ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཁ་ཕྱོགས་གསར་པ་དང་ལས་འགན་གསར་པར་གཞི་བཙུགས་ནས་བོད་ཀྱི་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས། ​ —— རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་རྒྱལ་ཁའི་ངང་གྲོལ་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ།

སྤེལ་དུས 2019-01-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
                  སེམས་མཐུན་འཆར་གཞི་ཆེ་ཤོས་ལེགས་པར་བཀོད། རླབས་ཆེན་ཀྲུང་གོའི་ཕུགས་འདུན་མཉམ་དུ་གཏོད། མཐུན་སྒྲིལ་དམངས་གཙོ་དང་། ཐུན་མོང་ངོས་འཛིན་གཅིག་སྒྲིལ། དངོས་སྒྲུབ་གསར་གཏོད། དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་ཀྱི་རྣམ་པའི་ཁྲོད་སྲིད་གྲོས་ཨུ་ཡོན་ཡོངས་ཀྱི་ཐུན་མོང་གི་འབད་བརྩོན་བརྒྱུད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་གྲོས་རིམ་ཁག་ཐུགས་གྲ་ལེགས་འགྲིག་བྱུང་ནས་རྒྱལ་ཁའི་ངང་གྲོལ་བ་རེད། ང་ཚོས་ཚོགས་ཆེན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་བར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུ་རྒྱུ་ཡིན།
                  དེ་ནི་སེམས་ནུས་གཅིག་སྒྲིལ་དང་ཐུན་མོང་གི་ངོས་འཛིན་ཟབ་ཏུ་གཏོང་བའི་ཚོགས་ཆེན་ཞིག་རེད། ཚོགས་ཆེན་ལ་ཞུགས་མཁན་ཨུ་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་སྤྲོ་སེམས་རབ་ཏུ་ཁེངས་བཞིན་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། མི་དམངས་སྲིད་གྲོས་ཀྱི་ལས་དོན་ལ་ཤུགས་སྣོན་དང་ལེགས་བཅོས་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་ཡོད། ཚོགས་འདུའི་རིང་། ཝུའུ་དབྱིང་ཅེ་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་རིགས་ཁོངས་ཁག་གི་ཚོགས་ཆུང་ནང་ཞུགས་ནས་ཨུ་ཡོན་ཚོ་དང་གྲོས་མོལ་སྤེལ་རེས་གནང་བ་དང་། འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ཇུས་ཆེན་ལ་ཐུན་མོང་ཐོག་གྲོས་བསྡུར་གནང་བ་དེ་ཐོག་ནས་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་། ཐུགས་ཁུར། རྒྱབ་སྐྱོར་བཅས་གནང་བ་དང་སྲིད་གྲོས་ཨུ་ཡོན་ཚོར་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་གང་ལེགས་མཚོན་ཡོད། ཚོགས་འདུ་རྒྱལ་ཁའི་ངང་འཚོགས་པ་དེ་ཐོག་ནས་འགག་སྒྲོལ་དཀའ་སེལ་བྱེད་པའི་ལྗོངས་ཡོངས་ཀྱི་སྲིད་གྲོས་ཨུ་ཡོན་ཚོའི་ཡིད་ཆེས་ཆེ་རུ་དང་ཆོད་སེམས་སྔར་བས་བརྟན་དུ་ཕྱིན་ནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་འགྲིལ་ངེས་རེད།
                  དེ་ནི་རང་འགན་གཙང་སྒྲུབ་དང་གྲུབ་འབྲས་གཡུར་དུ་ཟ་བའི་ཚོགས་ཆེན་ཞིག་རེད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་འགན་འཁྲིའི་འདུ་ཤེས་ཟབ་མོ་ཁོག་ཏུ་འཆང་བ་དང་ལྷག་བསམ་རྣམ་དག་ངང་མི་དམངས་ལ་བརྩེ་སེམས་བཅངས་ཏེ་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་རང་འགན་གཙང་སྒྲུབ་བྱས་ཡོད། ཚོགས་འདུའི་ཐོག་སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་དང་གྲོས་གཞིའི་ལས་དོན་གནས་ཚུལ་གྱི་སྙན་སྒྲོན་གསན་ནས་གྲོས་ཞིབ་གནང་བ་དང་། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཟུར་ཞུགས་གནང་ནས