ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

གནད་དོན་ལ་ཁ་གཏད་གཅོག་ཕོད་པ་བྱས་ཏེ་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱེད་དགོས། ​ —— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་ གསུམ་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུའི་སྐོར་གླེང་བ།

སྤེལ་དུས 2019-01-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། མི་དམངས་ཉིན་རེའི་ཚགས་པར་གྱི་དཔྱད་གཏམ་མཁན་གྱིས།
              སྤྱིར་བཏང་མིན་པའི་གྲུབ་འབྲས་ནི་གཞན་ལས་རྒྱལ་རྒྱུ་དེ་མིན་པར་རང་ཉིད་ལས་རྣམ་པར་རྒྱལ་རྒྱུ་དེ་རེད། ཆེས་རྩ་ཆེའི་མཐའ་འཁྱོངས་ནི་ཡུན་རིང་བཞུན་བརྡར་བྱ་རྒྱུ་དེ་མིན་པར་ཐོག་མའི་བསམ་འདུན་ནམ་ཡང་གནས་པ་བྱ་རྒྱུ་དེ་རེད།
              “ངེས་པར་དུ་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ཏང་ཡོངས་གོམ་སྟབས་གཅིག་མཚུངས་དང་བྱ་སྤྱོད་གཅིག་མཐུན་ཡོང་རྒྱུ་འགན་ལེན་བྱེད་དགོས་པ་དང་། 
              ངེས་པར་དུ་རྒྱལ་ཁབ་སྐྱོང་བར་སྔོན་ལ་ཏང་སྐྱོང་བ་དང་ཏང་སྐྱོང་བར་ངེས་པར་དུ་དམ་ནན་མཐའ་འཁྱོངས་ཀྱིས་ཏང་འདི་ཉིད་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཆུ་གཞུང་གི་གཞོམ་མེད་བྲག་རི་ལྟ་བུར་འགྱུར་བའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་མཐའ་འཁྱོངས་ཀྱིས་སྤྱི་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་སྒྱུར་བཅོས་གསར་གཏོད་དང་དཀའ་སྤྱད་འབད་འཐབ་ཀྱི་སྤྱོད་ཚུལ་མཐའ་འཁྱོངས་བྱས་ནས། རང་རེའི་ཏང་ཐོག་མཐའ་བར་གསུམ་དུ་དུས་རབས་ཀྱི་མདུན་གྲལ་དུ་སླེབས་པའི་འགན་ལེན་བྱེད་དགོས་པ། ངེས་པར་དུ་སྒྱིད་ལུག་རུལ་སུངས་ཀྱི་སྣང་ཚུལ་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་སྤྱོད་གཙང་གཞུང་དྲང་གི་རང་རེའི་ཏང་གི་ཆབ་སྲིད་ཀྱི་ངོ་བོ་ནམ་ཡང་མི་ཉམས་པའི་འགན་ལེན་བྱེད་དགོས” སྐབས་བཅུ་དགུ་པའི་ཀྲུང་དབྱང་སྒྲིག་ཨུད་ཀྱི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ངེས་པར་དུ་ལྔ”ཡིས་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40རིང་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཏང་ལ་དོ་དམ་དང་ཏང་ནན་པོས་སྐྱོང་བའི་རྩ་ཆེའི་ཉམས་མྱོང་ཕྱོགས་སྡོམ་གཏིང་ཟབ་གནང་ཡོད། ཚན་རིག་དང་མཐུན་པའི་ཕྱོགས་སྡོམ་དེས་རང་རེའི་ཏང་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཆོས་ཉིད་རང་བཞིན་གྱི་ངོས་འཛིན་དེ་མཐོ་ཚད་གསར་པ་ཞིག་ཏུ་མཐོར་འདེགས་བྱ་རྒྱུ་དང་དུས་རབས་གསར་པར་ང་ཚོས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་མུ་མཐུད་སྐུལ་འདེད་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་རྒོལ་འཐབ་རྩོད་ལ་མུ་མཐུད་སྐུལ་འདེད་གཏོང་བར་གཞི་འཛིན་ས་གལ་ཆེན་མཁོ་འདོན་བྱ་རྒྱུ་རེད།
              “ལྕགས་རྡུང་བར་ཐོ་བ་མཁྲེགས་དགོས”གང་འདྲ་བྱས་ཏེ“ཐོ་བ་མཁྲེགས་དགོས་སམ”འགག་རྩ་ནི་རང་ཉིད་ལ་ལྷག་པའི་གནད་དོན་ལ་ཁ་གཏད་གཅོག་ཕོད་པ་བྱས་ཏེ་རང་ངོས་གསར་བརྗེའི་སྙིང་སྟོབས་ཀྱིས་རང་ཉིད་ལ་སྦྱོང་བརྡར་སྤྲོད་དགོས། སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་40སོང་བའི་ལོ་རྒྱུས་ལ་ཕྱིར་མིག་ལྟ་སྐབས། སྤྱི་ཚོགས་གསར་བརྗེ་བྱས་པ་དང་ཆབས་ཅིག་རང་ངོས་གསར་བརྗེ་རྒྱུན་ཆད་མེད་པར་བྱས་པ་དེ་ནི་རང་རེའི་ཏང་དང་སྲིད་ཏང་གཞན་དབར་མི་འདྲ་བའི་མཚོན་རྟགས་མངོན་གསལ་དོད་ཤོས་ཡིན་ལ། རང་རེའི་ཏང་གིས་རྒྱུན་ཆད་མེད་པར་རྒྱལ་ཁ་ནས་རྒྱལ་ཁ་གསར་པའི་ཕྱོགས་སུ་སྐྱོད་པའི་འགག་རྩ་ཡིན་པ་ང་ཚོས་གསལ་པོར་མཐོང་ཐུབ། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་གྲི་དངོ་ནང་ལ་ཕྱོགས་པའི་བློ་སྟོབས་ཀྱིས་ཏང་ནང་གི་བཅོས་དཀའ་བའི་ནད་གཤགས་བཅོས་བྱས་པ་དང་གནམ་ལྕགས་ཐོག་བབ་ཀྱི་རྣམ་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྐུལ་འདེད་བཏང་བ། གཟེར་འདེབས་ཀྱི་སྙིང་སྟོབས་ཐོག་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་བླང་བྱ་དོན་འཁྱོལ་ཞིབ་ཚགས་བཅས་བྱས་ནས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་བར་སྐུལ་འདེད་བཏང་ཡོད། ལོ་40ཡི་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ཉམས་མྱོང་ལས། ང་ཚོར་ངེས་པར་དུ་རྒྱུན་ཆད་མེད་པར་རང་ངོས་གསར་བརྗེ་བྱས་ཏེ། ཏང་གི་སྔོན་ཐོན་རང་བཞིན་ལ་ཤུགས་རྐྱེན་བཟོ་བ་དང་ཏང་གི་དྭངས་གཙང་རང་བཞིན་ཉམས་ཞན་དུ་གཏོང་བའི་གནད་དོན་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱས་ནས་ང་ཚོར་རང་ངོས་གཙང་སེལ་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་མངོན་འགྱུར་གཏིང་ཟབ་བྱེད་དགོས་པ་བསྟན་ཡོད།
