ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > ཆོས་ལུགས། > དགོན་སྡེ།

སྤོས་ལྡན་དགོན།

སྤེལ་དུས 2018-12-28 ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ། རྩོམ་པ་པོ། རྣམ་དཀར་ལྷ་མོ།
            ངར་ལྕགས་དང་ཨར་འདམ་གྱིས་བསྐྲུན་པའི་གྲོང་ཁྱེར་འདིའི་མཁའ་དབུགས་ལ་བརླན་གཤེར་གྱིས་ཁེངས་འདུག ཞོགས་ཟས་སྟབས་བདེ་ཞིག་ལ་རོལ་རྗེས། ངས་གཟའ་མཇུག་འདི་ཇི་ལྟར་རོལ་དགོས་པའི་ཐད་ལ་བསམ་བློ་བཏང་བ་ཡིན། ང་དང་འདྲ་བའི་གྲོང་ཁྱེར་འདིར་ལས་ཞུགས་བྱེད་བཞིན་པའི་མི་མང་པོ་ཞིག་གིས་ཀྱང་འདི་ལྟར་གཟའ་མཇུག་ཅི་ལྟར་རོལ་དགོས་པའི་ཐད་ལ་བསམ་བློ་བཏང་མྱངས་ཡང་སྲིད།
            ང་ལ་ཐེ་ཚོམ་ཅི་ཡང་མེད་པར་པར་ཆས་རྒྱབ་ཏུ་ཁུར་ནས་གྲོང་ཁྱེར་འདིའི་མཐའ་རོལ་ན་ལྷིང་འཇགས་སུ་གནས་པའི་སྤོས་ལྡན་དགོན་གྱི་ཕྱོགས་སུ་ཆས། ང་གྲོག་མ་བཞིན་འདུར་རྒྱུགས་བྱེད་བཞིན་པའི་མི་ཚོགས་དང་གཙང་པོ་བཞིན་མདུན་དུ་བཞུར་བཞིན་པའི་རླངས་འཁོར་དག་ལ་ཅེར་ནས་རང་དབང་མེད་པར་གྲོང་ཁྱེར་འདིའི་གནམ་གཤིས་ལ་སེམས་ཁྲལ་བྱས། འདུ་འཛི་རྒོད་པའི་གྲོང་ཁྱེར་འདིའི་བསྟི་གནས་སུ་འཁུམས་པའི་སྤོས་ལྡན་དགོན་པ་ནི་ཐང་རྒྱལ་རབས་ཀྱི་ཀྲེན་ཀོང་ལོ་རབས་སུ་(སྤྱི་ལོ་627ནས་649ཡི་བར།)གསར་དུ་བསྐྲུན་པ་ཡིན་ལ། ཐོག་མར་ཅན་ཡོན་དགོན་ཞེས་ཏེ་ཐང་ཞི་ཙུང་གིས་ཀྲའོ་ཅོ་དགོན་ཞེས་མཚན་གསོལ་བ་དང་། མིང་རྒྱལ་རབས་ཀྱི་དུས་མཇུག་ཏུ་དམག་འཁྲུག་ཁྲོད་གཏོར་བརླག་ཚབས་ཆེན་ཐེབས། ཆིང་རྒྱལ་རབས་ཀྱི་དུས་སུ་བསྐྱར་སྐྲུན་བྱས་ཤིང་རྨོ་ཞིང་འདེབས་པ་དང་སྡོང་པོ་འཛུགས་པ། ཆུ་རགས་བརྒྱབ་སྟེ་ཞིང་ཆུ་དྲངས་ནས་ཁྲོན་ནུབ་ཀྱི་ནགས་ཚལ་གླིང་ག་དང་པོར་གྱུར་ཞིང་ད་ལྟའི་རྣམ་པ་འདི་ཆགས་པ་རེད། 
            ཐུན་མིན་གྱི་འཛུགས་སྐྲུན་ནི་དགོན་པའི་ཁྱད་ཆོས་ཤིག་སྟེ་དགོན་པའི་འཛུགས་སྐྲུན་ལ་གཙོ་བོར་ཧྲན་མོན་སྒོ་ཆེན། ཟུར་བརྒྱད་བསིལ་ར། རྣམ་སྲས་ཀྱི་ལྷ་ཁང་།  བྱང་ཆུབ་ལྷ་ཁང་། སྒྲོལ་མའི་ལྷ་ཁང་། མྱང་འདས་ཁང་། སངས་རྒྱས་ཀྱི་ཐོག་ཁང་དང་དུར་ས་སོགས་ཏེ། ལྷོ་ནུབ་ས་ཁུལ་གྱི་གཞི་རྒྱ་ཆེས་ཆེ་ཞིང་བརྗིད་ཆགས་པའི་ལྷ་ཁང་ཞིག་ཡིན།  
            ངག་རྒྱུན་ཞིག་ལ་དགོན་པ་དེའི་མཚན་ལ་སྤོས་ལྡན་དགོན་ཞེས་སྔོན་སངས་རྒྱས་ཆོས་འཕགས་གནས་དེར་བྱོན་ནས་རྒྱ་ནག་ཏུ་ཆོས་གསུང་སྐབས་དགོན་པ་དེ་བཞེངས་པ་དང་མཚན་གསོལ་བ་ཡིན་ཞེས་གྲགས། སྤོས་ལྡན་དགོན་པས་ཀྲུང་གོའི་ནང་བསྟན་ཆོས་ལུགས་ཀྱི་ལོ་རྒྱུས་སུ་གོ་གནས་གལ་ཆེན་བཟུང་ཡོད་པར་མ་ཟད་ཀྲུང་གོ་དང་ཕྱི་གླིང་གི་རིག་གནས་བརྗེ་རེས་ཀྱི་ལོ་རྒྱུས་ཐོག་བྱས་རྗེས་ཆེན་པོ་བཞག་ཡོད།  
            དུས་ད་ལྟའི་བར་དུ། འཇར་པན་དང་ཨེ་ཤ་ཡ་ཤར་ལྷོའི་ས་ཁུལ་གྱི་ནང་བསྟན་དགོན་པ་མང་པོ་ཞིག་གི་མ་དགོན་དུ་ངོས་འཛིན་ཡོད་པ་དང་། ལྷག་པར་དུ་རྟོགས་ལྡན་གྱི་སློབ་དཔོན་ཆེན་མོས་བརྩམས་མཛད་གནང་བའི་《ཏིང་ངེ་འཛིན་གྱི་བྱིན་གྱིས་བརླབས་པའི་ཇ།》ཞེས་པ་དེ་འཇར་པན་དུ་དར་ནས་བགྲང་བྱ་300ལྷག་ཟིན་ཏེ་ད་ལྟའང་འཇར་པན་ཇའི་ལས་རིགས་ཀྱི་ནོར་བུ་ལྟ་བུར་ཆགས་ཡོད། །