྱི་རིན་གོང་ཕྱེད་ཀ་ལྟར་བྱེད།  ཁྲིན་ཏུའུ་ནས་འབྲས་གྲོང་གི་ལྗོངས་རྒྱུ་ཚོགས་པས་ཕར་ཚུར་གྱི་ལམ་བར་དུ་གཅོག་འཕྲི་གསུམ་གྱི་རིན་གོང་ལྟར་གནམ་གྲུའི་པ་སེ་ཉོས་ཆོག ཁྲིན་ཏུའུ་ནས་དར་རྩེ་མདོའི་བར་གྱི་ལྗོངས་རྒྱུ་ཚོགས་པས་ཕར་ཚུར་ལ་གཅོག་འཕྲི་གཉིས་དང་ཕྱེད་ཀའི་དམིགས་བསལ་སྲིད་ཇུས་ལོངས་སུ་སྤྱད་ཆོག 
མེ་ཏོག་རྣམ་པར་བཀྲ་བའི་ལམ་བར་མ་ཞང་།
             དགུན་ཁའི་དྲོད་འཇམ་གྱི་ཉི་འོད་ལ་དགའ་བའི་ཡུལ་སྐོར་བར་ཆ་མཚོན་ན། དཀར་མཛེས་ཁུལ་གྱིས་ཁྱབ་བསྒྲགས་བྱས་པའི་རྩེ་གྲའི་ཡུལ་སྐོར་ལམ་ཐིག་ནི་ཏ་ཏུའུ་ཆུ་བོའི་འགྲམ་རྒྱུད་ཀྱི་ཉི་འོད་ཕན་བདེའི་ཞིང་གྲོང་གི་ལྗོངས་རྒྱུ་ཞེས་པ་དེ་ཡིན། ལམ་ཐིག་དེ་ནི་ཁྲིན་ཏུའུ་གྲོང་ཁྱེར་ནས་ལྕགས་ཟམ་ཁ་དང་། དེ་ནས་བསྟན་པ་དང་ཞའོ་ཅིན་བརྒྱུད་ནས་ཁྲིན་ཏུའུ་ལ་འོང་བའི་ཡུལ་སྐོར་ལམ་ཐིག་ཤིག་ཡིན།  ཡུལ་སྐོར་ལམ་ཐིག་འདིའི་སྟེང་ནས་ལྗོངས་རྒྱུ་བས་སྔ་ཕྱིར་དུང་དཀར་རོང་མའོ་ཞི་གྲོང་བརྡལ་དང་། ལྕགས་ཟམ་ཁ། ཧུང་ཨན་གནའ་གྲོང་། ཀུའུ་ཨན་གྲོང་བརྡལ་ཡའུ་ཐུང་རྒྱུད་ཁུལ། བསྟན་པའི་རྡོ་མཁར། བར་ལམ་བོད་ཁྱིམ། བསྟན་པ་མཛེས་མའི་ལུང་པ་སོགས་ཁྱད་དུ་འཕགས་པའི་དཀར་མཛེས་ཡུལ་གྱི་ལྗོངས་རྒྱུ་ལྟེ་གནས་མཐོང་ཐུབ།  དེ་དང་མཉམ་དུ་ལོ་རྒྱུས་ཀྱི་མཛེས་པ་དང་། རང་བྱུང་གི་མཛེས་པ། དམངས་སྲོལ་གྱི་མཛེས་པ་སོགས་མྱོང་རོལ་བྱས་ཆོག 
             ཆུ་ཁོལ་ལ་མོས་ཤིང་མཐོ་སྒང་གི་ལྗོངས་ཁམས་ལ་ལྟད་མོར་ལྟ་བར་མོས་པའི་ཡུལ་སྐོར་པ་རྣམས་ལ། དུང་དཀར་ཁུག་དང་མི་རྒོད་མཚོ་ཡི་ཆུ་ཁོལ་ལྗོངས་རྒྱུ་ཞེས་པ་ངོ་སྤྲོད་བྱེད་པར་བྱ་སྟེ། ལྗོངས་ཁམས་འདིའི་ལམ་ཐིག་ནི་ཁྲིན་ཏུའུ་ནས་ལམ་ལ་ཆས་ཏེ། སྔ་རྗེས་སུ་ལྕགས་ཟམ་ཁ་དང་དུང་དཀར་ཁུག ཀྲུང་གོའི་རྡོ་དམར་གླིང་ཀ་དང་མི་རྒོད་མཚོ་སོགས་ཀྱི་ལྗོངས་ཁམས་ལ་ལྗོངས་རྒྱུ་བྱས་ནས་སླར་ཁྲིན་ཏུའུ་ལ་ལོག་ཆོག  