ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

བསྟན་འཛིན་ཉི་མས་རྨ་ལྷོའི་ཡུལ་སྐོར་སྤྱི་ཕན་ཕོ་ཉའི་འགན་བཞེས་པ།

སྤེལ་དུས 2019-04-17 ཡོང་ཁུངས། རྨ་ལྷོ་ཚགས་པར། རྩོམ་པ་པོ།

          རྨ་ལྷོ་བོད་ཡིག་ཚགས་པར་གྱི་འཕྲིན། ཟླ4བའི་ཚེས12ཉིན། 2019ལོའི་མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཡུལ་སྐོར་སྤྱི་ཕན་ཕོ་ཉའི་མིང་རྟགས་འགོད་པའི་མཛད་སྒོ་ཞིང་ཆེན་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་སུ་བསྡུས། 

          མིང་རྟགས་འགོད་པའི་མཛད་སྒོའི་སྟེང་། ཁུལ་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་དབང་གྲགས་ཀྱིས་ཤིས་ཚིག་ཕུལ།ཁོས་བཤད་རྒྱུར། རྨ་ལྷོ་ཁུལ་ནི་ཞིང་ཆེན་ཡོངས་ཀྱི་རིག་གནས་ཡུལ་སྐོར་ཐོན་ཁུངས་ཀྱི་འབེལ་འདུས་ས་ཁུལ་ཡིན་པས། རིག་གནས་ཀྱི་རྨང་མཐུག་པ་དང་། སྣ་མང་གི་དངོས་པོ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་བཀྲག་མདངས་རྣམ་པར་འཚེར་ལ། སྙན་པའི་གྲགས་པ་གོ་ལའི་ཁྱོན་དུ་ལྡིར་བའི“རེབ་གོང་སྒྱུ་རྩལ”རང་ཆས་སུ་མངའ་བས། ཨ་མདོའི་བོད་རིག་གནས་ཀྱི་ལྟེ་བར་འབོད་ཅིང་། བོད་ཆཱང་དབྱིའི་རིག་གནས་ཐོན་ལས་བར་ཁྱམས་ཀྱི་ལྟེ་བའི་ཁུལ་དང་ཀྲུང་གོའི་འགུགས་ཤུགས་ཆེས་ཆེ་བའི་རིག་གནས་ཡུལ་སྐོར་དམིགས་གནས་ཡིན་པ་དང་། རིག་གནས་པུའུ་ཡིས་མཆན་གནང་སྒོས་བཙུགས་པའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ཁུལ་ཨང་གསུམ་པ་སྟེ་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟ་ཁུལ་ཡང་ཡིན། མིག་སྔར། ཁུལ་ཡོངས་སུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་གཞི2  རྒྱལ་ཁབ་རིམ་པའི་ལས་གཞི6  ཞིང་ཆེན་རིམ་པའི་ལས་གཞི24  ཁུལ་རིམ་པའི་ལས་གཞི133བཅས་བསྡོམས་པས་གཟུགས་མེད་རིག་གནས་ཤུལ་བཞག་གི་ལས་གཞི165ཡོད་པ་དང་། ཁུལ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་རྒྱུན་འཛིན་པ་དང་བཟོ་རྩལ་མཛེས་རྩལ་མཁན་པོ500ལ་ཉེ་བ་ཡོད། བསྟན་འཛིན་ཉི་མས་རྨ་ལྷོའི་ཡུལ་སྐོར་སྤྱི་ཕན་ཕོ་ཉའི་འགན་བཞེས་པ་དང་། ཁོའི་མི་རིགས་གླུ་གར་ལས་རིགས་སུ་མངའ་བའི་སྣང་བརྙན་ཡག་པོ་དང་བསྒྲུན་བྲལ་གྱི་གྲགས་པ་ལ་བརྟེན་ནས། རྨ་ལྷོའི་རིག་གནས་ཡུལ་སྐོར་གྱི་དོ་ཁུར་ཚད་དང་མཚན་སྙན་སྔར་བས་མཐོར་འདེགས་སུ་གཏོང་བ་དང་། རིག་གནས་ཡུལ་སྐོར་དྲིལ་སྒྲོག་དང་རིག་རྩལ་སྤྱི་ཕན་མཉམ་བསྲེས་ཀྱི་བྱེད་སྟངས་ཐུན་མོང་མ་ཡིན་པ་གསར་བསྐྲུན་བྱེད་པར་འབད་པ་བྱ་རྒྱུ་ཡིན་ཟེར། 

          བསྟན་འཛིན་ཉི་མའི་བར་ཁེ་སྤྱི་གཉེར་ཁང་ཞིན་ཆི་རོལ་རྩེད་ཀྱི་སྤྱི་གཉེར་བ་ཝང་བེ་ཡིས་ཤིས་ཚིག་ཕུལ་བ་དང་། ཝང་བེ་དང་ཁུལ་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཅོན་གཉིས་ཀྱིས་ཕྱོགས་གཉིས་ཀྱི་ཚབ་བྱས་ཏེ་གྲོས་མཐུན་ཡི་གེ་ལ་མིང་རྟགས་བཀོད། 

