ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

བྱ་སྤྱོད་དངོས་ལ་བརྟེན་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་དགོས།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཧྥན་ལུའུ།
           མིག་སྔའི་དུས་བབ་འོག་དབུལ་སྒྲོལ་འགག་སྒྲོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པ་ནི་སྤྱི་ཚོགས་བརྟན་ལྷིང་དང་འཕེལ་རྒྱས་ཀྱི་དགོས་མཁོ་དང་། བབ་བསྟུན་མདུན་སྐྱོད་དང་དམག་འཐབ་འབྲས་བུ་བརྟན་དུ་གཏོང་བའི་དགོས་མཁོ། སྲ་བརྟན་དང་གོང་མཐོར་གཏོང་བ་དང་སྤྱི་ཚོགས་ཀྱི་ལས་རིགས་ཁག་གི་ཞིབ་བཤེར་དང་ལེན་བྱེད་པའི་དགོས་མཁོ། གོ་སྐབས་དམ་འཛིན་གྱིས་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་དགོས་མཁོ་བཅས་རེད། དེར་བརྟེན་དབུལ་སྒྲོལ་འགག་སྒྲོལ་འདི་ཉིད་ཆབ་སྲིད་ཀྱི་ལས་འགན་ཆེ་ཤོས་དང་། དམངས་འཚོའི་འདུ་འགོད་ཆེ་ཤོས། འཕེལ་རྒྱས་ཀྱི་གོ་སྐབས་ཆེ་ཤོས་བཅས་ལ་བརྩིས་ནས་མུ་མཐུད་དམ་འཛིན་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ཁག་གཏིང་ཟབ་དང་། ཞིབ་ཚགས། ཏན་ཏིག་བཅས་སྒྲུབ་དགོས། སྨྱུག་འཛིན་པས་ལས་སླ་པོར་བྱུང་བ་ཞིག་མིན་པའི་དབུལ་སྒྲོལ་གྲུབ་འབྲས་སྲ་བརྟན་དང་གོང་མཐོར་གཏོང་དགོས་ཚེ་ངེས་པར་དུ་གཤམ་གསལ་དོན་ཚན་ནས་འགོ་འཛུགས་དགོས་པའི་ངོས་འཛིན་བྱེད་ཀྱི་ཡོད།
           མིག་སྔར་མང་ཚོགས་ཀྱི་གཞི་རྩའི་འཚོ་བ་ལེགས་སུ་ཆེན་པོ་ཕྱིན་མོད། འོན་ཀྱང་རིམ་ཁག་སྲིད་གཞུང་གིས་ད་དུང་མི་དམངས་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་ཀྱི་ཡོད། ཞིབ་པར་བཤད་ན་གྲོང་གསེབ་ཀྱི་སྤྱི་ཚོགས་རྒན་གསོ་འགན་བཅོལ་དང་། སྨན་བཅོས་འགན་བཅོལ། མ་མཐའི་འཚོ་བའི་འགན་ལེན་སོགས་གྲོང་གསེབ་ཀྱི་སྤྱི་ཚོགས་འགན་སྲུང་མ་ལག་འཛུགས་སྐྲུན་ནས་འགོ་བཙུགས་ཏེ་གྲོང་གསེབ་ཀྱི་སྤྱི་པའི་རིག་གནས་ཞབས་ཞུའི་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་བཏང་ནས་གྲོང་གསེབ་ཀྱི་རིག་གནས་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས།
           དབུལ་སྐྱོར་བྱེད་པར་ད་དུང་བློ་སྐྱོར་བྱེད་དགོས། དམངས་ཆེད་བྱ་བ་དངོས་སྒྲུབ་པ་དང་དངོས་ཕན་སྦྱིན་པ་དང་ཆབས་ཅིག་གཞི་རིམ་ཏང་ཡོན་ལས་བྱེད་པའི་བསམ་བློའི་སློབ་གསོ་དང་ལས་སྒོ་གསོ་སྦྱོང་དང་། གྲོང་གསེབ་ཀྱི་སྤྱི་ཚོགས་བདེ་འཇགས་དོ་དམ། བཅའ་ཁྲིམས་དྲིལ་བསྒྲགས་སློབ་གསོའི་ཞབས་ཞུ་དང་ཡིག་བསྐུར་ངོ་བཅར་ལས་དོན་བཅས་ལ་སྔར་བས་མཐོང་ཆེན་བྱས་ཏེ་ཏང་ཡོན་ལས་བྱེད་པའི“འདུ་ཤེས་བཞི”ཟབ་ཏུ་ཏན་ཏིག་གཏོང་བ་དང་། གཞི་རིམ་ལས་བྱེད་པའི་གནད་སྨིན་དབུལ་སྐྱོར་ལས་དོན་གྱི་འཇོན་ཐང་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་བ། ཞིང་པ་མང་ཚོགས་ཀྱི་བསམ་བློ་ཀུན་སྤྱོད་དང་ཚན་རིག་རིག་གནས་ཀྱི་བྱང་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དང་མཐུན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ་འཛུགས་སྐྲུན་དང་འཚམ་པའི་ཁྱིམ་སྲོལ་བཟང་པོ་དང་། ཡ་རབས་ཤང་སྲོལ། ཤང་གི་རིག་གནས་བཅས་སྐྱེད་སྲིང་ཤུགས་ཆེན་བྱེད་དགོས།
           དབུལ་སྒྲོལ་བྱས་ཀྱང་སྔར་བཞིན་དཀའ་ངལ་ཡོད་པའི་མང་ཚོགས་དང་དབུལ་སྒྲོལ་ཐུབ་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་རོགས་སྐྱོར་གྱི་བྱེད་ཐབས་སྣ་མང་མཉམ་དུ་སྤྱད་ནས་དོན་དངོས་ལ་གཞི་ཚུགས་པ་དང་བྱེད་ཐབས་གསར་གཏོད་བྱས་ཏེ་ལས་གཏོད་རོགས་སྐྱོར་དང་། ལས་ཞུགས་ལས་གཏོད་རོགས་སྐྱོར། ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར། སྤྱི་ཚོགས་ཀྱི་རོགས་རམ། སྲིད་ཇུས་ཀྱི་རོགས་སྐྱོབ་སོགས་ཕྱོགས་ཡོངས་ནས་ལག་ལེན་བསྟར་དགོས། ངལ་རྩོལ་ནུས་ཤུགས་ལྡན་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་རྒྱུན་མཐུད་ངང“ལས་ཞུགས་དང་ཐོན་ལས་ཟུང་དུ་འབྲེལ་བའི”རོགས་སྐྱོར་བྱས་ཏེ་ཡོང་འབབ་བརྟན་པོའི་ངང་འཕར་བ་དང་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་བ་དང་། ངལ་རྩོལ་ནུས་ཤུགས་མེད་པའི་ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་ལ་མུ་མཐུད“སྤྱི་ཚོགས་འགན་སྲུང་དང་རྣམ་གྲངས་ཀྱི་ཁེ་འབབ་ཟུང་དུ་འབྲེལ་བའི”རོགས་སྐྱོབ་བྱས་ནས་འཚོ་བའི་སྤུས་ཚད་སྔར་བས་མཐོ་རུ་གཏོང་དགོས།
རྩོམ་སྒྲིག་པ། ཚེ་རིང་།