ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་ནས་སྤུས་ཚད་མཐོ་པོའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་དགོས།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཀྲའོ་རུའེ་དབྱང་།
                ཉེ་ཆར། རང་སྐྱོང་ལྗོངས་སྤྱི་ཁྱབ་བཟོ་ཚོགས་ཀྱིས་གཙོ་གཉེར་བྱས་པའི་2018ལོ་འཁོར་གྱི“བོད་ཀྱི་བཟོ་བོའི”མིང་ཐོ་ཁྱབ་བསྒྲགས་ཀྱི་མཛད་སྒོ་ལྷ་སར་འཚོགས་ཤིང་། ཨར་སྐྲུན་དང་། སྨན་བཅོས། ཞིང་འབྲོག གློག་ཤུགས་འཛུགས་སྐྲུན་སོགས་ལས་རིགས་ཀྱི་མི་སྣ་བདུན་ལ“བོད་ཀྱི་བཟོ་བོའི”མཚན་སྙན་ཐོབ་པ་རེད།
                ཐེངས་འདིར་གཟེངས་བསྟོད་བྱས་པའི“བོད་ཀྱི་བཟོ་བོ”དག་ནི་རང་ལྗོངས་ཀྱི་ལས་རིགས་ཁག་གི་རིགས་གཅིག་མཁས་ཅན་གྱི་ཚད་ཤིང་ལྟ་བུ་རེད། ཁོང་ཚོས་ལས་གཅེས་དང་། ཡར་བརྩོན། གཅིག་སྒྲིམ། གསར་གཏོད་བཅས་བྱས་ཏེ་རང་འཁྲིའི་ལས་ལ་དགའ་ཞེན་བྱས་ནས་ལས་རྗེས་བཟང་པོ་བཏོད་ཡོད། ཁོང་ཚོ་ནི་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་རྐང་འཛིན་སྟོབས་ཤུགས་རེད་ལ། ཁ་བཤད་ལག་བསྟར་དང་། མདུན་གྲལ་དུ་བསྐྱོད་པ། དཔའ་ངར་ཆེན་པོས་མདུན་སྐྱོད་བཅས་བྱེད་པའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་མཁན་ཡང་རེད།
                “བོད་ཀྱི་བཟོ་བོ”དྲིལ་བསྒྲགས་སློབ་སྦྱོང་བྱ་རྒྱུ་ནི་སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་བསྟར་དང་། ངལ་རྩོལ་དཔེ་བཟང་བའི་སྙིང་སྟོབས་དང་ངལ་རྩོལ་སྙིང་སྟོབས་དར་སྤེལ་གཏོང་བའི་ལག་ལེན་དངོས་ཤིག་རེད། “བོད་ཀྱི་བཟོ་བོར”སློབ་སྦྱོང་བྱེད་པར་ལས་རིགས་ཀྱི་སྤྱོད་ལམ་ཧུར་ཐག་བསྲུངས་ནས་སྙིང་རུས་ཆེན་པོས་ཤེས་བྱ་གསར་པ་སློབ་སྦྱོང་དང་། རྩལ་ནུས་གསར་པ་ཁོང་དུ་ཆུད་པ། གསར་གཏོད་བྱེད་ཕོད་པ་བཅས་བྱས་ཏེ་ཡག་ཐོག་ཡག་བརྩེགས་ཀྱི་ཆེད་ལས་རྩལ་ནུས་ལ་བརྟེན་ནས་རང་ལྗོངས་འཕེལ་རྒྱས་ཡག་པོ་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ལ། བཟོ་བོའི་འདུ་ཤེས་་འཛུཌ་པ་དང་། བཟོ་བོ་སྐྱོང་བ། རྩེར་སོན་གཏོད་པ་བཅས་བྱས་ཏེ་རང་ལྗོངས་ཀྱིས་ཡང་ནས་ཡང་དུ་གསར་གཏོད་བྱེད་པའི་སྒུལ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས།
                བཟོ་བོའི་འདུ་ཤེས་འཛུགས་པར་ཐོག་མའི་བསམ་འདུན་བརྟན་པོ་འཛུགས་པ་དང་། ལས་གཅེས་ལས་བརྩོན། རྩ་བ་བརྟན་སྲུང་གིས་གསར་གཏོད་བཅས་བྱེད་དགོས། འཚབ་འཚུབ་དང་འུད་སྒྲོག་སྤང་བ་དང་། ཡུལ་པོ་བཟོད་ཐུབ་པ་དང་འབད་འབུངས་ལྷོད་མེད་བྱེད་པ། རང་འཁྲིའི་ལས་གནས་བརྟན་སྲུང་གིས་ལས་ཀ་ཡག་པོར་སྒྲུབ་པ། གཟབ་ནན་གྱི་རྣམ་འགྱུར་ཐོག་ནས་ཐོན་རྫས་དང་ཞབས་ཞུའི་དབར་གྱི་ཞིབ་ཆ་ཚང་མ་ཚད་ལྡན་ངང་ལེགས་སྒྲུབ་བཅས་བྱེད་དགོས། བཟོ་བོ་སྐྱོང་བར་སྤྱི་ཚོགས་ཀྱི་རིན་ཐང་ལྟ་བ་འགྱུར་ལྡོག་བཏང་ནས་རྩལ་ནུས་ཤེས་ལྡན་པར་བརྩི་བཀུར་དང་རྩལ་ནུས་ཤེས་ལྡན་པར་མོས་པ། རྩལ་ནུས་ཤེས་ལྡན་པ་ཧུར་ཐག་བྱེད་པ་བཅས་འཕེལ་ཕྱོགས་གཙོ་བོར་འགྱུར་བར་བྱེད་དགོས། ལས་རིགས་སློབ་གསོ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། ལས་རིགས་རྩལ་ནུས་ཀྱི་རིམ་པ་ངོས་འཛིན་བྱེད་པའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རྩལ་ནུས་ཤེས་ལྡན་པ་འཚར་ལོངས་ཡོང་བར་ལས་སྟེགས་དང་ཆ་རྐྱེན་གཏོད་དགོས། རྩེར་སོན་གཏོད་པར་འཕྲལ་ཕན་འཕྲལ་གཉེར་གྱི་བསམ་བློ་དོར་ནས་གསར་གཏོད་དང་གསར་སྐྲུན་གྱི་སྙིང་སྟོབས་ཆེན་པོས་བཟོ་སྐྲུན་གྱི་བཟོ་རྩལ་དང་ཐོན་རྫས་ཀྱི་ནུས་པ་ཆེ་རུ་གཏོང་བ་དང་སྣ་ཁ་དང་། སྤུས་ཚད། སྤུས་རྟགས་སོགས་ཀྱི་ཐད་འབད་བརྩོན་ཧུར་ཐག་བྱས་ཏེ་བརྩམས་ཆོས་རྩེ་གྲ་རེ་རེ་དང་སྤུས་ཚད་ལེགས་པའི་ཐོན་རྫས་ནས་བཟོ་བོའི་སྙིང་སྟོབས་མངོན་པར་བྱེད་དགོས།
རྩོམ་སྒྲིག་པ། ཚེ་རིང་།