          2018ལོའི“ཀྲུང་གོའི་གླུ་སྐད་སྙན་མོའི”རྒྱལ་ཡོངས་རྟིང་རྩོད་འགྲན་བསྡུར་གྱི་ཨང་དང་པོ་བཞེས་མཁན། རྨ་ལྷོ་ཁུལ་ཡུལ་སྐོར་སྤྱི་ཕན་ཕོ་ཉ་བསྟན་འཛིན་ཉི་མས་བཤད་རྒྱུར།“རང་ཉིད་ས་སྐྱེས་རྡོ་སྐྱེས་ཀྱི་རྨ་ལྷོའི་མི་ཞིག་ཡིན་པའི་ཆ་ནས།ཆུང་དུས་ནས་རེབ་གོང་རིག་གནས་ཀྱི་བག་ཆགས་དང་གསོ་སྐྱོང་གི་འོག་ནས་འཚར་ལོངས་བྱུང་བ་ཡིན་ལ། ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོལ་ལ་བྱས་རྗེས་མང་ཙམ་འཇོག་པ་དང་། རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་ཕ་ཡུལ་གྱི་རིག་གནས་ཡུལ་སྐོར་དྲིལ་སྒྲོག་གི་འཕེལ་རྒྱས་ལ་རམ་འདེགས་བྱེད་པར་འབད་རྒྱུ་ཡིན་ལ། དུས་མཚུངས་སུ་རང་ཉིད་རྨ་ལྷོ་ཁུལ་རིག་གནས་ཡུལ་སྐོར་དྲིལ་སྒྲོག་གི་སྤྱི་ཕན་ཕོ་ཉར་གདན་ཞུ་བྱས་པར་ཤིན་ཏུ་དགའ་བོ་བྱུང་བ་དང་། དེ་རིང་གི་ཁྱབ་སྤེལ་ཚོགས་འདུ་བདེ་བླག་ངང་འགྲུབ་ཐུབ་པ་དང་། ངའི་ཕ་ཡུལ་སྔར་བས་དར་རྒྱས་གོང་འཕེལ་དང་། མཛེས་སྡུག་འབྱོར་ཕྱུག་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། ཚང་མར་སྐུ་གཟུགས་གསལ་ཐང་དང་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ”ཟེར།

          ཐེངས་འདིའི་གྲོས་མཐུན་ལ་མིང་རྟགས་བཀོད་པ་ཡིས། རང་ཁུལ་གྱི་ཡུལ་སྐོར་ལས་རིགས་ལམ་ཚད་གསར་བ་ཞིག་ཏུ་བསྙེགས་པ་མཚོན་ཐུབ་པ་དང་། རྨ་ལྷོའི་ཡུལ་སྐོར་སྣང་བརྙན་དང་ཡུལ་སྐོར་ཐོན་ཁུངས་ཀྱི་ཕྱིར་གཏོང་དེ་རྒྱལ་ཡོངས་ཀྱི་འཐབ་ཇུས་བཀོད་སྒྲིག་ཁྲོད་བསྐྱོད་དེ་རྒྱུན་མཐུད་དང་།  བདེ་ཐང་། མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་ལེགས་པོ་བཏིངས་ལ། དུས་མཚུངས་སུ། རང་ཁུལ་གྱིས་ཐེངས་འདིའི་གོ་སྐབས་དང་བསྟུན་ནས་རང་ཉིད་ཀྱི་ཡིད་འཕྲོག་གི་ལྗོངས་རྣམ་དེ་གོ་ལའི་སྟེང་གི་སྔར་ལས་མང་བའི་མཐོ་སྒང་གི་མཛེས་ལྗོངས་ལ་དགའ་བ་དང་བོད་ཀྱི་རིག་གནས་ལ་དུངས་ཞེན་ཆེ་བའི་ལས་རིགས་ཁག་གི་མི་སྣར་སྟོན་ཐུབ་རྒྱུ་རེད།

གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རེབ་གོང་གི་སྲོལ་རྒྱུན་གླུ་གར་འཁྲབ་སྟོན་བྱེད་བཞིན་པ། 

          བསྟན་འཛིན་ཉི་མ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་རེབ་གོང་རྫོང་ཆུ་ཁོག་ཞང་མདོ་བ་གྲོང་ཚོ་ནས་སྐྱེས། 2015ལོར། “རབ་སྙན་གཞས་གདངས་སྡེབ་སྒྲོག”སྐབས་གསུམ་པར་ཞུགས་པ་དང་། 2018ལོའི་ཟླ7པར། “ཀྲུང་གོའི་སྐད་ངག་སྙན་མོ”ཡི་འགྲན་བསྡུར་ཁྲོད《གཟུགས་མེད་ཀྱི་དྲན་གདུང》ཞེས་པ་བླངས་ཏེ་མཛུབ་སྟོན་དགེ་རྒན་རྣམས་ཀྱི་དགའ་བསུ་ཆེན་པོ་ཐོབ་སྟེ་གླུ་བ་གྲགས་ཅན་ལི་ཅཱན་གྱི་སློབ་མར་བསྡུས། 2018ལོའི་ཟླ10བའི་ཚེས7ཉིན། 2018ལོའི“ཀྲུང་གོའི་སྐད་ངག་སྙན་མོ”ཡི་ཨང་དང་པོ་བླངས། མིག་སྔར་མཚོ་སྔོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཡིན།