ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

བོད་ལུགས་གསོ་རིག་གི་རིགས་གཅིག་མཁས་ཅན་བསོད་ནམས་དངོས་གྲུབ་ལ“ཀྲུང་གོའི་སྨན་པ་བཟང་པོའི”མཚན་སྙན་ཐོབ་པ།

སྤེལ་དུས 2019-01-17 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་14ཉིན། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་2018ལོའི་ཟླ་12པའི་ཟླ་འཁོར་གྱི་མི་སྣ་“ཀྲུང་གོའི་སྨན་པ་བཟང་པོ། ཀྲུང་གོའི་ནད་གཡོག་བཟང་པོ།”ཁྱབ་བསྒྲགས་བྱས་པ་རེད། ཁྱོན་ཕུལ་བྱུང་གི་སྨན་དོན་མི་སྣ་10དང་ཚོགས་པ་1ཡོད་པ་དང་། བོད་རང་སྐྱོང་ལྗོངས་སྨན་རྩིས་ཁང་གི་ཕྱི་བཅོས་ལྟེ་གནས་ཀྱི་ཀྲུང་རེན་བསོད་ནམས་དངོས་གྲུབ་དེའི་ནང་ཡོད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། བསོད་ནམས་དངོས་གྲུབ་ལ་དེ་སྔོན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤྲད་པའི“རྒྱལ་ཡོངས་ཀྱི་སྔོན་ཐོན་ལས་དོན་པ”དང“རྒྱལ་ཁབ་རིམ་པའི་ཀྲུང་ལུགས་གསོ་རིག་གི་གྲགས་ཅན་སྨན་པ་རྒན་གྲས”ཀྱི་མཚན་སྙན་ཐོབ་མྱོང་ཡོད་ལ། “རྒྱལ་ཡོངས་ཀྱི་སྨན་པའི་ཀུན་སྤྱོད་མིག་དཔེ”སོགས་ཀྱི་མཚན་སྙན་ཡང་ཐོབ་མྱོང་ཡོད་པ་རེད།     
            བསོད་ནམས་དངོས་གྲུབ་ཀྱིས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་སྨན་པ་བྱམས་པ་འཕྲིན་ལས་དང་།  བོད་ཀྱི་གསོ་བ་རིག་པའི་གྲགས་ཅན་རིགས་གཅིག་མཁས་ཅན་ཁྲོ་རུ་མཚོ་རྣམ།  ཐུབ་བསྟན་ཚེ་རིང་སོགས་དགེ་རྒན་བསྟེན་མྱོང་ཡོད། བོད་ཡིག་གི་བརྡ་རྙིང་དང་། རིག་གནས་ཆེ་བ་ལྔ་དང་ཆུང་བ་ལྔ། གནམ་རིག་སྐར་རྩིས་བཅས་འདུས་པའི་སྲོལ་རྒྱུན་གྱི་གཞུང་ལུགས་ཤེས་བྱ་སྦྱངས་ནས་ཁོང་དུ་ཆུབ་པ་བྱས་ཡོད་ལ། 《གསོ་རིག་རྒྱུད་བཞི》བྱང་ཆུབ་པ་ཡོད། ད་དུང་སྨན་བཅོས་ལག་ལེན་དང་སྨན་སྦྱོར་སོགས་ཐད་ལག་ལེན་རྒྱ་ཆེ་ལྡན་ཡོད་པ་རེད། ཁོང་གིས་སློབ་སྦྱོང་དང་ལག་ལེན་བྱས་པ་བརྒྱུད། བོད་སྨན་གྱི་དངུལ་ཆུ་བཙོ་སྦྱང་དང་དེ་མིན་རིན་ཆེན་རིགས་ཀྱི་སྨན་སྦྱོར། རིན་ཆེན་གྲང་སྦྱོར་སོགས་སྨན་ཀྱི་བསྡུ་སྦྱོར་གྱི་ལག་རྩལ་ཁོང་དུ་ཆུབ་པ་བྱས། ལག་ལེན་ཁྲོད་དུ་བསོད་ནམས་དངོས་གྲུབ་ཀྱིས་སྲོལ་རྒྱུན་གྱི་གསོ་བ་རིག་པའི་རྨང་གཞིའི་ཐོག་དེང་རབས་ཀྱི་གསོ་རིག་དང་ཕན་ཚུན་ལྟ་རྟོག་བྱས་ནས། རང་སྦྱོང་དང་།  ཟབ་སྦྱོང་། ཞིབ་འཇུག་སོགས་ཀྱི་ཐབས་ལམ་བརྒྱུད་གསོ་བ་རིག་པའི་ཤེས་བྱ་རྒྱུན་ཆད་མེད་པར་སྦྱངས་ཡོད་པ་རེད།
            ཤེས་རྟོགས་བྱུང་བར་གཞིགས་ན། 2008ལོ་ནས་བཟུང་། ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་གིས་རྒྱལ་ཡོངས་སུ་“ངས་འོས་སྦྱོར་བྱེད། ངས་ཉེ་འགྲམ་གྱི་མི་བཟང་པོར་དཔྱད་གླེང་བྱེད”ཅེས་པའི་བྱེད་སྒོ་སྤེལ་བ་དང་། དཔྱད་འདེམས་བྱེད་སྒོ་སྤེལ་ནས་ལོ་བཅུའི་ནང་།  འཕྲོད་བསྟེན་དང་འཆར་བཙའི་ལས་དོན་པའི་ཚོགས་སྤྱིར་དམིགས་ཐེངས་ཐོག་མ་ཡིན་པས་ཀྲུང་དབྱང་ཤེས་དཔལ་གཞུང་ལས་ཁང་དང་། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གིས་མཉམ་འབྲེལ་ཐོག་གཙོ་གཉེར་བྱས་ཏེ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་མིག་དཔེ་དང་ཉེ་འགྲམ་གྱི་མི་བཟང་པོ་སྟེ་“ཀྲུང་གོའི་སྨན་པ་བཟང་པོ། ཀྲུང་གོའི་ནད་གཡོག་བཟང་པོའི”དཔྱད་འདེམས་བྱེད་སྒོ་སྤེལ་བ་རེད། དེས་འཕྲོད་བསྟེན་དང་འཆར་བཙའི་ཁོངས་གཏོགས་ཀྱི་ཕུལ་བྱུང་སྨན་དོན་མི་སྣ་དང་སྔོན་ཐོན་དཔེ་མཚོན་དྲིལ་བསྒྲགས་དང་སྔོག་འདོན་བྱ་རྒྱུར་ཕན་པ་ཡོད་པ་རེད།