ལྗོངས་རྒྱུའི་ལམ་ཐིག་འདི་ནས། ཡུལ་སྐོར་པ་རྣམས་ཀྱིས་འཛམ་གླིང་དུ་དཀོན་པའི་དུང་དཀར་ཁུག་གི་ལོ་ངོ་ཁྲི་ཕྲག་ལོན་པའི་འཁྱགས་ཀླུང་ལ་ལྟད་མོར་བལྟས་ཆོག་པ་མ་ཟད། དུང་དཀར་ཁུག་པའི་ཆུ་ཁོལ་ཏུ་ཉལ་ཆོག་པ་དང་།      མི་རྒོད་མཚོ་ནས་མཐོ་སྒང་གི་ཡུལ་སྲོལ་གོམས་གཤིས་ལ་ཐོག་མའི་རྒྱུས་ལོན་བྱེད་ཆོག 
དཔྱིད་ཀའི་བོད་ཁྱིམ། 
             སྒེར་གྱི་ཡུལ་སྐོར་དང་གངས་རི་ལ་མོས་པའི་ཡུལ་སྐོར་པ་རྣམས་ལ། མི་སྒེར་གྱི་འདབ་པ་ཡང་སྟེང་གི་ཡིད་འོང་གངས་རིའི་ཡུལ་སྐོར་ཞེས་པ་ངོ་སྤྲོད་བྱེད་པར་བྱ་སྟེ། ལྗོངས་རྒྱུའི་ལམ་ཐིག་འདི་བརྒྱུད་པར། ཡུལ་སྐོར་པ་རྣམས་ཀྱིས་ལམ་ཐིག་གཉིས་ལས་གཅིག་ཤོས་འདེམ་ཆོག་པ་སྟེ།  གནམ་གྲུ་ལ་འདུག་པ་དང་སྒེར་གྱི་རླངས་འཁོར་བསྐོར་བ། ཡང་ན་ལྗོངས་རྒྱུའི་ལམ་ཐིག་ཡོངས་སུ་སྒེར་གྱི་རླངས་འཁོར་བསྐོར་ཆོག གནམ་གྲུ་ལ་འདུག་པ་དང་སྒེར་གྱི་རླངས་འཁོར་བསྐོར་བའི་ལམ་ཐིག་ནི།  ཡུལ་སྐོར་པ་རྣམས་གནམ་གྲུར་བསྡད་དེ་འདམ་པ་ཡང་སྟེང་གི་གནམ་གྲུ་འབབ་ཐང་དུ་བསླེབས་རྗེས།  རླངས་འཁོར་ལ་བསྡད་དེ་འདབ་པ་ཡང་སྟེང་གི་ལྗོངས་ཁམས་ཁུལ་དང་ཕྱག་ཕྲེང་།  སྡེ་རོང་སོགས་ལ་ལྗོངས་རྒྱུ་བྱས་ནས། སླར་ཡོན་ནན་བདེ་ཆེན་ནས་གནམ་གྲུར་བསྡད་དེ་ཕྱིར་ལོག་ཆོག   སྒེར་གྱིས་རླངས་འཁོར་བསྐོར་ནས་ལྗོངས་རྒྱུ་བྱེད་པའི་ལམ་ཐིག་ནི།  ཁྲིན་ཏུའུ་ནས་ལམ་ལ་ཆས་ཏེ། དར་རྩེ་མདོ་དང་འདབ་པ་ཡང་སྟེང་། ལི་ཐང་སོགས་སུ་ཕྱིན་ཏེ།  སླར་དར་རྩེ་མདོ་དང་དུང་དཀར་ཁུག་བརྒྱུད་ནས་ཁྲིན་ཏུའུ་ལ་ལོག་ཆོག  འདིར་ངོ་སྤྲོད་བྱས་པའི་མི་སྒེར་གྱི་འདབ་པ་ཡང་སྟེང་གི་ཡིད་འོང་གངས་རིའི་ཡུལ་སྐོར་ཞེས་པའི་ལྗོངས་རྒྱུའི་ལམ་ཐིག་གཉིས་དེ་གངས་རིའི་མཛེས་ལྗོངས་ལ་ལྟད་མོར་ལྟ་རྒྱུ་གཙོ་བྱས།  རྩྭ་ཐང་གི་ལྗོངས་ཁམས་དང་། ཡུལ་སྡེའི་ལྗོངས་ཁམས་ཀྱང་འདུས་ཡོད་པ་རེད།
