ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > དཔྱད་གཏམ། > གསར་ཤོས།

དམངས་གཉེར་སློབ་གསོའི་སྟོབས་ཤུགས་ཆེ་རུ་གཏོང་དགོས།

སྤེལ་དུས 2019-02-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། ཐང་ཏ་ཧྲན།
            ནང་ས་དང་བསྡུར་ན་རང་ལྗོངས་ཀྱི་དམངས་གཉེར་སློབ་གསོའི་སྟོབས་ཤུགས་ལྟོས་བཅས་ཀྱིས་ཞན་པ་དང་། དམངས་གཉེར་སློབ་གསོའི་སྒྲིག་གཞི་མང་ཆེ་བ་སློབ་ཞུགས་གོང་གི་སློབ་གསོ་དང་སྤྱི་ཚོགས་ལས་རིགས་རྩལ་ནུས་གསོ་སྦྱོང་ཐད་གཅིག་སྡུད་བྱས་ཡོད།
            དམངས་གཉེར་སློབ་གསོ་སྟོབས་ཆེར་དང་འཕེལ་རྒྱས་གཏོང་བར་མི་རྣམས་ཀྱི་འདུ་ཤེས་ལ་འགྱུར་ལྡོག་གཏོང་དགོས་ལ། སློབ་གསོའི་ཕྱོགས་ཀྱིས་སྤུས་ཚད་མཐོ་བའི་ཞབས་ཞུ་མཁོ་འདོན་བྱེད་དགོས། ལྷག་པར་དུ་བོད་ལ་མཚོན་ན། མི་ཕལ་ཆེ་བས་གཞུང་བཙུགས་སློབ་གྲྭའི་སྙན་གྲགས་དང་སྤུས་ཚད་ལ་ཡིད་ཆེས་བྱེད་པ་ནི་དངོས་དངོས་རྗེན་རྗེན་གྱི་དོན་དངོས་ཤིག་རེད། ཡིན་ཡང་སྤྱི་ཚོགས་འཕེལ་རྒྱས་དང་སློབ་གསོའི་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས། ང་ཚོས་དམངས་གཉེར་སློབ་གསོའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་དང་སློབ་གསོའི་ཁྱབ་ཁོངས་ཁྲོད་བཟུང་བའི་གནས་བབ་ལའང་མཐོང་ཆེན་བྱེད་དགོས། དམངས་གཉེར་སློབ་གསོར་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་དགོས་ན། ངེས་པར་དུ་མི་རྣམས་ལ་ནུས་ཤུགས་ཡོད་རྒུས་སློབ་གསོའི་ཐོན་ཁུངས་མཁོ་འདོན་བྱེད་དགོས་ཤིང་། གཞོན་ནུ་ལོ་ཆུང་དང་ལྷག་པར་དུ་སློབ་ལོ་མ་ལོན་པའི་བྱིས་པར་ཀུན་སྤྱོད་ལེགས་པོ་ཞིག་འཇགས་པར་གཙིགས་ཆེན་བྱེད་དགོས་ལ། སྤྱི་ཚོགས་ཀྱི་དར་མར་ཕྱོགས་ནས་སྒྲིག་བཀུར་ཁྲིམས་སྲུང་ཁྲོད་རྩལ་ནུས་དང་ལག་རྩལ་སྦྱོང་རྒྱུར་གཙིགས་ཆེན་བྱས་ནས་ངལ་རྩོལ་ཕྱུག་འགྱུར་ལ་ཕན་འདོགས་པ་དང་སྤྱི་ཚོགས་ཞི་མཐུན་ལ་སྐུལ་འདེད་གཏོང་དགོས།
            མིག་སྔར། བོད་འདི་ཉིད་བརྟན་ཐོག་ཡར་འཕེལ་འགྲོ་བཞིན་པའི་དུས་མཚམས་སུ་གནས་པར་བརྟེན། རིཌ་ཁག་གི་ཤེས་ལྡན་མི་སྣ་འབོར་ཆེན་མཁོ་ལ། ལྷག་པར་དུ་རང་ས་གནས་ཀྱི་ཤེས་ལྡན་མི་སྣ་འཚར་ལོངས་ཡོང་དགོས་པས། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐུགས་ཁུར་ཆེན་པོ་གནང་གི་ཡོད། སྒྱུར་བཅོས་ཀྱི་རླབས་རྒྱུན་དང་འགྲོགས་ནས་དམངས་གཉེར་སློབ་གསོས་ཐོབ་པར་དཀའ་བའི་གོ་སྐབས་འདིར་དམ་འཛིན་ལྷོད་མེད་ཀྱིས་རང་ཉིད་ཀྱི་སྟོབས་ཤུགས་ལ་བརྟེན་ནས་སྤྱི་ཚོགས་ཀྱི་ཁས་ལེན་ཐོབ་པར་བྱེད་པ་དང་། ཀུན་ཀྱིས་བསྔགས་བརྗོད་བྱེད་པའི་སྤུས་རྟགས་བཏོད་དེ་བོད་ཀྱི་ས་གཞིར་རྩ་བ་ཚུགས་ནས་ལོ་འདབ་རྒྱས་པ་དང་འབྲས་བུ་འདོགས་པ་བྱེད་དགོས།
            སློབ་གསོ་དར་ན་བོད་ལྗོངས་ཕྱུག་པོ་དང་རྒྱལ་ཁབ་སྟོབས་འབྱོར་ལྡན། ང་ཚོས་དུས་རབས་ཀྱི་འགྲོས་དང་བསྟུན་ནས་མི་དེ་བས་མང་བས་དམངས་གཉེར་སློབ་གསོར་རྒྱབ་སྐྱོར་བྱེད་ངེས་ཡིན་པར་ཡིད་ཆེས་ཀྱིས་ཁེངས་དགོས།