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་དེ་བཞིན་འབྲེལ་ཡོད་སྙན་སྒྲོན་གཞན་དག་གསན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ། སྲིད་གྲོས་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་རྒྱུན་ལས་ཨུ་ཡོན་གསབ་འདེམས་གནང་བ། གྲོས་ཆོད་ཁག་ལ་གྲོས་ཞིབ་གནང་ནས་གྲོས་འཆམ་བཅས་བྱུང་ཡོད། ཨུ་ཡོན་ཚོས་དམངས་གཙོའི་དབང་ཆར་བརྩི་མཐོང་དང་གཏམ་བཤད་སྤེལ་བའི་གོ་སྐབས་ལ་གཅེས་སྤྲས་བྱས་ཏེ་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ནན་ཏན་ངང་བསྒྲུབས་པ་དེ་ཐོག་ནས་བོད་ཀྱི་སྲིད་གྲོས་ཀྱི་མཐུན་སྒྲིལ་དང་། དམངས་གཙོ། ཞི་མཐུན་བཅས་ཀྱི་གྲོས་མོལ་གྱི་རྣམ་པ་ཞིག་མངོན་པ་དང་། རྒྱ་ཆེའི་ཨུ་ཡོན་ཚོས་ཏང་ལ་དགའ་ཞེན་དང་། རྒྱལ་ཁབ་ལ་དགའ་ཞེན། སྤྱི་ཚོགས་རིང་ལུགས་ལ་དགའ་ཞེན་བཅས་བྱེད་པའི་རྒྱལ་གཅེས་ཀྱི་བརྩེ་སེམས་གང་ལེགས་མངོན་ཡོད།
                  དེ་ནི་དར་ཆ་གསལ་སྟོན་དང་རླབས་ཆེན་བྱ་གཞག་ཐུན་མོང་ཐོག་གཏོད་པའི་ཚོགས་ཆེན་ཞིག་རེད། ཨུ་ཡོན་ཚོས་འདས་ཟིན་པའི་ལོ་གཅིག་ནང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་དམིགས་བསལ་གྱི་ཐུགས་ཁུར་འོག་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་ཚད་མཐོའི་གདེང་འཇོག་གནང་བ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ནི་དངོས་ཐོག་བདེན་འཚོལ་དང་། མི་སེམས་ལ་ལྕག་སྐུལ་ཐེབས་པ། དམིགས་ཚད་ཁ་གསལ་བ། བྱ་ཐབས་ནུས་ལྡན་བཅས་ཡིན་པའི་ཚད་མཐོའི་གདེང་འཇོག་གནང་བ་རེད། ཨུ་ཡོན་ཚོས་མི་དམངས་སྲིད་གྲོས་ཀྱི་ལམ་ལུགས་སྔར་བས་འཐུས་ཚང་དང་སྔར་བས་བརྟན་པོ་ཡོང་རྒྱུར་སྐུལ་འདེད་གཏོང་བ་དང་ཆེད་དོན་གྲོས་མོལ་སྒྲིག་གཞིའི་ནུས་པ་འདོན་སྤེལ་ཡག་པོ་བྱེད་པའི་དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པ་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དང་མང་ཚོགས་ཀྱིས་ཡོངས་ཁྱབ་ངང་དོ་ཁུར་བྱེད་པའི་གླེང་མང་བ་དང་དཀའ་གནད་ཀྱི་གནད་དོན་ལ་དམིགས་ནས་གང་བསམ་ལྷུག་གླེང་དང་ཐབས་འདོན་ཇུས་འདོན་གྱིས་ལྟ་བ་ཡང་དག་པ་དང་རྩ་ཆེའི་གྲོས་འགོ་མང་པོ་ཞིག་བཏོན་པ་དེས་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ཀྱི་ལེའུ་གསར་པ་ཧུར་ཐག་རྩོམ་རྒྱུའི་ངོས་ནས་བརྗོད་ན་དོན་སྙིང་གལ་ཆེན་ལྡན་ཡོད།
                  དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་ཁ་ཕྱོགས་གསར་པ་དང་ལས་འགན་གསར་པར་གཞི་ཚུགས་པའི་སྲིད་གྲོས་ལས་དོན་ནི་ཕུགས་རྒྱང་ཆེན་པོ་ལྡན་ལ་སྒྲུབ་རིན་ཡང་ཆེན་པོ་ཡོད། འདི་ལོ་ནི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པའི་ལོ་ཞིག་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་འགག་རྩའི་ལོ་ཞིག་ཀྱང་རེད་ལ། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་། མི་དམངས་སྲིད་གྲོས་དབུ་བརྙེས་ནས་ལོ་70འཁོར་བ། བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བ། བོད་ལྗོངས་སྲིད་གྲོས་དབུ་བརྙེས་ནས་ལོ་60འཁོར་བ་བཅས་ཀྱི་ལོ་ཞིག་ཀྱང་རེད། སྤྱི་ཚོགས་རིགས་ཁོངས་ཁག་གི་མང་ཚོགས་དང་འབྲེལ་བ་བྱེད་པའི་སྒྲོག་ཐག་ཅིག་ཡིན་པའི་ངོས་ནས་བརྗོད་ན། ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་། སྲིད་གྲོས་ཁོངས་ཞུགས་ཚན་པ། རྒྱ་ཆེའི་ཨུ་ཡོན་བཅས་ཀྱིས་རྒྱལ་ཡོངས་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་སྤྱིའི་བཀོད་སྒྲིག་དང་ལྗོངས་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་བཞུགས་མོལ་ཚོགས་འདུའི་ཞིབ་ཕྲའི་བླང་བྱ་གཞིར་བཟུང་། ད་རེས་ཀྱི་ཚོགས་འདུའི་བཀོད་སྒྲིག་ལྟར་ཇུས་འདོན་སྲིད་དོན་སྐྱོང་རོགས་དང་ཐུན་མོང་གི་ངོས་འཛིན་གཅིག་མཐུན་བྱ་རྒྱུ་ཕྱོགས་གཉིས་ཀར་ཤུགས་སྣོན་རྒྱག་རྒྱུ་མཐའ་འཁྱོངས་བྱས་ཏེ“དོན་འཁྱོལ་བྱེད་པ”དང“གོང་བུ་གཅིག་ཏུ་འགྲིལ་བའི”ཁྲོད་ལེགས་ཆ་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས།
                  ཆུ་མོའི་རྒྱུན་དུ་གྲུ་བརྒྱ་མཉམ་དུ་བཞུད། འབད་འབུངས་ཧུར་ཐག་བྱས་པས་མདུན་དུ་འབྱོར། ལས་འགན་གསར་པས་མི་དམངས་སྲིད་གྲོས་ལ་འགན་འཁྲི་གསར་པ་དང་ལས་འགན་གསར་པ་དཀྲིས་ཡོད། དམིགས་ཚད་གསར་པ་མངོན་འགྱུར་བྱེད་པར་ལྗོངས་ཡོངས་ཀྱི་གོང་འོག་ཚང་མས་བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་བྱེད་དགོས། ལྗོངས་ཡོངས་ཀྱི་རིམ་ཁག་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོས་མི་དམངས་སྲིད་གྲོས་ཀྱི་ཐོག་མའི་བསམ་འདུན་གྱི་འགན་འཁྲི་རྒྱུན་འཁྱོངས་ལྷོད་མེད་ངང་བློ་ལ་བརྟན་པོར་ངེས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། “གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པ་བཅས་བྱས་ནས་སློབ་སྦྱོང་གཏིང་ཟབ་བྱས་ཏེ་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་པའི་ཐད་མཐོ་ཚད་གསར་པར་སླེབས་པ་དང་། ཐོག་མའི་བསམ་འདུན་མ་བརྗེད་པར་ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་གྲུབ་འབྲས་གསར་པ་མངོན་འགྱུར་ཡོང་བ། ལག་ལེན་གསར་གཏོད་བྱས་ནས་བསམ་བློ་ཆབ་སྲིད་ཀྱིས་སྣེ་ཁྲིད་བྱེད་པའི་ཐད་ཚད་བརྒལ་གསར་པ་མངོན་འགྱུར་ཡོང་བ། སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་ནས་སྤྱི་ཡོངས་ལ་ཞབས་འདེགས་ཞུ་རྒྱུའི་ཐད་བྱས་རྗེས་གསར་པ་འཇོག་པ། ལེགས་ཆ་བརྟན་དུ་བཏང་ནས་རང་ངོས་འཛུགས་སྐྱོང་ཐད་འགན་འཁྲི་གསར་པ་མངོན་འགྱུར་ཡོང་བ་བཅས་བྱས་ཏེ་བོད་ལྗོངས་སྲིད་གྲོས་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས།
                  ཀུན་གྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཚེ་རྒྱལ་ཁ་ཐོབ་ངེས་ཡིན་པ་དང་། ཀུན་གྱི་བློ་རིག་གཅིག་ཏུ་བསྡུས་ཚེ་སྒྲུབ་མི་ཐུབ་པའི་བྱ་བ་མེད་པ་ལྟར། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ནམ་ཡང་ལྷོད་གཡེང་མི་གཏོང་བའི་བསམ་བློའི་འཁྱེར་སོ་དང་ཞུམ་མེད་མདུན་སྐྱོད་ཀྱི་འབད་འཐབ་ཐོག་ནས་དགོངས་པ་གསར་པ་དང་རིགས་པའི་གཞུང་ལུགས་གསར་པ་སློབ་སྦྱོང་ལག་བསྟར་དང་བཀོད་སྒྲིག་གསར་པ་དང་བླང་བྱ་གསར་པ་ལག་བསྟར་དོན་འཁྱོལ་བྱས་ཐོག་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་། མཐུན་སྒྲིལ་འབད་འཐབ་བྱེད་པ། ལས་དོན་ཏན་ཏིག་སྒྲུབ་པ་བཅས་བྱས་ཏེ་དུས་རབས་གསར་པའི་བོད་ཀྱི་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་ཧུར་ཐག་བཏོད་ནས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་གྱི་བོད་ཀྱི་ལེའུ་རྩོམ་རྒྱུར་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས།