ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

རྒྱལ་སྤྱིའི་སྲིད་དོན་མི་སྣ་གལ་ཆེན་གྱི་ལོ་གསར་སྨོན་ཚིག་ལས་འཛམ་གླིང་དུས་བབ་ཀྱི་འཕེལ་ཕྱོགས་རྟོགས་པ།

སྤེལ་དུས 2019-01-07 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
              2019ལོ་འཆར་བ་དང་སྦྲགས་འཛམ་གླིང་རྒྱལ་ཁབ་ཁག་གི་སྲིད་དོན་མི་སྣ་གལ་ཆེན་གྱིས་ཤིས་ཚིག་གཅིག་རྗེས་གཉིས་མཐུད་ངང་བསྒྲོན་ནས་ལོ་གསར་པར་འཆང་བའི་རེ་བ་མཚོན་པར་བྱས་ཡོད། ཁོང་ཚོའི་མྱོང་ཚོར་དང་བསམ་ཚུལ་ཁྲོད་ནས་དེང་གི་འཛམ་གླིང་དུས་བབ་ཀྱི་འཕེལ་ཕྱོགས་རགས་ཙམ་ཚོར་ཐུབ་པ་དང་། མི་རྣམས་ལ་དེའི་ཁྲོད་ནས་སེམས་ཁྲལ་དང་། འབོད་སྐུལ། དེ་བཞིན་མདུན་སྐྱོད་ཀྱི་རེ་བ་དང་སྟོབས་ཤུགས་ལ་སོགས་པའི་བསམ་པའི་འཆར་སྒོ་ཇི་སྙེད་ཅིག་བྱུང་ཡོད།
              ཞི་བདེར་རེ་འབོད་བྱེད་པ་ནི་འཛམ་གླིང་ཐོག་ཀུན་གྱིས་དོ་སྣང་བྱེད་ཡུལ་གྱི་ས་ཆའི་ཐུན་མོང་གི་རེ་སྒུག་ཅིག་ཡིན་ཞིང་། ཁྲའོ་ཞན་གྱི་ཆེས་མཐོའི་འགོ་ཁྲིད་པ་ཅིན་ཀྲེང་ཨེན་གྱིས་ཕྱེད་གླིང་དུ་ཉིང་རྡུལ་མཚོན་ཆ་རྦད་དེ་མེད་པ་བཟོ་རྒྱུ་ནི་ཁྲའོ་ཞན་གྱི་ཏང་དང་སྲིད་གཞུང་གི་འགྱུར་མེད་ལངས་ཕྱོགས་ཤིག་ཡིན་ཞེས་བརྗོད་ཡོད། དེའི་ཆེད་ཁྲའོ་ཞན་ཕྱོགས་ཀྱིས་ཉིང་རྡུལ་མཚོན་ཆ་མི་བཟོ་བ་དང་ཚོད་ལྟ་མི་བྱེད་པ་མ་ཟད། བེད་སྤྱོད་མི་བྱ་བ་དང་མ་མཆེད་པ་བྱ་རྒྱུ་ཁྱབ་བསྒྲགས་བྱས་ཡོད། གཞན་ཡང་སི་རི་ཡའི་དུས་བབ་ལེགས་སུ་མངོན་གསལ་དོད་པོ་ཕྱིན་པ་དང་། ཡེ་མོན་གྱི་གནས་བབ་ཞི་ལྷོད་དུ་ཕྱིན་པ། ལྷོ་སུའུ་ཏན་གྱི་གདོང་ཐུག་གི་ཕྱོགས་ཁག་དབར་གྲོས་མཐུན་བྱུང་ཡོད། དེ་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ལོ་གསར་པའི་གསུང་བཤད་གནང་སྐབས་འགྲན་སློང་རབ་དང་རིམ་པ་ཡོད་ནའང་རེ་བ་འཆང་བར་གནས་ལུགས་ལྡན་ཡོད་ཅེས་བརྗོད་པར་རྒྱུ་མཚན་ཡང་ཡོད།
              མཉམ་ལས་ལ་འབོད་སྐུལ་བྱེད་པ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་རེ་འབོད་གཙོ་བོ་ཡིན་ཞིང་། དེང་གི་འཛམ་གླིང་ལ་ལྟ་སྐབས། འཛམ་གླིང་དམག་ཆེན་གཉིས་པའི་རྗེས་བཟོས་པའི་རྒྱལ་སྤྱིའི་སྒྲིག་ལམ་ལ་མི་མཐུན་པའི་ཆ་འཕྲད་ནས་ཕྱོགས་རྐྱང་རིང་ལུགས་དང་། སྲུང་སྐྱོང་རིང་ལུགས། ཁེར་རྐྱང་རིང་ལུགས་བཅས་ཀྱི་མགོ་བོ་ཟམ་མི་ཆད་