ཁུག་རྟའི་ལུང་ཤུར་གྱི་རྡོ་དམར་སྤྱི་གླིང་། 
             དཔྱིད་མགོར་ཡུལ་སྐོར་བྱེད་རྒྱུར་མོས་པའི་ཡུལ་སྐོར་པ་རྣམས་ལ།   དཔྱིད་དུས་ཀྱི་མེ་ཏོག་གི་ལྟད་མོ་བག་ཡངས་ཡུལ་སྐོར་ངོ་སྤྲོད་བྱེད་པར་བྱ་སྟེ།  ལྗོངས་རྒྱུའི་ལམ་ཐིག་འདི་ནི་ཁྲིན་ཏུའུ་ནས་ལམ་དུ་ཆས་ཏེ། སྔ་རྗེས་སུ་དུང་དཀར་ཁུག་དང་། ལྕགས་ཟམ་ཁ། རོང་བྲག་བཅས་བརྒྱུད་ནས། ཆུ་ཆེན་དང་འབར་ཁམས་བརྒྱུད་དེ་ཕྱིར་ཁྲིན་ཏུའུ་ལ་ལོག་ཆོག ལམ་ཐིག་འདིའི་མཚོ་ངོས་ཀྱི་མཐོ་ཚད་ཅུང་དམའ་ཞིང་། གནམ་གཤིས་ཀྱི་དྲོད་ཚད་ཅུང་མཐོ་བ་རེད།  ཡུལ་སྐོར་པ་རྣམས་ཀྱིས་ཤིང་སྟག་པའི་མེ་ཏོག་དང་སྐེ་ཚེའི་མེ་ཏོག  སིལ་རའི་མེ་ཏོག་ལ་ལྟད་མོར་བལྟས་ཆོག 
             ཤེས་གསལ་ལྟར་ན། དཀར་མཛེས་ས་ཁུལ་ནི་སི་ཁྲོན་ནུབ་རྒྱུད་ཀྱི་མཐོ་སྒང་དུ་གནས་ཤིང་། རྒྱ་བོད་འབྲེལ་འདྲེས་ཀྱི་ཐོག་མའི་ས་གནས་དང་། ཁམས་པའི་རིག་གནས་ཀྱི་ལྟེ་བའི་ས་ཁུལ་ཞིག་ཡིན་པ་རེད།  སྤྱི་ལེ་གྲུ་བཞི་མ་ཁྲི15.3ཡོད་པའི་ས་ཁུལ་འདི་ལ་གྲོང་རོང་མང་ཞིང་། གངས་རི་ཕྲེང་དུ་བསྟར་བ།   ནགས་ཚལ་སྟུག་ཅིང་། རྩྭ་ཐང་ལྷིང་འཇགས་དང་ཡིད་དུ་འོང་བ།  ནང་བསྟན་རིག་གནས་དང་སྐོར་བྲོའི་རིག་གནས།  མཛའ་གླུའི་རིག་གནས་དང་སྒོ་ཕྱུགས་ཀྱི་རིག་གནས་སོགས་རིག་གནས་སྣ་མང་མཉམ་དུ་འདུས་ཤིང་། སི་ཁྲོན་ཞིང་ཆེན་གྱི་ཆེས་སྣ་མང་ཕུན་སུམ་ཚོགས་པའི་ཡུལ་སྐོར་ལྗོངས་ཁུལ་ལས་གཅིག་ཤོས་ཡིན་པ་དང་། རྒྱ་ཆེའི་ཡུལ་སྐོར་པ་རྣམས་ཀྱིས་གྲོང་ཁྱེར་གྱི་དུད་སྨུག་དང་དབྱར་དུས་ཀྱི་ཚ་དྲོད། དགུན་དུས་ཀྱི་གྲང་ངར་ལ་ཡོལ་བ་དང་།  རི་མཐོའི་ཆུ་ཁོལ་ཏུ་ཉལ་བ།  འཁྱགས་ཀླུང་གི་ལྗོངས་ཁམས་དང་ཁམས་པའི་གླུ་གར་ལ་ལྟད་མོར་ལྟ་བ།  བོད་དབྱིའི་ཟས་རིགས་ཀྱི་བྲོ་བ་ལ་མྱོང་རོལ་བྱེད་པའི་ཡུལ་སྐོར་གནས་མཆོག་ཤིག་རེད།