              རང་ངོས་གསར་བརྗེ་བྱེད་ཕོད་པ་དེ་ནི་རང་རེའི་ཏང་གི་ཆེས་མངོན་གསལ་དོད་པའི་ཀུན་སྤྱོད་ཅིག་རེད་ལ། རང་རེའི་ཏང་གི་ལེགས་ཆ་ཆེ་ཤོས་དེའང་རེད། རང་རེའི་ཏང་གི་ངོས་ནས་བརྗོད་ན། “ངེས་པར་དུ་ལྔ”ནི་རང་ངོས་གསར་བརྗེ་བྱས་པའི་འབྲས་བུ་ཞིག་རེད་ལ། རྒྱུན་ཆད་མེད་པར་རང་ངོས་གསར་བརྗེའི་འགོ་འཛུགས་དེའང་རེད། “ངེས་པར་དུ་ལྔ”མཐའ་འཁྱོངས་བྱེད་པར། འགག་རྩ་ནི་ལག་ལེན་བྱེད་རིང“རང་ངོས་བཞི”མངོན་འགྱུར་བྱེད་དགོས། རང་ངོས་གཙང་སེལ་བྱེད་དགོས་ན། ཛ་ཛོར་གཙང་གསིང་དང་། དུག་རྒྱུ་མེད་པར་བཟོ་བ། དུག་སྐྲན་འགོག་པ་བཅས་བྱེད་དགོས། རང་ངོས་འཐུང་ཚང་ཡོང་བར་བྱེད་དགོས་ན། གཟུགས་པོ་གསོ་བ་དང་། ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ནུས་པ་ཕུན་སུམ་ཇེ་ཚོགས་སུ་གཏོང་བ་བཅས་བྱེད་དགོས། རང་ངོས་གསར་བཅོས་བྱེད་དགོས་ན། དུས་བསྟུན་འཕེལ་རྒྱས་དང་རང་ཉིད་ལས་རྒྱལ་བར་བྱེད་དགོས། རང་ངོས་མཐོ་རུ་གཏོང་དགོས་ན། འཇོན་ཐང་གསར་པ་དང་གནས་ཚད་གསར་པ་ལྡན་དགོས། “རང་ངོས་བཞི”ལས་ཏང་གིས་རང་ངོས་སྟོབས་ཤུགས་ལ་བརྟེན་ནས་གནད་དོན་ཤེས་རྟོགས་དང་། འཁྱོག་པར་ཡོ་བསྲང་། གསར་གཏོད་ལ་སྐུལ་འདེད། སྲིད་འཛིན་ནུས་པ་མངོན་འགྱུར་བཅས་ཁྱོན་ཡོངས་མཐོར་འདེགས་ཀྱི་འཁོར་རྒྱུག་བཟང་པོ་གྲུབ་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་ཏང་གི་ངོ་བོའི་དམིགས་ཡུལ་མི་བརྗེད་པར་རང་ཉིད་ལ་ལྷག་པའི་གནད་དོན་ལ་ཁ་གཏད་གཅོག་ཕོད་པ་དང་རུད་འབྲད་དུག་སེལ་གྱི་ཆོད་སེམས་དང་སྙིང་སྟོབས་ལ་བརྟེན་ནས། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ལ་གནོད་པའི་རྒྱུ་རྐྱེན་མཐའ་དག་བསལ་ན་ཏང་གིས་ཡུན་རིང་སྲིད་འཛིན་པའི་ཆ་རྐྱེན་འོག“རང་ངོས་བཞིའི”ཐབས་ལམ་ནུས་ལྡན་ཞིག་ཆགས་རྒྱུ་ཡིན་པ་ལག་ལེན་གྱིས་ར་སྤྲོད་བྱུང་ཡོད།
              རང་རེའི་ཏང་ནི་གསར་བརྗེའི་ཆེད་དུ་དབུ་བརྙེས་པ་ཞིག་དང་རང་ངོས་གསར་བརྗེ་ཕོད་པ་བྱ་རྒྱུ་ནི་ཀྲུང་གོ་གུང་ཁྲན་ཏང་མིའི་ཁྲག་རྒྱུན་དུ་འདྲེས་པའི་ཆབ་སྲིད་ཀྱི་གཞི་རྒྱུ་ཞིག་རེད་ལ། རང་རེའི་ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་ནམ་ཡང་གནས་པའི་མཆོག་ནོར་ཞིག་ཀྱང་རེད། “ངེས་པར་དུ་ལྔ”མཐའ་འཁྱོངས་དང“རང་ངོས་བཞི”མངོན་འགྱུར་བྱས་ཚེ། ང་ཚོས་རྙིང་དོར་གསར་འཛུགས་དང་རྩ་བ་གཙང་མ་གསར་གཏོད་བྱེད་སྐབས་རང་ངོས་ཀྱི་མཆོང་སྐྱོད་མངོན་འགྱུར་ཐུབ་པ་དང་ཏང་གི་རང་ངོས་གསར་བརྗེར་བརྟེན་ནས་ཏང་གིས་མི་དམངས་ལ་འགོ་ཁྲིད་བྱས་ཏེ། རླབས་ཆེན་གྱི་སྤྱི་ཚོགས་གསར་བརྗེར་སྐུལ་འདེད་བཏང་ནས་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་རྒྱུན་ཆད་མེད་པར་སྐྱེ་སྟོབས་དང་གསོན་ཤུགས་སྣོན་དགོས།