ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་མཉམ་དུ་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྱོང་ཚད་ལྡན་ཞེས་པ་ཡོངས་བསྒྲགས་བྱས་པ།

སྤེལ་དུས 2019-01-18 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
               སྤྱི་ཚེས་15ཉིན་ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་མཉམ་དུ་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་འཛུགས་སྐྱོང་ཚད་ལྡན་ཞེས་པ་ཡོངས་བསྒྲགས་བྱས་ནས། ལས་སྒོའི་དགོས་མཁོས་སྣེ་ཁྲིད་བྱེད་པ་དང་། རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ལག་རྩལ་མ་ལག་གི་སྤྱིའི་སྒྲོམ་གཞི་དང་ནུས་པའི་བླང་བྱ། དྲ་བའི་བདེ་འཇགས། འཁོར་སྐྱོད་སྲུང་སྐྱོང་། ལྟ་སྐུལ་ཚད་ལེན་བཅས་ཐད་ཚད་ལྡན་བཟོས་པ་དང་། རྨང་གཞིའི་སྒྲིག་བཀོད་ཆ་སྦྱོར་དང་། འགག་རྩའི་དམིགས་ཚད། རྩིས་ལེན་ཚོད་ལྟ་བཅས་ཐད་བླང་བྱ་བཏོན་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའི་མཛུབ་ཁྲིད་འོག རྒྱལ་ཁབ་རླུང་འཕྲིན་གློག་བརྙན་བརྙན་འཕྲིན་སྤྱི་ཁྱབ་ཅུད་ཀྱིས་ད་དུང་རླུང་འཕྲིན་བརྙན་འཕྲིན་ལས་སྒོའི་ཚད་གཞི་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་དང་ཞིང་ཆེན་རིམ་པའི་ལག་རྩལ་སྟེགས་བུའི་ཚད་ལྡན་བླང་བྱ་ཞེས་པ་ཡོངས་བསྒྲགས་བྱས་པ་དང་། རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ལས་སྒོ་གཉེར་རྒྱུས་དམིགས་ཡུལ་བྱས་ཏེ། ཞིང་ཆེན་རིམ་པའི་ལག་རྩལ་སྟེགས་བུར་ལྡན་དགོས་པའི་ཞབས་ཞུ་དང་ཡོ་བྱད། ནུས་པ་སོགས་ཐད་བླང་བྱ་བཏོན་པ་མ་ཟད། ཞིང་ཆེན་དང་རྫོང་རིམ་པ་གཉིས་ཀྱི་སྟེགས་བུའི་གྲངས་གཞིའི་མཐུད་སྣེ་གཏན་འབེབས་བྱས་ཡོད། ཚད་ལྡན་དང་ཚད་གཞི་དེ་གཉིས་པོས་ས་གནས་ཁག་ཏུ་རྫོང་རིམ་པའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་དང་ཞིང་ཆེན་རིམ་པའི་ལག་རྩལ་སྟེགས་བུ་འཛུགས་རྒྱུར་མཛུབ་ཁྲིད་དང་གཞི་འཛིན་ས་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།