ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

ཤུགས་གནད་སྨིན་བཏོན་ནས་གསར་གཏོད་རྣམ་པའི་གྲོང་ཁྱེར་འཛུཌ་སྐྱོང་ཧུར་ཐག་བྱེད་དགོས།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ལུའུ་ཝུན་ཅིང་གིས།
           ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་རྒྱལ་ཁབ་ཀྱི་གསར་གཏོད་རྣམ་པའི་གྲོང་ཁྱེར་བདེ་བླག་ངང་སྐྲུན་པ་གོ་སྐབས་སུ་བྱས་ཏེ་ཁྱད་ལྡན་ཞིང་འབྲོག་ལས་ཚན་རྩལ་དང་། དེང་རབས་ཐོན་ལས་ལག་རྩལ་གསར་གཏོད་དང་ཚན་རྩལ་ཁྱབ་གདལ་སོགས་ལས་དོན་ལ་སྐུལ་འདེད་ཤུགས་ཆེན་བཏང་བས་ཚན་རྩལ་གསར་གཏོད་ཀྱི“སྣེ་ཁྲིད”དང“འདེཌ་སྐྱོར”གྱི་ནུས་པ་ཟམ་མི་ཆད་པར་མངོན་ཡོད། འདི་ལོ་ཚུན། གྲོང་ཁྱེར་ཡོངས་ཀྱིས་ཚན་རྩལ་ཡར་ཐོན་ལ་ལེགས་སྐྱེས་འབུལ་ཚད་49.7%ཟིན་པ་དང་། ཞིང་འབྲོག་ལས་ཀྱིས་ཚན་རྩལ་ལ་ལེགས་སྐྱེས་འབུལ་ཚད་46.9%ཟིན་པ། ཚན་རྩལ་ཁྱབ་གདལ་ཐུབ་ཚད་91%ཟིན་ཡོད་པ་རེད།
           འདུ་ཤེས་གསར་སྒྱུར་ནི་གསར་གཏོད་ཀྱི་འབྱུང་ཁུངས་རེད། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་བསྟར་བར་ངེས་པར་དུ་བསམ་བློར་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་གསར་བརྗེས་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱས་ཏེ། བསམ་བློར་བཅིངས་འགྲོལ་ཆེ་མོ་དང་འདུ་ཤེས་གསར་བརྗེས་ཆེ་མོར་བརྟེན་ནས་གསར་གཏོད་དང་། སྒོ་དབྱེ། འཕེལ་རྒྱས་ཆེ་མོ་བཅས་ལ་སྐུལ་འདེད་གཏོང་དགོས། གནས་ཚུལ་གསར་པར་ཞིབ་འཇུག་དང་། གནད་དོན་གསར་པར་དབྱེ་ཞིབ། ཉམས་མྱོང་གསར་པ་སློབ་སྦྱོང་བཅས་ལ་མཐོང་ཆེན་བྱས་ནས། གསར་གཏོད་དང་། སྒོ་དབྱེ། འཕེལ་རྒྱས་བཅས་ལ་སྣེ་ཁྲིད་སྟངས་འཛིན་བྱེད་པའི་འཇོན་ཐང་དང་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་སྟེ། སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་མཐོང་ཆེན་བྱེད་པའི་རྣམ་པ་ཟབ་མོ་ཞིག་གཏོད་དགོས། “བརྩི་འཇོག་བཞི”ཡི་རིན་ཐང་གི་སྟོན་ཕྱོགས་ལ་ཤུགས་སྣོན་རྒྱུན་ཆད་མེད་པར་བརྒྱབ་སྟེ་གསར་གཏོད་ལ་བརྩི་མཐོང་བྱེད་པའི་སྤྱི་ཚོགས་ཀྱི་དར་སྲོལ་ཞིག་གང་མགྱོགས་ཆགས་པར་བྱས་ནས་གསར་གཏོད་ཀྱི་བློ་གྲོས་འདོན་སྤེལ་གང་ལེགས་དང་གསར་གཏོད་ཀྱི་སྟོབས་ཤུགས་གང་མང་མངོན་པར་བྱེད་དགོས།
           གསར་གཏོད་ལ་སྐུལ་འདེད་གཏོང་བའི་རྩ་བ་ནི་ཤེས་ལྡན་པར་སྐུལ་འདེད་གཏོང་རྒྱུ་དེ་རེད། རིགས་ཁག་གི་གསར་གཏོད་ཀྱི་ཤེས་ལྡན་པ་འདུ་འཛོམས་ལ་སྐུལ་འདེད་མགྱོགས་མྱུར་བཏང་སྟེ་ཐོན་ལས་རིམ་སྤོར་དང་ལག་རྩལ་གསར་གཏོད་ལ་རིག་སྟོབས་ཀྱི་རྒྱབ་སྐྱོར་དང་། “སྣེ་ཁྲིད་ཤེས་ལྡན་པ+གསར་གཏོད་ཚོགས་པ”ནང་འདྲེན་བྱེད་སྟངས་ཁྱབ་གདལ་ཧུར་ཐག་གཏོང་བ། རིམ་པ་མཐོ་བའི་ཤེས་ལྡན་པར་རྣམ་གྲངས་དང་ལག་རྩལ་ཁྱེར་ནས་གསར་གཏོད་ལས་གཏོད་བྱེད་པར་ལྕག་སྐུལ་གཏོང་བ་བཅས་བྱེད་དགོས། རྩལ་ནུས་ལེགས་པའི་ཤེས་ལྡན་པའི་དཔུང་ཁག་ལ་དམ་འཛིན་ཡག་པོ་དང་། ལས་རིགས་སློབ་གླིང་ཁག་གིས་ཁྲོམ་རའི་སྟོན་ཕྱོགས་གཞིར་བཟུང་སློབ་གྲྭ་གཉེར་རྒྱུ་མཐའ་འཁྱོངས་། རང་འགུལ་ངང་གསར་གཏོད་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་པ། ཐོན་ལས་ཀྱི་དགོས་མཁོར་གཞིགས་པའི་ཤེས་ལྡན་པ་གསོ་སྦྱོང་གི་སྒྲིག་སྲོལ་བཟོ་བ་བཅས་བྱེད་དགོས། “གཉིས་གཏོད”ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཡིད་དབང་འགུགས་ནུས་དེ་བས་ཆེ་བའི་སྲིད་ཇུས་འདོན་པ། དེ་བས་འཐུས་ཚང་གི་ལས་སྟེགས་དང་གཞི་རྟེན་འཛུགས་པ་བཅས་བྱས་ཏེ“གཉིས་གཏོད”ཀྱི་ཤེས་ལྡན་པར་ལས་གཏོད་བྱེད་པར་གོ་སྐབས་ཡོད་པ་དང་། འཕེལ་རྒྱས་གཏོང་བར་བར་མཐོངས་ཡོད་པ། ལས་ཀ་བསྒྲུབ་ཡུལ་ཡོད་པ་བཅས་བྱེད་དགོས།
རྩོམ་སྒྲིག་པ། ཚེ་རིང་།