ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཐུན་མོང་ཐོག་ཏུ་ལྡུང་དྲ་གཏོད། གཙང་གསུམ་ཆུ་འགོར་སྲུང་སྐྱོང་བྱེད།

སྤེལ་དུས 2019-01-21 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
          དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཀྲོའུ་རྨ་སྟོད་རྫོང་གི་མཚོ་སྔོ་རིང་ཁ་བས་བཀླུབས་ཏེ་དེ་བས་ལྟ་ན་སྡུག་ཅིང་ལྷིང་ངེར་གནས། རྐྱང་རྣམས་ཀྱིས་མཚོ་འགྲམ་དུ་སོས་དལ་བག་ཕེབས་ངང་རྩྭ་ཟ་བ་དང་ཆུ་བྱ་ཁྱུ་དང་ཁྱུས་མཚོ་ངོས་ནས་ཕར་འཕུར་ཚུར་འཕུར་བྱེད་བཞིན་མཆིས།
          དེ་ལྟ་བུའི་ལྟ་ན་སྡུག་པའི་ཡུལ་ལྗོངས་དེར་སྔོན་མ་ཉམས་ཉེན་བྱུང་མྱོང་ཡོད། ངོ་སྤྲོད་བྱས་པར་གཞིགས་ན། རྨ་སྟོད་རྫོང་དུ་ཕུན་སུམ་ཚོགས་པའི་ཚྭ་མེད་ཆུའི་ཐོན་ཁུངས་དང་སྤུས་དག་གི་འབྲོག་ར་ཡོད་པ་དང་། ཆུ་སྣ་འཛོམས་ལ་མཚེའུ་མང་བས“མཚེའུ་སྟོང་གི་རྫོང”ཞེས་འབོད་སྲོལ་ཡོད། དུས་རབས་གོང་མའི་ལོ་རབས་80པར་རྨ་སྟོད་རྫོང་གི་འབྲོག་ལས་འཕེལ་རྒྱས་མྱུར་པོ་སོང་ཞིང་། ས་གནས་དེ་གའི་འབྲོག་དུད་མང་ཆེ་བར་ནོར་ལུག་བརྒྱ་གྲངས་ཡོད་པ་དང་རྫོང་ཡོངས་ཀྱི་འབྲོག་པ་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྐབས་ཤིག་རིང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ནས“རྫོང་ཕྱུག་ཤོས”ཞེས་འབོད་སྲོལ་ཡོད།
          འོན་ཀྱང་། ཕྱུགས་རིགས་འཚོས་དྲགས་པར་བརྟེན་རྩྭ་ཁ་ཉམས་ནས་རྨ་སྟོད་ཀྱི་སྣོད་བཅུད་ཁོར་ཡུག་རིམ་བཞིན་ཇེ་སྡུག་ཏུ་སོང་བ་སྟེ། རྩྭ་ཐང་བྱེ་སར་གྱུར་པ་དང་། མཚེའུ་སྐམ་པ། རྒྱུག་ཆུ་ཆད་པ་རེད། རིན་ཐང་ཆེ་ཤོས་ཀྱི་ཆུ་རྩྭའི་ཐོན་ཁུངས་ཤོར་བས་རྨ་སྟོད་རྫོང་གི་སྣོད་བཅུད་ཇེ་སྡུག་ཏུ་སོང་བ་མ་ཟད། འབྲོག་པའི་འཚོ་བ་ཡང་ཉིན་རེ་ལས་མ་འདས་པར་སྐྱོ་རུ་སོང་ཡོད།
          2016ལོར་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་གྱི་ཚོད་ལྟ་བྱ་ཡུལ་དང་པོ་གཙང་གསུམ་ཆུ་འགོར་བཙུགས་པའི་དམིགས་ཡུལ་ནི་ཚན་རིག་དང་མཐུན་ལ་ནུས་ལྡན་གྱི་སྣོད་བཅུད་སྲུང་སྐྱོང་སྒྲིག་སྲོལ་གསར་པ་ཞིག་འཚོལ་ཞིབ་ཀྱིས་འཛུགས་རྒྱུ་དེ་རེད། ལོ་དེ་ནས་འགོ་བཙུགས་ཏེ་གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་སྲོལ་ཚོད་ལྟ་བྱ་ཡུལ་དུ་སྣོད་བཅུད་བདག་སྐྱོང་གི་སྤྱི་ཕན་ལས་གནས་གསར་གཏོད་ཀྱིས་བཙུགས་པ་མ་ཟད། “དུད་ཚང་གཅིག་ལ་ལས་གནས་གཅིག”རིམ་བཞིན་མངོན་འགྱུར་བྱུང་བ་དང་། དུད་ཚང་དབུལ་པོ་རེ་ནས་བདག་སྐྱོང་བ་རེ་སྔོན་ལ་བདམས་ཏེ་གསོ་སྦྱོང་བྱས་པ་དང་ལས་ཀར་ཞུགས་རྗེས་ཟླ་རེ་བཞིན་གླ་ཆ་སྤྲད་པ་དང་ལོ་མཇུག་ཏུ་དཔྱད་ཞིབ་བྱས་པ་རེད།
          གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུ་འོག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་མཱ་ཀུའེ་ཡིས་ངོ་སྤྲོད་བྱས་དོན། རྨ་སྟོད་རྫོང་གིས་རིགས་ཁག་གི་སྣོད་བཅུད་བདག་སྐྱོང་བ་ཁྱོན་3042བཀོད་སྒྲིག་བྱས་པའི་ནང་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་954ཡོད་པ་དང་། ཤང་རིམ་པའི་བདག་སྐྱོང་ས་ཚིགས་4དང་། གྲོང་ཚོ་རིམ་པའི་བདག་སྐྱོང་རུ་ཁག་27 བདག་སྐྱོང་ཡན་ལག་རུ་ཁག་190བཅས་བཙུགས་ཏེ། རྫོང་ཡོངས་ཀྱི་སྣོད་བཅུད་ཁོར་ཡུག་ལ་དྲ་མིག་ཅན་གྱི་དོ་དམ་སྐོར་བཤེར་བྱས་པ་བརྒྱུད། གནད་དེ་ཡུག་ཅིག་ཏུ་གྱུར་བ་དང་དྲ་བ་དེ་ཕྱོགས་ཡོངས་སུ་ཁྱབ་པའི་བདག་སྐྱོང་མ་ལག་ཅིག་ཆགས་ཡོད། རྫོང་ཡོངས་ཀྱི་རྩྭ་ཐང་གི་གཞི་ཁྱོན་ལྟར་ཚོད་རྩིས་བྱས་ན་མི་རེའི་ཆ་སྙོམས་བདག་སྐྱོང་བྱེད་ཁྱོན་མུའུ་ཁྲི་1.2ཟིན་གྱི་ཡོད་པ་རེད།
          ས་རྒྱ་ཆེ་ལ་མི་འབོར་ཉུང་བའི་གཙང་གསུམ་ཆུ་འགོར་སྣོད་བཅུད་བདག་སྐྱོང་མ་ལག་གིས་ནུས་པ་གལ་ཆེན་ཐོན་བཞིན་ཡོད། “སྣོད་བཅུད་བདག་སྐྱོང་བས་རི་དང་། ཆུ། རྩྭ། མཚེའུ་བཅས་ལ་གཞི་གཅིག་ཅན་གྱི་བདག་སྐྱོང་བྱེད་དགོས་་ད། གཞི་རིམ་གྱི་བདག་སྐྱོང་བ་མང་པོས་ལས་ཀ་ཧུར་ཐག་བྱས་པ་བརྒྱུད། རང་བྱུང་ལ་གཏོར་བཤིག་ཕོག་པའི་སྣང་ཚུལ་མངོན་གསལ་དོད་པོས་ཉུང་དུ་སོང་ཡོད་ལ་ཁྲིམས་དང་མ་མཐུན་པར་རྔོན་རྒྱག་པའི་གནས་ལ་ལ་ཡང་བཀག་ཐུབ་ཡོད། སྐྱ་རིང་མཚོ་དང་། མཚོ་སྔོ་རིང་། ཤིང་ཤིང་མཚོ་བཅས་མཐའ་འཁོར་གྱི་སྣོད་བཅུད་ཁོར་ཡུག་ལེགས་སུ་སོང་བ་དང་། རྩྭ་རྩི་ཤིང་གི་ཁྱབ་རྒྱ་མངོན་གསལ་དོད་པོས་ཆེ་རུ་སོང་བ། ཆུ་ཁུངས་དང་ཆུ་སྤུས་ལེགས་སུ་ནུས་ལྡན་སོང་བ་དང་ཆབས་ཅིག བདག་ཏུ་མ་བཟུང་བའི་སྲོག་ཆགས་ཀྱང་ཟམ་མི་ཆད་པར་མང་དུ་སོང་འདུག”ཅེས་མཱ་ཀུའེ་ཡིས་བཤད།
          ད་ཆ། མཚེའུ་སྟོང་གི་མཛེས་ལྗོངས་སླར་གསོ་བྱུང་ཞིང་། བསྡོམས་རྩིས་བྱས་པར་གཞིགས་ན། ལོ་10ཡི་རིང་མཚོ་སྐྱ་རིང་དང་མཚོ་སྔོ་རིང་གི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་80ལྷག་ཙམ་ཆེ་རུ་སོང་ཡོད་པ་རེད། བརྟག་དཔྱད་ལས་མངོན་པར། གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་གི་རྨ་ཆུའི་ཆུ་འགོ་ཁུལ་གྱི་མཚོ་སྐྱ་རིང་དང་མཚོ་སྔོ་རིང་སོགས་གལ་ཆེན་གྱི་འདམ་རའི་ཆུ་བྱ་འཚོ་ཁུལ་གྱི་སྣོད་བཅུད་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་སོང་བ་དང་ཆུ་བྱའི་གྲངས་འབོར་དང་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ཡང་ཕུན་སུམ་ཚོགས་སུ་སོང་ཡོད་པ་རེད།