པར་འབུས་ནས་རྒྱལ་སྤྱིའི་སྒྲིག་ལམ་གྱི“ལྷིང་འཇགས་རྫིང་བུ”ཉག་ཉོག་བཟོ་བཞིན་ཡོད། དེས་རྐྱེན་པས་ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོ་ཅན་དང་ཕྱོགས་མང་རིང་ལུགས་ལ་སྲུང་སྐྱོང་བྱ་རྒྱུ་དེ་ཉིད་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྔར་ན་མེད་པའི་རེ་འབོད་དྲག་པོ་ཞིག་ཏུ་གྱུར་ཡོད། འཇར་མན་གྱི་ཙུང་ལི་མོ་ཁེར་གྱི་ལོ་གསར་པའི་སྨོན་ཚིག་ནང་འབྲེལ་ཡོད་རྒྱལ་ཁབ་ལ་འཛམ་གླིང་དམག་ཆེན་ཐེངས་གཉིས་ཀྱི་བསླབ་བྱ་མ་བརྗེད་པ་བྱས་ནས་རྒྱལ་ཁབ་གཞན་གྱི་ཁེ་ཕན་ལ་བསམ་བློ་གཏོང་དགོས་པའི་ལྕག་སྐུལ་བྱས་ཡོད། ཁོང་གིས་རང་ཉིད་ཀྱི་ཁེ་ཕན་ཆེད་དུ་རྒྱལ་ཁབ་ཁག་གིས་ངེས་པར་དུ་འགན་འཁྲི་སྔར་ལས་མང་བ་འཁུར་དགོས་པའི་འབོད་སྐུལ་བྱས་ཡོད་ལ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་ཀུ་ཐེ་ལེ་སིས་ཀྱང་ལོ་གསར་པ་འཆར་རིམ་བཞིན་གྱི་ཁོང་གི་ཤིས་ཚིག་ནང་རྒྱལ་ཁབ་ཁག་གིས་མཐུན་སྒྲིལ་ལ་ཤུགས་སྣོན་དང་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པའི་འབོད་སྐུལ་ཡང་སེ་བྱེད་ཀྱི་ཡོད།
              བརྟན་ལྷིང་ཡོང་རེ་བྱེད་པ་ནི་ཡོ་རོབ་ཀྱི་རྒྱལ་ཁབ་མང་པོའི་མིག་སྔའི་རེ་འབོད་ཆེ་ཤོས་དེ་ཡིན་ཞིང་། ཙུང་ལི་མོ་ཁེར་གྱིས་ཀྱང་ཡིད་ཕམ་པའི་ངང“འཇར་མན་གྱི་སྤྱི་ཚོགས་ཐོག་མི་མཐུན་པའི་ཆ་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་བརྗོད་ཀྱི་ཡོད། གྲུབ་ཆ་ཅན་གྱི་ཁེ་ཕན་དོ་སྙོམས་མེད་པ་དང་། ཆབ་སྲིད་ཁོར་ཡུག་ཞན་དུ་ཕྱིན་པ། གནས་སྤོས་ཡུལ་མིའི་གནད་དོན་སོགས་ཀྱིས་ནུབ་ཕྱོགས་སྤྱི་ཚོགས་ལ་དཀའ་རྙོག་བཟོ་བཞིན་ཡོད། འུར་སྒྲ་ཆེ་བའི་དམངས་འདོད་རིང་ལུགས་ཀྱི་བཙན་ཁྲིད་འོག་མིག་རྒྱང་ཐུང་བ་དང་ཁེ་ཕན་ཁོ་ན་གཙིགས་ཆེར་འཛིན་པའི་ཆབ་སྲིད་ཀྱི་མགོ་བདེ་དྲན་འཁྲུལ་ཡང་སེ་ཐོན་ནས་ཕུགས་ལ་དམིགས་པའི་སྒྱུར་བཅོས་ཀྱི་གོམ་སྟབས་སྤོ་ཁག་པོ་ཆགས་ཡོད། ལོ་གསར་པའི་སྨོན་ཚིག་དོན་དངོས་དང་ཕན་ནུས་ལྡན་པའི་སྲིད་ཇུས་ཀྱི་ལག་ལེན་ཐོག་འཁྱོལ་བར་ཕལ་ཆེར་ད་དུང་ལམ་ཐག་རིང་པོ་ཞིག་འགྲོ་དགོས་ངེས་རེད།
              དམངས་འཚོ་དོན་གཉེར་ནི་འགོ་ཁྲིད་མི་སྣ་མང་པོ་ཞིག་གི་དམིགས་ཚད་ཡིན་ཞིང་། མ་གཞི་ནུབ་ཕྱོགས་ཀྱི་བཀག་སྡོམ་དང་ཨུ་རུ་སུ་དང་ཡུག་རེན་གྱི་གདོང་ཐུག་སོགས་ཀྱི་འགྲན་སློང་དང་གནད་དོན་གྱི་དཀའ་རྙོག་འཕྲད་ཡོད་ནའང་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གི་ལོ་གསར་པའི་གསུང་བཤད་ནང་སྔར་རྒྱུན་བཞིན་དམངས་སེམས་གཅིག་སྒྲིལ་ལ་གཞོལ་རྒྱུ་ཡིན་ལུགས་བརྗོད་པ་དང་། ཁོང་གིས་ཨུ་རུ་སུས་རྒྱལ་ཁབ་དར་རྒྱས་དང་དམངས་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོར་གཏོང་ལ་སྐུལ་འདེད་གཏོང་བའི་དམིགས་ཚད་མངོན་འགྱུར་བྱེད་པར“ང་ཚོ་རང་ཉིད་ཀྱི་འབད་བརྩོན་དང་། ཕན་ཚུན་མཉམ་ལས་དང་ཐུན་མོང་འབད་འཐབ་ལ་བརྟེན་རྒྱུ”ལས་མ་འདས་ཞེས་བརྗོད་ཡོད།
              རྙོག་འཛིང་ཆེ་བའི་འཛམ་གླིང་གི་དུས་བབ་ཁྲོད་ཀྲུང་གོ་ནི་ཐོག་མཐའ་བར་གསུམ་དུ་མི་སེམས་བརྟན་པོ་ཡོང་བའི་སྟོབས་ཤུགས་ཤིག་ཡིན། རྒྱལ་ནང་གི་བྱ་གཞག་ཁག་ལ་སྐུལ་འདེད་བརྟན་པོ་བཏང་བ་དང་ཆབས་ཅིག་རྒྱལ་སྤྱིའི་གར་སྟེགས་ཐོག་ཀྲུང་གོས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ཡོད། ལོ་གསར་པའི་ནང་ཀྲུང་གོས་འཛམ་གླིང་ལ་མི་སེམས་འགུལ་བའི་བརྡ་རྟགས་གསལ་པོ་ཞིག་བཏང་བ་སྟེ། ཀྲུང་གོ་མི་དམངས་ཀྱིས་མུ་མཐུད་རྡོག་རྩ་གཅིག་སྒྲིལ་བྱས་ནས་རང་ཉིད་ཀྱི་བྱ་བ་ཡག་པོ་བསྒྲུབ་རྒྱུ་དང་། མུ་མཐུད་འཛམ་གླིང་གི་ཐུན་མོང་བདེ་རྩ་ཆེ་རུ་གཏོང་བའི་ཆེད་བློ་ནུས་ཅི་ཡོད་འདོན་རྒྱུ་ཡིན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཅི་འདྲ་བྱུང་ནའང་ཀྲུང་གོས་འཛམ་གླིང་གི་ཞི་བདེ་སྲུང་སྐྱོང་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞུང་སེམས་དྲང་པོ་དང་ཀུན་སློང་བཟང་པོར་འགྱུར་ལྡོག་ཡོང་མི་སྲིད་པ་དེ་རེད།
              དེང་གི་འཛམ་གླིང་ཐོག་གནད་དོན་མང་པོ་ཡོད་པས་ང་ཚོས་ཇི་ལྟར་བྱེད་དགོས་སམ་ཞེ་ན། རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣའི་ལོ་གསར་པའི་སྨོན་ཚིག་ཁྲོད་ནས་ང་ཚོས་འཛམ་གླིང་འདིར་ཞི་བདེ་བརྟན་སྲུང་དང་། མཐུན་སྒྲིལ་གྱི་སྙིང་སྟོབས། ཕུགས་ཀྱི་འཆར་གཞི། འཕེལ་རྒྱས་ཀྱི་ངེས་ཤུགས་བཅས་དགོས་པ་དང་། དེ་ལྟར་བྱུང་ཚེ་གཞི་ནས་དཀའ་རྙོག་བསལ་ཐུབ་ནས་བློ་བརྟན་འགྱུར་མེད་ངང་མདུན་སྐྱོད་བྱས་ཏེ་དེ་བས་བརྟན་ལྷིང་དང་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་སྐྱོད་ཐུབ་པའི་བསམ་ཚུལ་ཞིག་རྙེད་ངེས་རེད།